མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ནས་ཀར་ན་ཊ་ཀའི་བློན་ཆེན་གསར་པར་འཚམས་འཕྲིན་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འཕྲིན་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གནང་བའི་འཚམས་འཕྲིན་ནང་། ངས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་བོད་མི་ཡོངས་དང་། བྱེ་བྲག་ཏུ་ཀར་ན་ཊ་ཀ་མངའ་སྡེར་གནས་སྡོད་བྱེད་བཞིན་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། མངའ་སྡེའི་འོས་བསྡུ་ཆེན་མོའི་ནང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པ་དང་སྐུ་ཉིད་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀར་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ནས་བོད་མིར་རྒྱབ་སྐྱོར་གྱིས་མིག་དཔེ་བཟང་པོ་བསྟན་ཡོད་ཅིང་། ད་ལྟའི་ཆར་ཀར་ན་ཊ་ཀ་མངའ་སྡེའི་ནང་བོད་ཀྱི་གདན་ས་ཆེ་ཁག་གཙོས་པའི་དགོན་སྡེ་ཆེ་ཁག་དང་། བོད་མིའི་གཞིས་ཆགས་ཆེ་ཤོས་ཆགས་ཡོད། ང་ཡང་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་འཚར་བའི་སྤོབས་པ་ལྡན་པའི་བོད་མི་ཞིག་ཡིན་པའི་ཆ་ནས་ཀར་ན་ཊ་ཀ་མངའ་སྡེ་གཞུང་མང་གཉིས་ནས་བོད་མིར་གཏོང་ཕོད་ཆེན་པོས་མཐུན་འགྱུར་རོགས་རམ་གནང་བར་བསྔགས་བརྗོད་ཞུ་རྒྱུ་མ་ཟད། སྐུ་ཉིད་ཀྱིས་དེ་སྔོན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་ཡུན་རིང་བོད་མིར་དགོས་ངེས་མཐུན་གྲོགས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་འཚམས་འཕྲིན་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རིམ་པར་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ལྷོ་ཕྱོགས་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས་སྐུ་ཉིད་དང་ལྷན་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད། སྐུ་ཉིད་ནས་བོད་དོན་ཐོག་རྒྱུན་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ཀར་ན་ཊ་ཀའི་མངའ་སྡེ་ནི་བོད་མིའི་འདུས་སྡོད་གཞིས་ཆགས་ཆེ་ཤོས་ཁག་གི་ཆགས་ཡུལ་ཡིན་སྟབས། ངས་གོ་སྐབས་འདི་བརྒྱུད་ནས་ཀར་ན་ཊ་ཀའི་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་མངའ་སྡེའི་ནང་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

འཚམས་འཕྲིན་གཉིས་ཀྱི་མཇུག་ཏུ། སྤྱི་ཁྱབ་བློན་ཆེན་གསར་པའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བ་དང་། ཀར་ན་ཊ་ཀ་མངའ་སྡེའི་མི་མང་གི་རེ་འདོད་མངོན་འགྱུར་ཡོང་ཐུབ་པ་བཅས་ཀྱི་སྨོན་འདུན་ཞུས་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྐུ་ཞབས་སི་དྷ་རཱ་མི་ཡ་ལགས་ཀྱིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་བའི་ལས་འཁུར་གྱི་དམ་འབུལ་ཞུས་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་ཀར་ན་ཊ་ཀའི་ནང་ཁ་གཏད་སྲིད་དོན་ཚོགས་པ་བྷི་ཇི་པི་དང་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཀྱི་གཙོས་སྲིད་དོན་ཚོགས་པ་ཁག་ཅིག་གི་བར་འོས་བསྡུ་བྱས་ཏེ།  རྒྱལ་ཡོངས་མང་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་བརྟེན། ད་རེས་ཁོང་ཀར་ན་ཊ་ཀའི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བ་ཐེངས་གཉིས་པ་ཆགས་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་དུ་ཐོག་མར་བསྡད། སྐུ་ཞབས་སི་དྷ་རཱ་མི་ཡ་ལགས་ནི་སྤྱི་ཚོགས་རིང་ལུགས་དང་ཆོས་ལུགས་རིས་མེད་ཀྱི་རིང་ལུགས་གཙོ་འཛིན་བྱེད་མཁན་ཞིག་ཡིན་པའི་ཁར། ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་རྒྱ་གར་ནང་བྷི་ཇི་པི་སྲིད་དོན་ཚོགས་པའི་དབང་སྒྱུར་འོག སྒོ་བརྒྱབ་ཟིན་པ་ལྟ་བུའི་རྒྱ་གར་གྱི་ཆབ་སྲིད་ལམ་ལུགས་ལ་སྒོ་མོ་གསར་པ་ཞིག་ཕྱེ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese