མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོར་རྒྱུགས་འབྲས་བརྒྱ་ཆ་ ༩༥ ཡན་ལོན་པའི་ཕུལ་བྱུང་བྱ་དགའ་ཐོབ་མཁན་སློབ་ཕྲུག་ལྔ་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁྱབ་ཁོངས་བོད་སློབ་ཁོངས་ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༡༠༥༥ རྒྱལ་ཡོངས་ཡིག་རྒྱུགས་ནང་མཉམ་ཞུགས་བྱས་ཏེ་སློབ་ཕྲུག་གྲངས་ ༡༠༣༨ ཀྱིས་ཡིག་རྒྱུགས་འཕྲོད་དེ་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨་༣༩ རེད་འདུག

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་བོད་སློབ་ཁག་ནས་བརྒྱ་ཆ་ ༩༥ ཡན་ལེན་མཁན་སློབ་མ་ལྔ་།

རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁྱབ་ཁོངས་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱུགས་འབྲས་རིམ་གྱིས་གསལ་བསྒྲགས་གནང་བཞིན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཕྱོགས་བསྡོམས་ལྟར་ན། བོད་སློབ་ཁོངས་ནས་སམ་བྷོ་ཊ་བོད་སློབ་ཚོགས་པ་དང་། རྡ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ་བཅས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༡༠༥༥ ཡིག་རྒྱུགས་ལ་མཉམ་ཞུགས་གནང་བའི་ནང་ནས་སློབ་ཕྲུག་གྲངས་ ༡༠༣༨ ཡིག་རྒྱུགས་འཕྲོད་དེ་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨་༣༩ དང་། ཆ་སྙོམ་བརྒྱ་ཆ་ ༧༣་༡༣ ཡིན་པ་དང་། དེ་ལས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁོངས་གཏོགས་སློབ་གྲྭ་གྲངས་ ༣ དང་། རྡ་ས་བོད་ཁྱིམ་ཁོངས་གཏོགས་སློབ་གྲྭ་གཅིག་བཅས་ནས་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་བརྒྱ་ལེགས་སོན་བྱུང་། བོད་སློབ་ཁག་བརྒྱད་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ ༡༣ བསྐྱར་རྒྱུགས་དང་། སློབ་མ་ ༤ དམིགས་བསལ་ཆ་རྐྱེན་འོག་བསྐྱར་རྒྱུགས་ལ་ཞུགས་དགོས་ཀྱི་ཡོད་པ་རེད།  

དེ་བཞིན་བོད་སློབ་གྲངས་ ༢༣ ནས་སློབ་མ་གྲངས་ ༡༡༡༤ འཛིན་རིམ་བཅུ་པའི་ཡིག་རྒྱུགས་ལ་མཉམ་ཞུགས་གནང་བའི་ཁོངས་སློབ་མ་གྲངས་ ༡༠༦༧ ཡིག་རྒྱུགས་འཕྲོད་དེ་ཁྱོན་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་༩༥་༧༩ དང་། ཆ་སྙོམ་བརྒྱ་ཆ་ ༦༡་༧༤ ཡིན། དེ་ལས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་གྲངས་ ༥ དང་། རྡ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་བཞི་བཅས་ནས་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་བརྒྱ་ལེགས་སོན་བྱུང་ཡོད། འཛིན་རིམ་བཅུ་པའི་ནང་བོད་སློབ་གྲངས་ ༡༤ ནས་སློབ་ཕྲུག་ ༤༧ གྱིས་བསྐྱར་རྒྱུགས་གཏོང་དགོས་ཀྱི་ཡོད་འདུག 

ཕྱི་ལོ་ ༢༠༢༣ ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་པའི་སློབ་ཕྲུག་རྣམས་ལ་པང་ཐོག་ཀམ་པུ་ཊར་(Laptop) རེ་དང་ལག་འཁྱེར་གནང་རྒྱུ་གཏན་འཁེལ་བ་བཞིན། འདི་ལོའི་ཕུལ་བྱུང་བྱ་དགའ་ཐོབ་མཁན་སློབ་ཕྲུག་རྣམས་ནི། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྐལ་བཟང་ལགས་ལ་བརྒྱ་ཆ་ ༩༦.༤ དང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་འཛོམས་སྐྱིད་ལགས་ལ་བརྒྱ་ཆ་ ༩༦། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཡར་འཕེལ་ལགས་ལ་བརྒྱ་ཆ་ ༩༦། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་བདེ་སྐྱིད་ལགས་བརྒྱ་ཆ་ ༩༥.༤། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཉི་མ་མཚམས་གཅོད་ལགས་ལ་བརྒྱ་ཆ་ ༩༥.༢ བཅས་ལོན་འདུག

དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་པའི་སློབ་ཕྲུག་བཅུ།

དེ་བཞིན་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་མཁན་སློབ་ཕྲུག་བཅུ་ནི། སྒྱུ་རྩལ་སྡེ་ཚན་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་འཛོམས་སྐྱིད་ལགས་ལ་བརྒྱ་ཆ་ ༩༦་དང་། མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བདེ་སྐྱིད་ལགས་ལ་བརྒྱ་ཆ་ ༩༥.༤། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཡར་འཕེལ་ལགས་ལ་བརྒྱ་ཆ་ ༩༦། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་བདེ་སྐྱིད་ལགས་བརྒྱ་ཆ་ ༩༥.༤། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཉི་མ་མཚམས་གཅོད་ལགས་ལ་བརྒྱ་ཆ་ ༩༥.༢ རེད་འདུག

ཚན་རིག་སྡེ་ཚན་ནས་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་གཡུ་སྒྲོན་ལགས་ལ་བརྒྱ་ཆ་ ༩༣.༨ དང་། མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་མ་འཆི་མེད་བསྟན་འཛིན་དབྱངས་འཛོམས་ལགས་བརྒྱ་ཆ་ ༩༣.༦། མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་འཕྲིན་ལས་ལགས་ལ་བརྒྱ་ཆ་ ༩༢.༢ རེད་འདུག

ཚོང་ལས་སྡེ་ཚན་ནས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྐལ་བཟང་ལགས་ལ་བརྒྱ་ཆ་ ༩༦.༤ དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་མཁའ་འགྲོ་ལགས་ལ་བརྒྱ་ཆ་ ༩༢.༢། མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དཔལ་ལྡན་ལགས་ལ་བརྒྱ་ཆ་ ༩༢.༢ རེད་འདུག

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་སློབ་ཁག་གི་སློབ་ཕྲུག་རྣམས་ནས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་རྒྱུགས་ཆེན་མོར་གྲུབ་འབྲས་ལེགས་སོན་བྱུང་བར་འཚམས་འདྲི་དང་སྦྲགས། འབྲེལ་ཡོད་དགེ་རྒན་དང་། སློབ་སྤྱི། ཕ་མ་རྣམས་ལ་བསྔགས་བརྗོད་ཞུ། ཡིག་རྒྱུགས་གྲུབ་འབྲས་ལེགས་སོན་མ་བྱུང་བའི་སློབ་མ་ཚོས་སེམས་ཤུགས་མ་ཆག་པར་འབད་བརྩོན་ཧུར་སྐྱེད་གནང་དགོས་པའི་རེ་སྐུལ་གནང་འདུག 

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese