མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་མི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྩོད་གླེང་ཧ་ཅང་ཆེ་བའི་རང་སྐྱོང་ས་ཁུལ་ཟེར་བར་ཁ་གཡར་ནས་རྒྱ་གར་གྱི་ཇཱ་མུ་ཀ་ཤི་མིར་ཁུལ་དུ་འཚོག་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་ ༢༠ ལྷན་ཚོགས་ཐོག་མཉམ་ཞུགས་བྱས་མི་འདུག

A paramilitary trooper stands alert during a G20 tourism meeting in Srinagar.Getty Images

ཁ་སང་ཕྱི་ཚེས་ ༢༣  ནས་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཕྱོགས་ཇཱ་མུ་དང་ཀ་ཤི་མིར་མངའ་སྡེའི་ཤྲི་ནཱ་སྒར་དུ་འཚོག་མུས་ཡིན་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་ཐོག རྒྱ་ནག་གི་འཐུས་མི་གཙོས་སོ་དྷི་ཨ་རབ་བྷེ་ཡ་(Saudi Arabia)ཨི་ཇིབ་ (Egypt) ཌར་ཀི་ (Turkey) སོགས་ཀྱིས་མཉམ་ཞུགས་བྱས་མེད་པའི་ཁར། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པ་ཝང་ཝིན་པིན་(Wang Wenbin) གྱིས་རྒྱ་ནག་གཞུང་གིས་རྩོད་གླེང་ཧ་ཅང་ཆེ་བའི་རང་སྐྱོང་ས་ཁུལ་ཁག་ཏུ་བསྡུས་པའི་ཚོགས་འདུ་གང་ལའང་མཉམ་ཞུགས་བྱེད་ཀྱི་མེད་ཅེས་བསྒྲགས་འདུག

ཚོགས་ཆེན་དང་འབྲེལ་ཏེ་ཇཱ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་མགྲིན་ཚབ་པ་སྐུ་ཞབས་ཇི་ཏན་དྷ་སིང་(Jitendra Singh) ལགས་ཀྱིས། ད་ལན་འཛམ་གླིང་སྟོབས་ཆེན་ཉི་ཤུའི་ཚོགས་ཆེན་དེ་ཇཱ་མུ་དང་ཀ་ཤི་མི་ཡི་ཤྲི་ན་སྒར་(Srinagar) ལ་འཚོགས་པ་ནི་ཁུལ་དེའི་ནུས་སྟོབས་དང་རིག་གཞུང་སོགས་གསལ་སྟོན་བྱས་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་པ་དང་། ཁུལ་དེར་རྒྱལ་སྤྱི་རིམ་པའི་ཚོགས་འདུ་ཞིག་བསྡུས་པ་དེས། རྒྱ་གར་དང་རྒྱལ་སྤྱིའི་ནང་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཀྱང་གཏོང་གིན་ཡོད་སྐོར་སོགས་བརྗོད་འདུག 

དེ་བཞིན་ཇཱ་མུ་དང་ཀ་ཤི་མི་ནི་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་རྩོད་གླེང་ཧ་ཅང་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད་སྟབས། པ་ཀི་སི་ཐན་གྱིས་ཀྱང་ཁུལ་དེར་བསྡུས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ལ་དགག་པ་ཤུགས་ཆེན་རྒྱག་གིན་འདུག་ལ། སྤྱིར་འདས་པའི་མི་ལོ་ ༦༠ ལྷག་གི་རིང་རྒྱ་གར་བྱང་ཕྱོགས་ཇཱ་མུ་དང་ཀ་ཤི་མིར་ནི་རྒྱ་གར་དང་པ་ས་ཀི་སི་ཐན་གཉིས་ཀྱི་རྩོད་གླེང་ཆེས་ཆེ་བའི་ས་ཁུལ་དུ་གྱུར་ཡོད་པས།  པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་བྷི་ལ་ཝལ་ (Bilawal Bhutto Zardari) གྱིས་རྒྱ་གར་གཞུང་གིས་འཛམ་གླིང་གི་དཔལ་འབྱོར་དང་ཚོང་འབྲེལ་གྱི་ནུས་པ་མཉམ་སྤུངས་བྱེད་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་གཙོའི་གོ་གནས་དང་དབང་ཚད་ལོག་སྤྱོད་བྱེད་ཀྱིན་ཡོད་ལུགས་སོགས་བརྗོད་འདུག 

ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་གྷ་ཝན་ལུང་གཞོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་ཚབས་ཆེན་བྱུང་རྗེས། བོད་ཧིན་མཐའ་མཚམས་ཁག་ཏུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་དང་རྩོད་གླེང་ཡང་ཡང་འབྱུང་གི་ཡོད་པ་དང་། ཕྱོགས་གཉིས་བར་ཐེངས་མང་གྲོས་མོལ་བྱས་ཡོད་ཀྱང་གྲུབ་འབྲས་དེ་ཙམ་ཐོན་གྱི་མེད་པར་བརྟེན།  ད་ལྟ་བོད་ཧིན་མཐའ་མཚམས་ཀྱི་ས་གནས་མང་པོ་ཞིག་ཏུ་རྒྱ་དཀར་ནག་གཉིས་ཀྱིས་ཚོར་ཤུགས་ཆེན་པོས་འཛུགས་སྐྲུན་དང་ལྟ་སྲུང་བྱེད་མུས་ཡིན་པ་མ་ཟད། འདི་ལོའི་ཕྱི་ཟླ ༣ ཚེས་ ༢༥  ནས་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ནཱ་གྷར་ (Itanagar) དུ་འཚོགས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་ཁྲོད་དུའང་མཉམ་ཞུགས་བྱས་མེད་པ་རེད། འདི་ལོའི་ཕྱི་ཟླ ༤ ནང་རྒྱ་ནག་གི་མཐའ་མཚམས་སྐོར་གྱི་ཉམས་ཞིབ་པ་ཀྲང་ཡོང་པན་ (Zhang Yongpan) ཟེར་བ་ཞིག་གིས། རྒྱ་གར་གཞུང་གིས་བོད་ཀྱི་ལྷོ་རྒྱུད་ས་ཁུལ་ལ་བཙན་འཛུལ་བྱས་རྗེས། རྒྱ་གར་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་ས་ཁུལ་དེ་དག་ལ་གང་འདོད་དུ་མིང་བཏགས་ཡོད་པས།  ད་ལྟ་རྒྱ་ནག་གཞུང་ལ་ས་ཁུལ་དེ་དག་ལ་མིང་འདོགས་པ་དང་ལྟ་སྲུང་བྱེད་པའི་ཐོབ་ཐང་དགོས་ལུགས་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་མཐའ་མཚམས་དང་རྒྱལ་སྲུང་བདེ་འཇགས་སླད་བོད་ཀྱི་ལྷོ་རྒྱུད་ཀྱི་ས་ཁུལ་དེ་དག་སྲུང་སྐྱོབ་བྱ་དགོས་སྐོར་སོགས་བརྗོད་དེ། མོན་རྟ་དབང་ཁུལ་གྱི་ས་གནས་མང་པོ་ཞིག་ནི་བོད་ཀྱི་ལྷོ་རྒྱུད་ཡིན་ཡང་། རྒྱ་གར་གཞུང་གིས་ས་ཁུལ་དེ་དག་བཙན་འཛུལ་བྱེད་མུས་ཡིན་སྐོར་བསྒྲགས་ཡོད་པ་རེད།

 འདི་ལོའི་ཕྱི་ཟླ ༣ ཚེས་ ༢ བར་ཉིན་གྲངས་གཉིས་ཀྱི་འཛམ་གླིང་རྒྱལ་ཁབ་ཉི་ཤུའི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་ཡོད་ཅིང་། ཚོགས་ཆེན་དེའི་ཐོག་ཨོ་གླིང་དང་། རྒྱ་གར། དབྱིན་ཡུལ། ཨ་རི། འཇར་མན་གཙོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བཅུ་དགུ་ཡི་ཕྱི་སྲིད་བློན་ཆེན་རྣམས་ཀྱིས་རྒྱལ་ཁབ་ཁག་གི་མཉམ་རུབ་ཀྱི་ཐོག་ནས་ཟས་རིགས་དང་ཚོང་དོན་ཡར་རྒྱས་གཏོང་ཐབས་དང་།  འགྲོ་བ་མིའི་ཐོབ་ཐང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་མཉམ་རུབ་ཀྱི་ནུས་པ་ཇི་ལྟར་སྐྱེད་དགོས་མིན། ཨུ་རུ་སུ་དང་ཡུ་ཁི་རེན་གྱི་དཀའ་རྙོག་སོགས་ཀྱི་ཐད་ལ་གླེང་སློང་བྱས་ཡོད་ལ། སྐབས་དེར་རྒྱ་ནག་གི་ཕྱི་དྲིལ་བློན་ཆེན་ཆིན་ཀྲང་(Qin Gang)མཉམ་ཞུགས་བྱས་ཡོད་པ་རེད།

ད་ལན་ཇཱ་མུ་དང་ཀ་ཤི་མིར་དུ་འཚོགས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དེ་རྒྱ་གར་དུ་བསྡུས་ཐེངས་གསུམ་པར་གྱུར་ཡོད་ཅིང་། ཚོགས་ཆེན་དེའི་ཐོག་སྟོབས་ཆེན་རྒྱལ་ཁབ་ཁག་གི་འཐུས་མི་ ༦༠ ལྷག་གིས་མཉམ་ཞུགས་གནང་སྟེ། དྭངས་གཙང་གི་ཡུལ་སྐོར་ལྗོངས་རྒྱུ་(Green Tourism)དང་། འཕྲུལ་རིག་ཡར་རྒྱས། ནུས་པ་ཡར་སྐུལ། དམིགས་ཡུལ་ངེས་ཅན་གྱི་འཛིན་སྐྱོང་བྱ་བ་(Destination Management) སོགས་བརྗོད་གཞི་ཆེན་པོ་ལྔའི་ཐོག་གླེང་སློང་གནང་གིན་ཡོད་འདུག 

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese