མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་སླར་ཡང་ཏོག་དབྱིབས་ནད་རླབས་འཕྱུར་ཉེན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་ནང་ཨོ་མི་ཁུ་རོན་གྱི་ཏོག་དབྱིབས་གཉན་སྲིན་གྱི་འགོག་ཁབ་བརྒྱག་རྒྱུར་གྲ་སྒྲིག་བྱ་དགོས་པའི་རེ་སྐུལ་བྱེད་བཞིན་འདུག

coronavirus disease (COVID-19) outbreak in Xian, Shaanxi province, China . Photo : China Daily via REUTERS

སྤྱིར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཇེ་ལེགས་སུ་ཕྱིན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས ༥ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཡོལ་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གི་ཆེད་མཁས་པ་སྐུ་ཞབས་ཀྲོང་ནན་ཧྲིན་(Zhong Nanshan) ལགས་ཀྱིས་ཕྱི་ཟླ་ ༦ པའི་ཟླ་མཇུག་ཙམ་ནས་རྒྱ་ནག་ནང་སླར་ཡང་ཏོག་དབྱིབས་རིམས་ནད་མཆེད་ནས། བདུན་རེར་ནད་པ་མི་གྲངས་ས་ཡ་ ༦༥ ལྷག་འབྱུང་ཉེན་ཡོད་པའི་ཚོད་དཔག་བྱས་ཡོད་འདུག

དེའི་ཐད་རྒྱ་ནག་གི་ཆེད་མཁས་པ་སྐུ་ཞབས་ཀྲོང་ནན་ཧྲིན་ལགས་ཀྱིས། ད་ལྟ་རྒྱ་ནག་ནང་འབྱུང་ཉེན་ཡོད་པའི་ཏོག་དབྱིབས་ཀྱི་རླབས་རྒྱུན་དེ་ནི། འདས་ལོའི་ནས་འདི་ལོའི་ཕྱི་ཟླ་ ༡ བར་རྒྱ་ནག་ནང་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ལས་ཆེ་བར་འབྱུང་ཉེན་ཡོད་པ་མ་ཟད། སྐབས་དེར་གཉན་རིམས་ཀྱི་ངོ་བོ་མི་འདྲ་བའི་ཨོ་མི་ཁུ་རོན་གྱི་ནད་འབུ་དེ་དག་ཉིན་རེར་མི་གྲངས་ས་ཡ་ ༣༧ ལ་འགོས་ཉེན་ཡོད་པའི་ཁར།  རིམས་ནད་འགོས་པའི་ནད་པ་དང་ཕུང་པོས་སྨན་ཁང་དང་དུར་ཁང་ཡོངས་སུ་ཁེངས་ཉེན་ཡོད་སྐོར་དང་། མི་མང་གི་ཉིན་རེའི་འཚོ་བ་ལའང་སྔར་ལས་ལྷག་པའི་དཀའ་ངལ་འཕྲད་སྲིད་སྐོར་སོགས་བརྗོད་འདུག

ཡང་ཁོང་གིས། རྒྱ་ནག་ནང་སླར་ཡང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཤུགས་ཆེན་འབྱུང་ཉེན་ཡོད་པའི་དུས་སྐབས་འདིར། རྒྱ་ནག་གཞུང་གིས་ཨོ་མི་ཁུ་རོན་གྱི་ཨེ་སི་བྷི་བྷི་གཉན་སྲིན་(XBB ) ལ་ཆེད་དུ་དམིགས་པའི་འགོག་ཁབ་མཁོ་སྐྲུན་གྱི་ལས་དོན་གཉེར་མུས་ཡིན་པ་མ་ཟད། རྒྱ་ནག་གི་སྨན་རྫས་ཐོན་ཁུངས་ལས་ཁུངས་(NMPA) ཀྱིས་ཀྱང་འགོག་ཁབ་གཉིས་ལ་ཆོག་མཆན་ཐོབ་སྟེ། ད་ལྟ་བསྐྱར་དུ་འགོག་ཁབ་གསུམ་བཞི་ཙམ་ཞིག་བཟོ་སྐྲུན་བྱེད་མུས་ཡིན་སྐོར་བརྗོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྱང་། ད་ལྟ་ཨེ་སི་བྷི་བྷི་ (XBB ) གཉན་རིམས་དེ་ཁྱབ་གདལ་འགྲོ་རྒྱུར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་དང་། གཉན་སྲིན་དེས་སླར་ཡང་འཛམ་གླིང་ཁྱོན་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་ལ་འགོག་རྐྱེན་བཟོ་ཉེན་དང་། མིའི་ཚེ་སྲོག་ལའང་གནོད་འཚེ་གཏོང་ཉེན་ཤུགས་ཆེན་ཡོད་པས། རྒྱལ་ཁབ་རིམ་པས་ཨེ་སི་བྷི་བྷི་གཉན་སྲིན་གྱི་འགོག་ཁབ་བརྒྱག་རྒྱུར་གྲ་སྒྲིག་བྱ་དགོས་པའི་རེ་སྐུལ་བྱས་ཡོད་འདུག

གཞན་ཡང་། བྷི་ལོམ་བྷི་རིག་( Bloomberg )  གི་སྙན་ཐོའི་ནང་། རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཇེ་བཟང་དུ་ཕྱིན་ནས། ཟླ་ངོ་དྲུག་ཙམ་གྱི་རྗེས་སུ། རྒྱ་ནག་ནང་སླར་ཡང་ཨོ་མི་ཁུ་རོན་གྱི་ཨེག་སི་བྷི་བྷི་(XBB) གཉན་རིམས་དེ་མཆེད་ཉེན་ཤུགས་ཆེན་ཡོད་པ་མ་ཟད། ཕྱི་ཟླ་ ༥ པའི་གཞུག་ཙམ་ནས་རྒྱ་ནག་ཏུ་བདུན་གཅིག་ནང་རིམས་ནད་འགོས་པའི་མི་གྲངས་ས་ཡ་ ༤༠ དང་། ཟླ་བ་རྗེས་མ་ནས་རྒྱ་ནག་ནང་བདུན་རེར་ནད་པ་མི་གྲངས་ས་ཡ་ ༦༥ ལྷག་འབྱུང་ཉེན་ཡོད་ཅིང་། རྒྱ་ནག་གཞུང་གི་རིམས་ནད་བཀག་འགོག་ལྷན་ཚོགས་ཀྱིས་ཀྱང་། ཕྱི་ཟླ་ ༥ པའི་ནང་རྒྱ་ནག་ཏུ་ཉིན་རེར་རིམས་ནད་ཇི་ཙམ་བྱུང་ཡོད་མེད་ཀྱི་གནས་ཚུལ་གསལ་སྟོན་བྱས་མེད་ཅིང་། ཏོག་དབྱིབས་རིམས་ནད་སོགས་དང་འབྲེལ་བའི་གནད་དོན་མང་པོ་ཞིག་སྦས་སྐུང་བྱས་ཡོད་སྐོར་སོགས་གསལ་འདུག

འཛམ་གླིང་ཏོག་དབྱིབས་གཉན་རིམས་ཀྱི་གྲངས་ཐོ་ཞིབ་བཤེར་བྱེད་ས་ (World Meters) ལྟར་ན། འདས་པའི་ཆུ་ཚོད་ཉེར་བཞིའི་རིང་འཛམ་གླིང་ཁྱོན་ཡོངས་སུ་རིམས་ནད་འགོས་མཁན་མི་གྲངས་ ༢༣༠༡༡ བྱུང་ཡོད་ཅིང་། མི་གྲངས་ ༢༨༢  རྐྱེན་འདས་དང་མི་གྲངས་ ༡༩༤༩༩ དྲག་སྐྱེད་བྱུང་ཡོད་འདུག་ལ། ད་བར་འཛམ་གླིང་ཁྱོན་ཡོངས་ཀྱི་མི་གྲངས་ས་ཡ་དྲུག་བརྒྱ་(༦༨༩༠༢༤༧༥༣) ལྷག་ལ་རིམས་ནད་འགོས་ཡོད་པ་མ་ཟད། མི་གྲངས་ས་ཡ་དྲུག (༦༨༨༠༧༠༢) ལྷག་རྐྱེན་འདས་སུ་གྱུར་ཡོད་ཀྱང་། རྒྱ་ནག་ནང་འདས་པའི་ཉིན་གྲངས་ ༢ རིང་ནད་པ་གཅིག་ཀྱང་བྱུང་མེད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese