མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨོ་གླིང་ནང་བོད་དོན་གོ་རྟོགས་སྐོར་གྱི་ཚོགས་འདུ་འཚོགས།

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གི་གཞུང་འབྲེལ་གནད་ཡོད་མི་སྣ་ཉི་ཤུ་ཙམ་གྱིས་བོད་དོན་གླེང་སློང་ཞེས་པའི་ཚོགས་འདུ་འཚོགས་ཏེ་བོད་ཀྱི་གནས་སྟངས་སྐོར་ལ་གླེང་སློང་བྱས་ཡོད་འདུག

Group Photo of Tibetan representatives with the Australian Parliamentarians. Tibet.net

བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲ་རྒྱར་བཀོད་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཨོ་གླིང་བོད་དོན་འབྲེལ་མཐུད་ཁང་། ཨོ་གླིང་གི་རྒྱལ་སའི་བོད་རིགས་ཚོགས་པ་བཅས་ཐུན་མོང་གི་མཐུན་འགྱུར་འོག ཨོ་གླིང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས། བོད་དོན་གནད་གླེང་ཞེས་པའི་ཚོགས་འདུ་ཞིག་ཚོགས་ཏེ། ཨོ་གླིང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་གསར་པ་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་སོགས་ཀྱི་སྐོར་ལ་ངོ་སྤྲོད་བྱས་ཡོད་པ་རེད།

ཚོགས་འདུའི་ཐོག་ཨོ་གླིང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་གཞུང་འབྲེལ་ལས་བྱེད་སོགས་གནད་ཡོད་མི་སྣ་ཁྱོན་ ༢༠ ཙམ་འཛོམས་ཡོད་པ་དང་། སྐབས་དེར་ཨོ་གླིང་གི་གྲོས་ཚོགས་འོག་མའི་ཚོགས་གཙོ་གཞོན་པ་ (Sharon Claydon) ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སའོ་སན་རེ་ཡེ (Susan Raye Templeman) ལགས། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཇའེ་ནེ་ཊི་ཨེ་ལི་ཛེ་བྷེ་ཐི་ (Janet Elizabeth Rice) ལགས། དེ་བཞིན་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་ལྕམ་སོ་ཧྥེ་ཨན་ནཱ་ (Sophie Anna Scamps) ལགས་བཅས་ཀྱིས། རང་ཉིད་ཉེ་ལམ་བཞུགས་སྒར་དྷ་སར་༧གོང་ས་མཆོག་ལ་མཇལ་འཕྲད་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་སོགས་སུ་གཟིགས་སྐོར་དུ་ཕེབས་ཏེ། བཙན་བྱོལ་བོད་མི་སྐྱབས་བཅོལ་བའི་གནས་བབ་དང་བོད་དོན་སྐོར་ལ་གོ་རྟོགས་ཟབ་མོ་བྱུང་བ་སོགས་ཀྱི་ཉམས་མྱོང་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།

དེ་བཞིན། ཨོ་གླིང་དོན་གཅོད་ཀརྨ་སེངྒ་ལགས་ཀྱིས་ཚོགས་ཐོག་ཏུ། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་པ་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་བ་དང་སྦྲགས། ཚོགས་ཐོག་ཏུ་ཞུགས་པའི་ཨོ་གླིང་གི་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་གཞུང་འབྲེལ་གནད་ཡོད་མི་སྣ་ཡོངས་ནས་བོད་དོན་ལ་ཁ་ཞེ་གཉིས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༦ པའི་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་འཆར་ཡོད་པའི་སྐོར་སོགས་སྙན་གསེང་ཞུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist