མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བའི་ཐུགས་ཀྱི་ཡོན་ཏན་བརྗོད་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བྲིས་པའི་ཡིད་བཞིན་དབང་གི་རྒྱལ་པོ་དང་གཟིགས་སྣང་དང་ཉམས་རྟོགས་ཞེས་པའི་དེབ་གཉིས་དབུ་འབྱེད་སྐབས་སྲིད་སྐྱོང་མཆོག་གིས་བོད་མི་ཚོས་༧གོང་ས་མཆོག་གི་དགོངས་པ་ཉམས་སུ་ལེན་གྱི་ཡོད་མེད་ལ་བརྟེན་ནས་མ་འོངས་པའི་ཁ་ཕྱོགས་གང་འདྲ་ཞིག་ལ་བསླེབས་ཀྱི་ཡོད་མེད་ཐག་ཆོད་ཀྱི་ཡོད་པས་བསམ་བློ་ཡག་པོ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བྲིས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་། ༢༠༢༣།༠༥།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་རིང་ཞོགས་པའི་ཆུ་ཚོད་ ༩ ། ༣༠ ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། མདོ་སྨད་དབུས་རྒྱུན་དང་དཔེ་དེབ་ལས་གཞི་སྒྲུབ་མཁན་གཉིས་ཀྱི་གོ་སྒྲིག་འོག ཉམས་ཞིབ་པ་དང་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བརྩམས་པའི་རྒྱལ་བའི་ཐུགས་ཀྱི་ཡོན་ཏན་བརྗོད་པའི་༼ཡིད་བཞིན་དབང་གི་རྒྱལ་པོ།༽ དང་༼གཟིགས་སྣང་དང་ཉམས་རྟོགས།༽ ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་།  དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག  དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་བཅས་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། ཤེས་ཡོན་པ་ཁག་ཅིག་བཅས་འཛོམས་འདུག

གསར་འགོད་པས་དཔེ་དེབ་གཉིས་ཀྱི་སྐོར་ལ་བཅར་འདྲི་བྱས་པར་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས། གཟིགས་སྣང་དང་ཉམས་རྟོགས་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་གཞིར་བཞག་བྱས་ནས་བྲིས་ཡོད་ཅིང་། དེབ་འདིའི་ནང་གི་གཟིགས་སྣང་གི་སྐབས་སུ་༧གོང་ས་མཆོག་གི་བཀའ་སློབ་ནང་དུ་ཡོད་པའི་སྐུ་སྐྱེ་སྔ་མ་བཅོ་ལྔ་ཙམ་གྱི་སྐོར་དང་། གཟིགས་སྣང་མ་འདྲ་བ་དམིགས་བསལ་བཞི་བཅུ་ཞེ་གྲངས་སྐོར་བྲིས་ཡོད་ལ། ཉམས་རྟོགས་ཀྱི་ནང་དུ་༧གོང་ས་མཆོག་གིས་ནང་པའི་ཆོས་ལ་ཉམས་ཞིབ་གནང་ནས་ཐུགས་རྒྱུད་ལ་རྟོགས་པ་འཁྲུངས་བའི་སྐོར་འཁོད་ཡོད། ཡིད་བཞིན་དབང་གི་རྒྱལ་པོའི་ནང་དུ་ཉམས་རྟོགས་སྐོར་ལ་དུས་ཚོད་མི་འདྲ་བའི་ནང་དུ་བཀའ་སློབ་ཅི་ཙམ་གནང་ཡོད་པ་དེ་དག་ཚང་མ་ཕྱོགས་སྒྲིག་བྱས་ཡོད། དེབ་འདི་གཉིས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཁུངས་དང་ལྡན་པའི་ཐོག་ནས་བྲིས་ཡོད་པ་མ་ཟད། ཁུངས་དེ་ཡང་གང་ཟག་དང་པོ་༧གོང་ས་མཆོག་གི་གསུང་ལ་གཏུགས་ཡོད་ལ། རྩོམ་པ་པོའི་ཚོར་བའི་སྟེང་ནས་བྲིས་མེད་སྐོར་འགྲེལ་བརྗོད་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་་གསུང་བཤད་གནང་། ༢༠༢༣།༠༥།༢༢ དུས་བབ་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱི་བདེ་སྡུག་སོགས་དང་འབྲེལ་བའི་སྒོ་ནས་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་གནང་སྐབས། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཐུགས་རེ་བཞེས་སྟངས་དེ་བོད་མི་ཚོས་ཉམས་སུ་ལེན་ཐུབ་ཡོད་མ་རེད།  དེ་ལ་བརྟེན་ནས་ད་ལྟ་ང་ཚོ་བཙན་བྱོལ་བའི་གནས་བབ་ལ་བསླེབས་ཡོད་པ་རེད། ད་ལྟ་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགོངས་པ་གང་ཡོད་པ་དེ་དག་ང་ཚོས་ཉམས་སུ་ལེན་གྱི་ཡོད་མེད་ལ་བརྟེན་ནས། ང་ཚོའི་མ་འོངས་པའི་ཁ་ཕྱོགས་གང་འདྲ་ཞིག་ལ་བསླེབས་ཀྱི་ཡོད་མེད་ཐག་ཆོད་ཀྱི་རེད། འདིའི་སྒང་ལ་བསམ་བློ་གཏང་རྒྱུ་གལ་ཆེན་པོ་དང་། ད་ལྟ་བར་དུ་གནང་བཞག་པ་དེ་ང་ཚོས་མཁྱེན་མཁྱེན་པ་རེད། འོན་ཀྱང་མ་འོངས་པའི་དགོངས་པ་གང་ཡོད་པ་རྣམས་ཤེས་པར་བྱས་ཏེ། དེའི་ཁ་ཕྱོགས་ལ་གོམ་པ་བརྒྱག་རྒྱུ་ནི་གལ་ཆེན་པོ་རེད།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་གསུང་ཆོས་ལ་དོ་སྣང་ལེགས་པོར་གནང་སྟེ། ཉམས་ལེན་བྱ་རྒྱུ་གལ་ཆེན་ཡིན་པ་རེད་ཅེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་བཅོ་ལྔའི་སྟེང་དུ་གྲོ་མོར་ཕེབས་དགོས་བྱུང་སྟེ། རྒྱ་གར་དུ་ཕེབས་དགོས་མིན་ཐད་དགོངས་པ་བཞེས་ཀྱི་ཡོད་པ་རེད། དེ་དུས་གྲོ་མོ་ནས་འབྲས་ལྗོངས་བློན་ཆེན་ལ་འབྲེལ་བ་བྱས་ཀྱང་ཡ་ལན་ཅི་ཡང་བྱས་མེད་པ་གསུངས་ཡོད་པ་དེས། སྐབས་དེར་ང་ཚོར་ཆབ་སྲིད་ཐོག་ནས་ཇི་ལྟར་ལྟ་བཞིན་ཡོད་པ་ཆབ་སྲིད་ཀྱི་གནས་སྟངས་འགྲེལ་བཤད་བསྐྱོན་གྱི་ཡོད་པ་རེད། ཕྱི་ལོ་ ༡༩༥༢་ནས་བོད་ནང་དུ་ལེགས་བཅོས་ཚོགས་ཆུང་བཙུགས་ཏེ། སའི་བདག་དབང་དང་། ཁྲལ་གྱི་འགྲོ་སྟངས། མི་མང་གི་དཀའ་ངལ་ལ་ལེགས་བཅོས་བྱེད་པའི་དགོངས་པ་ཡོད་ཀྱང་། རྒྱ་ནག་གིས་བཙན་འཛུལ་བྱས་པས་ལས་དོན་དེ་དག་ལམ་ལྷོངས་མ་བྱུང་བ་རེད་ཅེས་སོགས་གསུངས་སོང་། ཡང་སྲིད་སྐྱོང་མཆོག་ནས་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ནས་དཔེ་དེབ་འདི་འདྲ་གལ་ཆེན་པོ་གཉིས་རྩོམ་སྒྲིག་གནང་བ་དེ་ཧ་ཅང་ཡག་པོ་རེད་ལ། མ་འོངས་པར་སྒྲ་རུ་ཕབ་ཐུབ་ན་བོད་ནང་ལའང་ཕན་ཐོགས་ཡོང་རྒྱུ་ཡིན་པའི་ལམ་སྟོན་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་བརྒྱུད་རིས་མེད་ལ་གཟིགས་སྐྱོང་དང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བར་མཛད་པའི་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་གནང་སྐབས། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་དགུང་ལོ་ ༡༦ ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་སུ། སྐབས་དེ་དུས་ཀྱི་བོད་ཀྱི་གནས་སྟངས་དེ་ཛ་དྲག་པོ་ཆགས་ཡོད་པ་རེད། ཕྱོགས་གཅིག་ནས་རྒྱ་ནག་གི་དབང་ཤུགས་བསླེབས་ཀྱི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ང་ཚོའི་སྒྲིག་འཛུགས་ཀྱི་ངོས་ནས་གྲ་སྒྲིག་དམིགས་བསལ་ཡོད་མ་རེད། འོན་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱོགས་མང་པོ་ནས་ཉམས་བཞེས་དང་རྒྱུས་ལོན་གནང་སྟེ་ལེགས་བཅོས་ཚོགས་ཆུང་བཙུགས་པ་རེད། ༧གོང་ས་མཆོག་གིས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་ལས་ཀ་གནང་རྒྱུའི་དགོངས་པ་ཤུགས་ཆེན་བཞེས་འདུག སྐབས་དེ་དུས་རྒྱ་ནག་གི་དབང་ཤུགས་ཤུགས་ཆེན་བོད་ནང་བསླེབས་ཏེ་ལམ་ལྷོངས་མི་ཡོང་བར་ཕྱི་ལོ་ ༡༩༥༩ རྗེས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་ཁྲིད་པའི་བོད་མི་ཁྲི་ ༨ ཙམ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་རེད། བོད་མི་རྣམས་ལ་གཅིག་སྒྲིལ་གྱི་རྣམ་པ་མེད་པ་དང་ནུས་པ་མཉམ་སྤུངས་བྱུང་མ་ཐུབ་པའི་རྐྱེན་གྱིས་ནང་ཆོས་དང་ཆབ་སྲིད་སོགས་ཉམས་ཆག་ཕྱིན་ཡོད་པར་བརྟེན། གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་བོད་མིའི་མནའ་གན་མཐུ་མོ་ཆེ་བཞག་སྟེ། ༧གོང་ས་མཆོག་གི་བཀའ་དང་དགོངས་གཞི་གང་ཡོད་པ་དེའི་ཐོག་ལ་ཤར་སྐྱོད་ཞུ་རྒྱུ་བྱས་ཡོད་སྐོར་དང་། ༧གོང་ས་མཆོག་ནས་གདོང་ལེན་མང་པོ་གནང་སྟེ། ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་ཐོག་ནས་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་ཚགས་ཚུད་པོ་ཡོང་བསྡད་པ་དང་། ཆོས་བརྒྱུད་རིས་མེད་ཀྱི་ཐོག་ནས་འཛིན་སྐྱོང་གནང་ཐུབ་པ་སོགས་བྱུང་བ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་ཡིན་སྐོར་སོགས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་། ༢༠༢༣།༠༥།༢༢ དུས་བབ་ཀྱི་པར།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་༧གོང་ས་མཆོག་ནས་བུད་མེད་ལ་དམིགས་བསལ་གཟིགས་སྐྱོང་དང་དགེ་བཤེས་མའི་དམ་འཇོག་གསར་གཏོད་གནང་བ་འི་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་གནང་སྐབས།  གནའ་སྔ་མོ་ཡུལ་ལུང་སོ་སོའི་མི་གྲངས་ཕྱེད་ཀ་བུད་མེད་ཡིན་ཡང་། ཡུལ་ལུང་གང་དུའང་བུད་མེད་ཀྱིས་འཛིན་སྐྱོང་དང་ཆབ་སྲིད་ཀྱི་འགན་འཁུར་མཁན་ཧ་ཅང་ཉུང་ཉུང་རེད་ལ། བོད་དུའང་དེ་བཞིན་ཡིན་ཡང་། བུད་མེད་ལ་ཆབ་སྲིད་ཀྱི་ནུས་སྟོབས་མེད་པ་དེ་འདྲ་ཡང་མ་རེད། རྒྱ་གར་དང་། རྒྱ་གར་གྱི་སྤྱི་ཚོགས་ནང་དུ་ཁྱོ་ག་གྲོངས་ཚེ་བཟའ་ཟླ་མཉམ་དུ་ཤི་བ་དང་། རྒྱ་ནག་ནང་བུད་མེད་ཀྱི་རྐང་བ་བསྡམས་པ་སོགས་ཀྱི་གནས་སྟངས་ལ་བལྟས་ཚེ། བོད་ཀྱི་བུད་མེད་ཀྱི་གནས་སྟངས་ཡག་པོ་ཡོད་པར་ངོས་འཛིན་བྱེད་མཁན་ཡང་ཡོད་པ་རེད། དེ་ནི་ནང་པ་སངས་རྒྱས་བའི་ཆོས་ཀྱི་བྱིན་རླབས་ཀྱིས་མ་གྱུར་སེམས་ཅན་ཐམས་ཅད་ངོས་འཛིན་སྟངས་ཀྱིས་འགྱུར་བ་ཐེབས་ཡོད་སྲིད། བཙན་བྱོལ་དུ་མང་གཙོའི་སྒྲིག་འཛུགས་དབུ་བརྙེས་པ་དང་། བུད་མེད་ཀྱི་ནུས་པ་གདེང་འཇོག་གིས་ས་མིག་སོགས་གནང་ཡོད་འདུག་ཞེས་གསུངས་སོང་།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྟན་པ་སླར་གསོ་དང་དག་ཐེར་སོགས་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེར་མཛད་རྗེས་ཅི་བཞག་དང་འབྲེལ་བའི་གསུང་བཤད་གནང་སྐབས། སྤྱིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སངས་རྒྱས་ཀྱི་བསྟན་པ་ལ་སླར་གསོ་དང་དག་ཐེར་མཛད་པ་རྣམས་རེ་རེ་བཞིན་བཤད་དགོས་ན། མི་མང་པོ་ཞིག་གིས་ལོ་ཟླ་མཐུད་ནས་བཤད་དགོས་པ་ཞིག་ལས། མི་གཅིག་གིས་རང་གར་བཤད་ཐུབ་པ་ཞིག་གཏན་ནས་མིན་ཡང་། འཛམ་གླིང་ཤར་ནུབ་གང་སར་བསྟན་པའི་འཆད་ཉན་བྱེད་སྟངས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནང་བ་ལྟ་བུ་ཞིག་ཡིན་ཞིང་། སྒྲུབ་པའི་སྒོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་གཞོན་ནུའི་དུས་ནས་ཉིན་རྟག་པར་སྒོམ་པར་གཞོལ་ནས། དུས་རྟག་ཏུ་བྱ་བྲལ་བ་བཞིན་བཞུགས་ཀྱིན་ཡོད་པ་རེད། དེ་བཞིན་དེ་རིང་མཇལ་ཁ་སོགས་ཚུད་པའི་མཛད་པ་མང་དག་ཅིག་སྐྱོང་མུས་ཡིན་པས། དེ་ནི་བྱ་བྲལ་བ་བཞིན་རིར་ཕེབས་མེད་ཀྱང་། བྱ་བྲལ་བ་ལས་ལྷག་པའི་མཛད་པ་སྐྱོང་བཞིན་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཀྱིས་ཐུན་དང་ཐུན་མཚམས་གཉིས་སུ་དབྱེ་རྒྱུ་མེད་སྐོར་གསུང་གི་ཡོད་པ་བཞིན། ཆུ་ཚོད་ཉེར་བཞིའི་རིང་ཐུན་ལ་གནས་ཀྱི་ཡོད་པས། དེ་ནི་༧མགོན་པོ་གང་གི་བསམ་གྱིས་མི་ཁྱབ་པའི་རླབས་ཆེན་ཀྱི་མཛད་པ་ཞིག་ཡིན་སྐོར་དང་། དེ་བཞིན་མགོན་པོ་གང་ཉིད་ཀྱིས་ཚོགས་པ་དང་སྒྲིག་འཛུགས་ཁག་ལ་ཞལ་འདེབས་གནང་ཐེངས་ནི་གྲངས་ཀྱིས་མི་ལངས་བ་ཞིག་ཡིན་པ་རེད། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསེད་དཀྲོལ་གྱི་ཐོག་ནས་མཛད་པ་བསྐྱངས་པ་བཞིན། ༧མགོན་པོ་གང་ཉིད་ཀྱིས་ཀྱང་འཛམ་གླིང་ཤར་ནུབ་གང་སར་ཆོས་ལུགས་རིས་མེད་དང་། མི་རིགས་དབྱེར་མེད་ཀྱི་དོན་དུ་རླབས་ཆེན་གྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་ཡོད་སྐོར་སོགས་གསུངས་སོང་།

དཔའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་།་༢༠༢༣།༠༥།༢༢ དུས་བབ་ཀྱི་པར།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་གི་ཤེས་ཡོན་གྱི་སྡེ་དང་སྤྱི་ཚོགས་ཀྱི་བསམ་བློར་ཤུགས་རྐྱེན་ཅི་གནང་བ་དང་འབྲེལ་བའི་སྒོ་ནས་བ་ཀའ་དྲིན་་རྗེས་དྲན་གྱི་གསུང་བཤད་གནང་སྐབས།  གཟིགས་སྣང་གོ་བདེ་བའི་ངང་ནས་བཤད་ན་མཐོང་སྣང་རེད། མི་དཀྱུས་མ་ཞིག་ཡིན་ཚེ་ཡག་པོ་དང་སྡུག་པོ་སོགས་མཐོང་བའི་དབང་གིས་འཁྲུག་འཛིང་འབྱུང་བཞིན་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཟིགས་སྣང་ནི་ང་ཚོའི་བློ་ལ་མ་ཤོངས་བ་ཞིག་རེད། དེ་དག་བཀླག་པ་ཡིན་ཚེ་སྙན་པོ་ཡང་ཡོད། ཉམས་རྟོགས་ནི་ཕར་ཕྱོགས་ཀྱི་བཟང་བའི་ཕྱོགས་ཐམས་ཅད་ཉམས་སུ་ལེན་དགོས་པ་ཞིག་ལ་ཟེར་གྱི་ཡོད། མི་དཀྱུས་མ་ཞིག་ཡིན་ན་ཚོགས་པ་ཆུང་ཆུང་ཞིག་བཙུགས་ནས་ལས་ཀ་མགོ་རྔ་གཙང་མ་ཞིག་སྒྲུབ་ཐུབ་མི་འདུག་ཀྱང་། ༧གོང་ས་མཆོག་ནས་བོད་པའི་སྤྱི་ཚོགས་སྤོབས་པ་སྐྱེ་དགོས་པ་ཞིག་བཟོས་ཡོད་པ་མ་ཟད། རྒྱལ་ཁབ་གང་དུ་ཕྱིན་ཡང་ཕ་བུའི་བྱམས་བརྩེ་བཞིན་བསྐྱངས་བའི་དབང་གིས་འཛམ་གླིང་མི་མང་གིས་དགའ་བོ་ཞེ་དྲགས་བྱེད་ཀྱི་འདུག དགུང་ལོ་གྱ་བདུན་དུ་ཕེབས་ཡོད་ཀྱང་ཉིན་མ་རེ་རེ་བཞིན་སེམས་ཅན་དོན་དུ་ཕྱག་ལས་རྒྱུན་མ་ཆད་པར་གནང་བཞིན་ཡོད་པས་ཤེས་ཐུབ་ཞིག་ཡིན་ཞེས་སོགས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese