མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞོན་ནུའི་བོད་དོན་གོམ་བགྲོད་པ་རྣམས་ཏེ་ཛི་པུར་དུ་བསླེབ་རྒྱུར་སྤྱི་ལེ་ ༤༣ ལྷག་ལས་མི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་དོན་གོམ་བགྲོད་བྱས་ཏེ་ཨ་སཱམ་ས་གནས་ཀ་ལི་ཡ་བོར་ལ་འབྱོར་ཡོད་པ་དང་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་མ་སུ་མ་རི་ལ་དམིགས་བསལ་གྱི་མཆོད་འབུལ་སྨོན་ལམ་ཞིག་འཚོག་རྒྱུ་ཡིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོམ་བགྲོད་པ་རྣམས་ཨ་སཱམ་ས་གནས་ཀ་ལི་ཡ་བོར་ལ་འབྱོར། བོད་ཀྱི་གཞོན་ནུའི་པར། 

ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ནང་རྒྱ་གར་ནང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)ཚོགས་ཆེན་འཚོག་འཆར་ཡོད་པ་དང་སྟབས་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག  འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་སྒང་ཏོག་ནས་ཏེཛ་པུར་བར་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཏེ་དེ་རིང་ནས་ཉིན་གྲངས་ ༢༠ ཟིན་ཡོད་པ་དང་། ཏེཛ་པུར་དུ་བསླེབ་རྒྱུ་རྒྱང་ཐག་སྤྱི་ལེ་ ༤༣ ལྷག་ལས་མེད་འདུག

འདི་གའི་གསར་འགོད་པས་གོམ་བགྲོད་ཀྱི་ལས་འགུལ་ནང་ཡོད་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་ཁ་པར་བརྒྱུད་གོམ་བགྲོད་པ་རྣམས་ལ་དཀའ་ངལ་ཅི་བྱུང་དྲིས་པར་ཁོང་གིས། ད་ལྟ་བར་དུ་དཀའ་ངལ་དམིགས་བསལ་གང་ཡང་ཕྲད་མ་སོང་སྟེ། ཨ་སཱམ་མངའ་སྡེ་ནི་ཚ་བ་ཆེ་བའི་རྒྱ་གར་གྱི་ལུང་པ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། དེར་བརྟེན་གོམ་བགྲོད་སྐབས་ཉིན་གུང་མགོ་གཟེར་ཅུང་ཟད་རྒྱག་པ་དེ་འདྲ་ཡོང་གི་འདུག་ཏེ། ང་ཚོས་དཀའ་ངལ་ཆུང་ཚག་དེ་ཚོ་ལ་མ་འཛེམ་པར་གང་ལྟར་ཐོག་མའི་འཆར་གཞི་བཞིན་ཆོད་སེམས་བརྟན་པོ་ཐོག་ཏེཛ་པུར་(Tezpur)དུ་སླེབ་པ་བྱེད་ཀྱི་ཡིན། སྤྱིར་བཏང་ཡུན་རིང་གོམ་བགྲོད་བྱེད་པར་རྐང་པ་ལ་ཆུ་རྐང་འཐོན་པ་ནི་ཆོས་ཉིད་ཡིན་དུས། ལོ་ཆུང་བ་རྣམས་ལ་དེ་ཙམ་དཀའ་ངལ་མེད་ནའང་ལོ་ན་བགྲེས་པ་རེ་གཉིས་ལ་ཅུང་ཟད་དཀའ་ངལ་ཕྲད་སོང་། འོན་ཀྱང་། ང་ཚོའི་ལྷན་དུ་སྨན་ཞབས་པ་དང་ཅ་ལག་འཁུར་མཁན་སྣུམ་འཁོར་ཞིག་ཡོད་སྟབས། རྐང་པ་ལ་ཆུ་རྐང་གིས་དཀའ་ངལ་ཕྲད་མཁན་རེ་གཉིས་སྣུམ་འཁོར་དུ་བསྡད་པ་རེད། ཅེས་བརྗོད་བྱུང་། 

གོམ་བགྲོད་འདི་ཐོག་མའི་འཆར་གཞི་ལྟར་ན། ཟླ་བ་གཅིག་རིང་གི་ཡིན་ཡང་ཉིན་རེ་གཉིས་ཀྱི་ནང་ཏེཛ་པུར་ལ་སླེབ་ཀྱི་ཡོད་སྟབས། ཉི་མ་ལྷག་མ་རྣམས་ལ་གང་གནང་འཆར་ཡོད་དྲིས་པར་ཁོང་གིས། ཏེཛ་པུར་དུ་ཚེས་ ༢༡ ཉིན་འབྱོར་གྱི་འདུག ཉིན་དེར་འཕགས་བོད་མཛའ་འབྲེལ་ཚོགས་པའི་སྣེ་ལེན་དང་ཐུག་ཕྲད་ཀྱི་མཛད་རིམ་ཡོད། ཚེས་ ༢༢ ཉིན་བོད་མི་ཐོག་མར་བཙན་བྱོལ་དུ་ཕེབས་སྐབས་བཞུགས་གནས་མ་སུ་མ་རི་ལ་འགྲོ་གི་ཡིན། ཚང་མས་མཁྱེན་གསལ་རེད། ས་གནས་དེར་གནམ་གཤིས་ཀྱི་རྐྱེན་པས་བོད་མི་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན། དེ་རུ་མཆོད་འབུལ་སྨོན་ལམ་བྱ་རྒྱུ་དང་། ཡུལ་མིའི་གནད་ཡོད་མི་སྣ་རྣམས་ལ་ཐུག་ཕྲད་ཀྱིས་ཡུལ་མི་དང་བཅས་པར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་འབུལ་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད། ཕྱི་ཚེས་ ༢༣ ཉིན་ཏེཛ་པུར་ལ་མཇུག་བསྡོམ་མཛད་སྒོ་འཚོག་རྒྱུའི་འཆར་གཞི་ཡོད། གང་ལྟར་གོམ་བགྲོད་ཀྱི་ལས་འགུལ་མགོ་བཙུགས་པ་ནས་མཇུག་བསྡོམ་མཛད་སྒོའི་བར་ཉིན་གྲངས་ ༢༦ ཙམ་ཆགས་འགྲོ་གི་འདུག ཅེས་བརྗོད་བྱུང་།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་ངོ་ ༢༨ ཧྲིལ་པོ་འཁོར་བ་དང་། གོམ་བགྲོད་པ་རྣམས་ཀྱིས་ཉིན་དེའི་ཞོགས་པ་ནཱ་གའོ་(Nagaon)ས་གནས་ནས་དམིགས་བསལ་གྱིས་མཆོད་འབུལ་སྨོན་ལམ་དང་ནཱ་གའོ་གྲོང་བརྡལ་གྱི་ཁྲོམ་གཞུང་དུ་ཁྲོམ་སྐོར་དང་གོམ་བགྲོད་ཀྱི་རྒྱུ་མཚན་དང་བོད་དོན་འབྲེལ་བའི་ཡིག་ཆ་ཁག་བཀྲམ་ཡོད་འདུག

 གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་གྱི་མཛད་སྒོ་སྐབས།  གཞོན་ལྷན་གྱི་པར། ༢༠༢༣།༠༤།༢༩
Mobile App

རྒྱ་གར་བྱང་ཤར་ཁུལ་དུ་ཟླ་གཅིག་ཙམ་རིང་བོད་དོན་གོམ་བགྲོད་གནང་གི་འདུག

༢༠༢༣/༠༤/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist