མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་བོད་དོན་གླེང་སློང་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་བསྟན་པ་དང་འབྲེལ་རྒྱ་ནག་གཞུང་དང་ལྷན་དུ་བོད་དོན་མུ་མཐུད་གླེང་སློང་བྱ་རྒྱུ་ཡིན་པ་བརྗོད།

G7 Annual Summit at Hiroshima

ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ ༧ (G7) གྱི་མགོ་ཁྲིད་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་བསྟན་ཡོད་པ་མ་ཟད། མུ་མཐུད་དུ་རྒྱ་ནག་གཞུང་དང་ལྷན་དུ་སེམས་འཚབ་ཡོད་པ་གླེང་སློང་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་ (Hiroshima) ནང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༧ གྱི་ལོ་རེའི་ཚོགས་ཆེན་འཚོགས་ཏེ། བོད་དང་ཤིན་ཅང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དམིགས་བསལ་བོད་དང་ཤར་ཊུ་ཀི་སི་ཐན་ནང་རྒྱ་ནག་གིས་བཙན་སྐུལ་ངལ་རྩོལ་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པར་སེམས་འཚབ་ཡོད་པའི་སྐོར་སོགས་གླེང་སློང་བྱས་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམས་ཀྱིས་བསྒྲགས་གཏམ་སྤེལ་བའི་ནང་། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། རྒྱ་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་སེམས་འཚབ་ཡོད་པ་དང་། རྒྱ་ནག་གིས་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་འབྲེལ་ལམ་ལུགས་ལ་རྡོག་རོལ་གཏོང་བཞིན་པར་གདོང་ལེན་གནང་རྒྱུ་དང་། རྒྱ་ནག་གིས་ཐའེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད། ད་དུང་རྒྱ་ནག་གིས་ཨུ་རུ་སུར་གནོན་ཤུགས་སྤྲད་དེ་ཡུ་ཀེ་རེན་ནང་བཙན་འཛུལ་བྱེད་བཞིན་པ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་ཡོད་འདུག འོན་ཀྱང་། ཉི་ཧོང་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༧ གྱི་བསྒྲགས་གཏམ་ལ་ངོས་ལེན་མེད་པ་དང་། རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

ཡང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་དག་གིས་བོད་ཀྱི་གནད་དོན་ཐོག་གླེང་སློང་དང་དོ་སྣང་བྱེད་བཞིན་པ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་བོད་ནང་སྡུག་སྦྱོང་མནར་གཅོད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་བཞིན་པ་སོགས་སྤས་སྐོང་བྱེད་ཐབས་བྱས་ནས་སྡོད་པ་ལས། བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱས་ཏེ། བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་འདོད་ཡོད་པའི་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཟང་ཕྱོགས་ནས་ལན་འདེབས་གནང་དགོས་ཀྱི་ཡོད་སྐོར་སོགས་བརྗོད་འདུག

འདས་ལོར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༧ གྱིས་ཚོགས་འདུ་ཚོགས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་བརྩི་འཇོག་དགོས་པ་དང་། བོད་དང་ཤར་ཊུ་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཚམས་འཇོག་དགོས་སྐོར་བསྒྲགས་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཨ་རིའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་ཁྲིམས་འཆར་ (Promoting a Resolution to the Tibet-China Conflict Act) བསྐྱར་དུ་ངོ་སྤྲོད་གནང་སྟེ། ཕྱི་ལོ་ ༢༠༡༠ ནས་བོད་རྒྱའི་དཀའ་རྙོག་སེལ་བར་ཞི་བའི་གྲོས་མོལ་བྱེད་མཚམས་བཞག་པར་བརྟེན། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་ལྷན་དུ་ཞི་བའི་གྲོས་མོལ་བྱེད་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག

འདས་པའི་ལོ་ངོ་ ༦༠ ལྷག་གི་གོང་དུ་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། བོད་ནང་ཆོས་དད་རང་མོས་དང་སྨྲ་བརྗོད་ཀྱི་རང་དབང་མེད་ཁར། རྒྱ་གཞུང་གིས་གཞི་རིམ་དང་དམའ་རིམ་སློབ་གྲྭ་ནས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་སླད། བོད་ཀྱི་ས་ཁུལ་ཁག་དང་གཏན་སྡོད་སློབ་གྲྭར་རྒྱ་སྐད་བཀོལ་སྤྱོད་མི་བྱེད་ཐབས་མེད་བཟོས་ཤིང་། དམིགས་བསལ་གྱིས་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་ཀྱི་ལྟེ་བའི་དགོན་སྡེ་ཁག་དང་ས་ཁུལ་གྱི་སློབ་གྲྭ་སོགས་བོད་མི་རིགས་ལ་གལ་གནད་ཆེ་བའི་རིགས་སྒོ་བརྒྱབ་ཡོད་ལ། འདས་ལོར་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས། རྒྱ་ནག་གིས་བོད་ནང་གི་བོད་མི་རྣམས་གར་སོང་ཆ་མེད་དུ་གྱུར་བ་དང་། བཙན་འཁྲིད་བཙོན་འཇུག དེ་བཞིན་སྡུག་སྦྱོང་མནར་གཅོད་གཏོང་བ། གྲྭ་བཙུན་དང་མི་ཁག་ཅིག་གིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་བཙོན་འཇུག་བྱས་དང་བྱེད་མུས་ཡིན་པའི་སྙན་ཐོ་བཏོན་ཡོད་པ་རེད་ལ། ད་ལྟ་རྒྱ་ནག་གཞུང་གིས་བོད་ཆོལ་ཁ་གསུམ་གྱི་ཕྲུ་གུ་ས་ཡ་ ༡ ཙམ་རང་གི་ཕ་མ་དང་ཁ་བྲལ་དུ་བཅུག་ནས་གཏན་སྡོད་སློབ་གྲྭར་བཏང་སྟེ་རྒྱ་སྐད་བཀོལ་སྤྱོད་དང་རྒྱ་བསྒྱུར་གྱི་སྲིད་ཇུས་འོག་བཅུག་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༦༠ ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 3 སྔོན།

    འདི་ནི་ཧ་ཡང་གལ་ཆཻན་ཞིག་རེད། མ་ཟད་གནས་སྟངས་འདི་གླེང་ཐུབ་པ་ཙམ་གྱི་རིན་ཐང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese