མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལུང་སྡེ་སྣོད་གསུམ་ལ་ཉམས་ལེན་མ་བྱས་པར་ཆོས་གོས་རྣམ་གསུམ་གྱོན་པ་ཙམ་གྱིས་བསྟན་པ་འཛིན་མཁན་རྣལ་མ་ཞིག་ཆགས་ཀྱི་མེད་པས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་ཡིན་པའི་མིག་དཔེ་སྟོན་པར་ཧུར་ཐག་འབད་ཐག་དགོས་སྐོར་བཀའ་སློབ་བསྩལ་སོང་།

ཐེེག་ཆེན་འཛིན་སྐྱོང་ཚོགས་པས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དུས་བབ་ཀྱི་པར། ༢༣།༠༥།༢༤

 བླ་མ་བཟོད་པ་རིན་པོ་ཆེ་མཆོག་དམ་པའི་ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་སྐྱོང་ཐེབས་རྩ་ཁང་(the Foundation for the Preservation of the Mahayana Tradition)ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་༨།༠༠ ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་སྤྱི་ཡོངས་ནས་བརྟན་བཞུགས་ཤིག་ཕུལ་བ་རེད། འཛམ་གླིང་གི་སངས་རྒྱས་ཆོས་ལ་དད་པ་ཡོད་མཁན་སྤྱི་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་དང་བོད་གངས་ཅན་ལྗོངས་ཀྱི་འདུལ་བྱ་འཕགས་པ་སྤྱན་རས་ཀྱི་འདུལ་ཞིང་ཡིན་པ་དེ་དག་གིས། ངོས་ལ་མོས་པ་ཆེན་པོ་ཞེ་བོ་ཡོད་པ་རེད། ངོས་ཀྱི་ཚེ་ཅི་ཙམ་གྱིས་རིང་དུ་གནས་པ་དེ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པས་འགྲོ་བར་ཕན་ཐོགས་བསྡད་པ་མུ་མཐུད་ཡོང་གི་ཡོད་པ་རེད། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པ་གྱུར་བའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་གསུངས་པ་བཞིན། རྒྱ་བོད་ཧོར་གསུམ་གཙོ་བོར་གྱུར་བའི་ཡུལ་གྲུ་དེ་དག་གིས་ད་སྔ་ནས་སངས་རྒྱས་ཀྱི་ཆོས་དར་རྒྱས་ཆེན་པོ་ཡོད་བསྡད་པ་ཞིག་ཡིན་ཡང་། བར་སྐབས་འགྱུར་བ་ཆེན་པོ་ཕྱིན་པ་རེད། དེ་སྔ་སངས་རྒྱས་ཀྱི་ཆོས་ལ་འབྲེལ་བ་མེད་པའི་ནུབ་ཕྱོགས་རྒྱལ་ཁབ་ཏུ་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག འདི་འདྲའི་དུས་སྐབས་སུ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་སངས་རྒྱས་བསྟན་པའི་ཞབས་འདེགས་རྒྱ་ཆེན་པོ་སྒྲུབ་ཐུབ་པ་ཆགས་བསྡད་ཡོད། ངོས་ཀྱིས་བསྟན་པ་དང་འགྲོ་བའི་ཆེད་དུ་གང་ཕན་བྱེད་པའི་སེམས་ཤུགས་བསྐྱེད་བཞིན་ཡོད། དེ་རིང་ངོས་ལ་ཁྱེད་ཚོས་བརྟན་བཞུགས་ཕུལ་བ་རེད། དེ་ཡང་ཕྱི་ནང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་བྱས་ཏེ་ཕན་ཐོགས་ཡོང་གི་རེད། དེ་འདྲ་ཡིན་དུས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཙོ་བོ་བོད་གངས་ཅན་ལྗོངས་དང་། དེའི་ཉེ་འདབས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་པ་རྣམས་ལོ་རྒྱུས་ཀྱི་ཐོག་ནས་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད་བསྡད་པ་རེད། ཡུལ་གྲུ་དེ་དག་ལ་ངོས་ཀྱིས་ཞབས་འདེགས་གང་འཚམ་སྒྲུབ་ཐུབ་པའི་འདོད་པ་ཡོད་ལ་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་ཀྱིས། དེ་སྔ་སངས་རྒྱས་ཀྱི་ཆོས་མ་དར་བའི་ཡུལ་ལུང་མང་པོ་ཞིག་གི་ནང་དུའང་ངོས་ལ་དོ་སྣང་ཡོང་བཞིན་འདུག ལྷག་པར་དུ་ཆོས་ཁས་མི་ལེན་མཁན་དང་། ཆོས་ལ་དོ་སྣང་མེད་མཁན། ཚན་རིག་པའི་ནང་དུའང་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་ཡོང་བཞིན་འདུག ངོས་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་སྤྱི་དང་བྱེ་བྲག་གི་ཡུལ་ལུང་ཀུན་ལ་ཞབས་འདེགས་གང་འཚམ་སྒྲུབ་ཐུབ་པ་ཞིག་ཆགས་བསྡད་འདུག དེ་རིང་འདིར་བརྟན་བཞུགས་ཕུལ་བ་དེ་ཁྱེད་ཚོའང་སྨོན་ལམ་དང་སེམས་ཤུགས་འབྲེལ་ནས་ཡོད་པ་དེ་འདྲ་རེད། ངོས་ཀྱིས་ད་དུང་ལོ་བཅུ་ཕྲག་གཉིས་གསུམ་རིང་ཧུར་ཐག་བྱས་ཏེ་བསྟན་པ་དང་འགྲོ་བའི་ཆེད་དུ་ཕྱོགས་གང་ས་ནས་ཞབས་འདེགས་སྒྲུབ་རྒྱུ་ཡིན། ཆོས་ཁས་མི་ལན་མཁན་ཚོས་སེམས་པ་བཟང་པོ་བྱེད་དགོས་པ་དང་། ཡ་རབས་བྱེད་དགོས་པ། ཡ་རབས་བྱས་ན་སེམས་ལ་ཞི་བདེ་ཡོང་བ་དང་། སེམས་ལ་ཞི་བདེ་བྱུང་བ་ཡིན་ན་ལུས་ཀྱི་བསྡད་སྟངས་ལའང་ཕན་པ་ཡོད། དེར་ངོས་ཀྱི་ཉམས་མྱོང་ཐོག་ནས་མི་མང་པོར་བཤད་བཞིན་ཡོད། ངོས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་གང་ལ་གང་འཚམ་ཐུབ་པ་བྱུང་བ་རེད། ངོས་ཀྱིས་སེམས་ཤུགས་བསྐྱེད་བསྡད་ཡོད། ཁྱེད་ཚོས་ཐུགས་སྨོན་མཚམས་སྦྱོར་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན། དགྲ་བཅོམ་ས་གྷ་ལྷས། ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི།། བསམ་པ་ནམ་ཡང་མི་བྱའོ།། ཞེས་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་པ་ཙམ་གྱིས་ཡོང་གི་མ་རེད། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། བསླབ་པ་སློབ་གཉེར་ཡག་པོ་བྱས་ནས། བསླབ་པ་གསུམ་ལ་ཁ་ཡོད་ལག་ཡོད་གྱི་སྟེང་ནས་ཉམས་ལེན་བྱས་པ་ཡིན་ན། བསྟན་པ་འཛིན་མཁན་ཆགས་ཀྱི་ཡོད་པ་མ་གཏོགས། བསམ་བློའི་ནང་དུ་དེ་དག་ལ་དང་དོད་བྱས་པ་ལས་ལག་ལེན་མེད་པ་དང་། ལུས་ལ་ཆོས་གོས་གྱོན་པ་ཙམ་གྱིས་བསྟན་པ་འཛིན་མཁན་ཆགས་ཀྱི་མ་རེད་ཅེས་འདུལ་བའི་གཞུང་ཆེན་དུ་གསལ་བོ་ཞེ་དྲགས་འདུག

ཐེག་ཆེན་རྒྱུན་འཛིན་ཐེབས་རྩ་ཁང་གི་དད་ལྡན་རྣམས། ༢༠༢༣།༠༥།༢༤ དུས་བབ་ཀྱི་པར།

ང་ཚོ་ཚང་མ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དང་། ལུས་ལ་ཆོས་གོས་ངུར་སྨྲིག་གྱོན་བསྡད་པ་ཞིག་ཆགས་ཡོད། རྒྱ་ཧོར་བོད་གསུམ་ལས་རྒྱ་ནག་ལ་མཚོན་ན་གཞི་ནས་ནང་ཆོས་དར་ཡོང་གི་ཡོད་བཟོ་ལྟ་བུ་ཞིག་འདུག བོད་ལ་མཚོན་ན་དད་པ་དམ་ཚིག་ཧ་ལས་བའི་ཡག་པོ་ཡོད། ཆེན་པོ་ཧོར་གྱི་ཡུལ་དུའང་ངོས་རང་ཐེངས་ཁ་ཤས་ཕྱིན་པ་རེད། དངོས་གནས་དྲང་གནས་དད་པ་རྩེ་གཅིག་ཏུ་རེད། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ང་ཚོ་ཚང་མས་སྨོན་ལམ་ཡག་པོ་ཞིག་འདེབས་དགོས་པ་རེད། སོ་སོའི་ངོས་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་ཡིན་པའི་མིག་དཔེ་སྟོན་པར་ཧུར་ཐག་འབད་ཐག་དགོས་རེད། རང་ཉིད་ལ་ལག་ལེན་མེད་པར་ཁ་ནས་ཆོས་ཅི་ཙམ་བཤད་པ་ཡིན་ནའང་། གཞན་གྱིས་ཁོ་ལ་ཁ་བདེ་བོ་བཤད་པ་ཙམ་ལས་བཟོ་ལྟ་ཅི་ཡང་ཡོད་པ་མ་རེད་ཟེར་གྱི་རེད། ང་ཚོའི་ངོས་ནས་གཞན་ལ་ཅི་ཙམ་བཤད་པ་དེ་རང་ཉིད་ཀྱི་ལག་ལེན་ཐོག་ནས་གཞན་ལ་སློབ་སྟོན་བྱེད་ཐུབ་པ་ཞིག་ལ་ཧུར་ཐག་གནང་ཤོག ཅེས་གསུངས་སོང་།

ཡང་༧མགོན་པ་གང་ཉིད་ཀྱིས་། དེ་རིང་འདིར་བརྟན་བཞུགས་ཀྱི་སྦྱིན་བདག་ཞིང་གཤེགས་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་རེད། བླ་མ་བཟོད་པ་རིན་པོ་ཆེ་ནི་ཡུལ་ལུང་མང་པོ་ཞིག་ཏུ་འགྲོ་དོན་རྒྱ་ཆེན་པོ་ཞེ་དྲགས་རེད། ངོས་ཀྱི་གྲོགས་པོའི་ནང་ནས་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན། བར་སྐབས་མྱ་ངན་ལས་འདས་པ་རེད། ཁོང་གི་ཡང་སྲིད་ཡག་པོ་ཞིག་གཏན་གཏན་ཡོང་གི་རེད་ལ། ཡག་པོ་ཞིག་ཡོང་ཐུབ་པར་ངོས་ནས་ཀྱང་སྨོན་ལམ་འདེབས། རིན་པོ་ཆེ་ངོ་ཤེས་མཁན་ཁྱེད་ཚོས་ཀྱང་ཡང་སྲིད་ཡག་པོ་ཞིག་ཡོང་ཐུབ་པའི་དགོངས་པ་བཞེས་ཤོག སངས་རྒྱས་ཀྱི་བསྟན་པ་མ་དར་སའི་ཡུལ་ལུང་དུའང་དོ་སྣང་གསར་བ་ཞིག་སླེབས་བཞིན་ཡོད་པས། སངས་རྒྱས་ཀྱི་བསྟན་པ་ནུབ་པའི་མཚམས་སུ་སླེབས་མེད་པ་ཐག་བཅད་ནས་བཤད་ཐུབ་ལ། སངས་རྒྱས་ཀྱི་བསྟན་པ་ལོ་བརྒྱ་ཕྲག་ཁ་ཤས་གཏན་གཏན་བསྡད་ཐུབ་ཀྱི་རེད། སྐལ་བ་མི་འཇིགས་ཆོས་འཇིགས་ཀྱི་སྐབས་སུ་སླེབས་པ་ཡིན་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས། སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲངས་དང་། ལྷག་པར་དུ་དཔལ་ནཱ་ལེནྜའི་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཚོན་པའི་མཁས་པའི་དབང་བོ་དག་གི་རྗེས་སུ་འབྲངས་མཁན་ཞིག་ཏུ་ཆགས་ཡོད་དུས། ཚང་མས་དད་པ་ཙམ་མ་ཡིན་པར་རིག་པས་དཔྱད་པ་བྱེད་དགོས། ཚན་རིག་པའི་བཤད་པ་དང་ནང་ཆོས་ཀྱི་གཞུང་ལས་བཤད་པ་གཉིས་མཐུན་པོ་ཞེ་དྲགས་འདུག རིག་པས་དཔྱད་ནས་འགྲོ་བ་དེ་དཔལ་ནཱ་ལེནྜའི་ཐུན་མོང་མ་ཡིན་པའི་རིག་པ་ཆགས་བསྡད་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་ལའང་དོགས་པ་བསླངས་ནས་ལུང་དེ་སྒྲ་ཇི་བཞིན་ཁས་བླངས་པ་ཡིན་ན་རིག་པས་གནོད་ཡོང་གི་ཡོད་པར་བཤད་པ་ཞེ་དྲགས་ཡག་པོ་རེད། དངོས་གནས་དྲང་གནས་དད་པ་ཙམ་མ་ཡིན་པར་རིག་པས་དཔྱད་པ་བཏང་ནས་འགྲོ་བཞིན་ཡོད་པ་རེད། ངོས་ཀྱིས་ཀྱང་དེ་ལྟར་བྱེད་བཞིན་ཡོད་པ་དང་། ཁྱེད་ཚོས་ཀྱང་དེ་ལུགས་བཞིན་དགོངས་པ་བཅངས་རོགས་གནང་། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་རམ་ས་ལར་བསྡུས།

༢༠༢༣/༠༥/༠༥
བཞུགས་སྒར་དྷ་རམ་ས་ལར་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ་ཞི་བའི་ངོ་རྒོལ་བྱས། ༢༠༢༣།༠༤།༡༧ པར་དུས་བབ།
Mobile App

སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ས་གནས་མང་པོ་ན་ཞི་བའི་ངོ་རྒོལ་བྱེད་ཀྱི་འདུག

༢༠༢༣/༠༤/༡༧
༧གོང་ས་མཆོག་གིས་ཊུར་ཀི་མི་མང་ཁག་ཅིག་ལ་བཀའ་སློབ་བསྩལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཊུར་ཀི་མི་མང་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༤/༠༣

མཆན། 1

  1. Kelsang སྐལ་བཟང་། says:
    2 weeks སྔོན།

    མེ་འཇིག་ ཆུ་འཇིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist