མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp
སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཁག་ཅིག་ལ་བཀའ་སློབ་བསྩལ་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེང་གི་དུས་སྐབས་འདིར་སྤྱི་བར་བསམ་བློ་གཏོང་བ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་རན་པ་ཞིག་རེད་ཅེས་བཀའ་བསྩལ་སོང་།
ཁ་སང་ཕྱི་ཚེས་༢༦ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སཱ་ར་མཐོ་སློབ་དང་། ཨེ་མོ་རི་མཐོ་སློབ་བར་གྱི་ཤེས་ཡོན་བརྗེ་ལེན་ལས་གཞིའི་དགེ་སློབ་རྣམས་དང་། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་
ང་ཚོ་ཕྱོགས་གཅིག་ནས་བཙན་བྱོལ་བ་ཆགས་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་གར་དམངས་གཙོའི་རྒྱལ་ཁབ་ཏུ་ཡོད་པས་འཛམ་གླིང་དུ་འབྲེལ་བ་བྱེད་པར་ཕར་ཚུར་འགྲོ་འོང་སྟབས་བདེ་རུ་ཕྱིན་ཡོད། ངོས་རང་ལོ་རྒས་ཡོད་པས་ས་ཆ་ཐག་རིང་པོར་འགྲོ་བར་འདོད་པ་མེད་ཀྱང་། དགེ་བཤེས་ལགས་དང་རྒན་ལགས་རྣམས་ཕར་ཚུར་འགྲོ་འོང་བྱེད་ཐུབ་ཀྱི་ཡོད། ངོས་རང་སྐྱབས་མགོན་རིན་པོ་ཆེ་ཡིན་པས་སྔོན་མ་ཡིན་ན་བཞུགས་ཁྲི་ཞིག་གི་སྟེང་དུ་རྫིག་པོ་བྱས་ནས་བསྡད་དེ་སྐད་ཆ་ཡང་ཞེ་དྲགས་བཤད་ཀྱི་ཡོད་པ་མ་རེད། དེང་སྐབས་རང་དབང་དམངས་གཙོའི་ལུང་པར་བསྡད་ཡོད་པ་དང་། ངོས་རང་བཙན་བྱོལ་བ་ཆགས་ནས་ཡོད་དུས། ཆུ་འདྲིས་ནང་བཞིན་མི་གཞན་དང་མཉམ་དུ་ཉམས་མྱོང་གི་སྟེང་ནས་སྐད་ཆ་བཤད་པར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡག་པོ་འདུག རྟེན་ཅིང་ཆོས་ཉིད་མི་འདོད་ལ།། འབྱུང་ཞིང་འཇིག་རྟེན་ཚུལ་ཡང་བཏོན།། རིག་སྲོལ་ཀུན་ལས་རྒྱལ་བོ་ཅན།། རྟེན་ཅིང་འབྲེལ་འབྱུང་མཚན་མའི་བཀའ།། གོ་རྒྱུ་ཧ་ཅང་ཆེན་པོ་རེད། དེ་སྟོང་ཉིད་ཀྱི་ལྟ་བ་ཟེར་ནས་ཕྱི་ལོགས་ཀྱི་རྣམ་གཞག་ཙམ་གཏན་ལ་ཕབ་པ་མ་ཡིན་པར། ང་ཚོའི་ཆགས་སྡང་གི་བློ་སྐྱེ་ཡོང་དུས། ཆགས་སྡང་སྐྱེ་སའི་ཡུལ་དེ་དོན་གྱི་ངོས་ནས་ཡོད་པ་ཞིག་བློ་ལ་སྣང་ཡོང་གི་ཡོད། སྣང་བ་བཞིན་དུ་ཕར་ངོས་ན་ཡོད་པའི་བསམ་བློ་བཏང་དེ་ཡིད་དུ་འོང་བ་ལ་ཆགས་པ་དང་། ཡིད་དུ་མི་འོང་བར་སྡང་བའི་བློ་སྐྱེ་ཡོང་གི་ཡོད། དེ་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ཡིན་པ་དང་། རྟོགས་པའི་བཏགས་ཙམ་ཡིན་པའི་བསམ་བློ་འཁོར་ཡོང་དུས། ཆགས་སྡང་གི་བློ་སྐྱེ་བ་ག་ལེར་ཞི་འགྲོ་ཡི་ཡོད་པས་ཞེ་བོ་ཡག་པོ་རེད། ཐབས་ཀྱི་ཆ་ནས་བྱང་ཆུབ་སེམས་སྒོམ་ནས། ཀུན་ལ་ཕན་པའི་བསམ་བློ་ཡག་པོ་ཐོངས། ཤེས་རབ་ཀྱི་ཆ་ནས་རྟོགས་པ་གཉིས་ཀྱི་དོན་ལ་བསམ་བློ་བཏང་ཡོང་དུས། དེ་གཉིས་ཟུང་དུ་འབྲེལ་ནས་རང་རྒྱུད་ཀྱི་ཆགས་སྡང་རྨོངས་གསུམ་གང་གིས་ཀྱང་མི་ཐུབ་པའི་ཡང་དག་ལྟ་བ་ཡག་པོ་སླེབས་ཀྱི་འདུག ངོས་རང་ལ་ཞི་གནས་སྒོམ་པའི་དུས་ཚོད་ཡོང་གི་མི་འདུག་མོད། གཞན་སྟོང་ཉིད་དང་བྱང་ཆུབ་སེམས་ལ་བསམ་བློ་གཏོང་དུས། ངོས་ཀྱི་མི་ཚེ་འདིར་བྱང་སེམས་སྦྱོར་ལམ་སྐྱེ་ཐུབ་པར་དྲན་གྱི་འདུག སྦྱོར་ལམ་གྱི་རྟོགས་པ་རྙེད། དེ་ནས་རིམ་པ་བཞིན་ས་དང་པོ་དང་། ས་གཉིས་པ། ས་གསུམ་པ་སོགས་ས་ཆུ་རིམ་གྱིས་བགྲོད་ནས། ཨོཾ་ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཚིག་ཙམ་མིན་པར་སངས་རྒྱས་ཀྱི་ས་ལ་འགྲོ་བ་ལ། བསམ་བློར་ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད། ངོས་ཀྱི་སེམས་སུ་གདེང་ཚོད་ཞེ་དྲགས་ཡོང་གི་འདུག  རྒྱ་མི་གུང་ཁྲན་གྱིས་བོད་པར་སྡུག་པོ་བཏང་དེ། བོད་མི་མང་པོས་རང་ཤི་རྒྱག་དགོས་ཁེལ་བ་ཡོང་གི་ཡོད། སྡུག་བསྔལ་མྱོང་མཁན་གྱི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སྨོན་ལམ་འདེབས་ཀྱི་ཡོད། རྒྱ་མི་གུང་ཁྲན་དང་མ་རིག་པའི་གཞན་དབང་དུ་གྱུར་བ་ལ་སྙིང་རྗེའི་བློ་ཤུགས་ཆེན་ཡོང་གི་འདུག་པས། ཆགས་སྡང་གི་བློ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་བཞིན་འདུག ད་ལྟ་བར་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཉམས་ལེན་ལ་ཧུར་ཐག་བྱས་པ་ཡིན། ལྷ་ཡི་རྣལ་འབྱོར་མང་པོ་བཏོན་གྱི་ཡོད་ཀྱང་གཙོ་འདོན་བྱེད་ཀྱི་མེད། གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ཐོག་བསམ་བློ་གཏོང་བཞིན་ཡོད། ཅེས་གསུངས་སོང་།
ཡང་མགོན་པོ་གང་ཉིད་ཀྱིས། ངོས་རང་དཔལ་འབྱོར་གྱི་གནས་སྟངས་ཐོག་སྤྱི་ཚོགས་རིང་ལུགས་ལ་དགའ་བོ་ཞེ་དྲགས་ཡོད་ཀྱང་། ཁ་ཤས་ཀྱིས་དབང་ཆ་བཟུང་ནས་ཕྱུག་པོ་ཆགས་བསྡད་ཡོད་པ་ནོར་འཁྲུལ་རེད། ངའི་ངོས་ནས་མི་མང་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སེལ་བར་གང་ཐུབ་ཀྱིས་སྤྱི་ཚོགས་ལ་བསམ་བློ་གཏོང་བ་དེ་ཡིན། མང་ཚོགས་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་རེད། ཚོང་པ་དང་དཔལ་འབྱོར་ཡོད་མཁན་ཚོའང་མི་མང་ལ་བརྟེན་ཡོད། དེང་སང་གི་དུས་སྐབས་འདིར་སོ་སོའི་ལུང་པ་དང་། ཁྱིམ་མཚེས། ཁྱིམ་ཚང་བཅས་གཅིག་པོར་དངོས་ཡོད་གནས་ཚུལ་གྱིས་ལྟ་བར་རན་པོ་མི་འདུག སྤྱི་པར་བསམ་བློ་གཏོང་བར་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་རན་པ་ཞིག་རེད། སེམས་པ་རྣམ་དག་དང་ཕྱི་གསལ་ནང་གསལ་གྱིས་སྤྱི་དོན་སྒྲུབ་ན་བསྟོད་བསྔགས་བྱེད་མཁན་དང་། དགའ་མོས་བྱེད་མཁན་རང་ཤུགས་ཀྱིས་ཡོང་བ་ཞིག་རེད། དེང་སང་གསར་འགྱུར་ག་རེ་ཡིན་ཡང་ཕྱི་གསལ་ནང་གསལ་ཡོང་གི་ཡོད། སྤྱི་ཚོགས་རྙིང་པའི་ནང་དུ་རྒྱབ་མདུན་བྱས་ནས་མི་ཚེ་བསྐྱལ་མཁན་ཡོད་ཀྱང་དུས་ཚོད་དེ་ཡོལ་བ་རེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཞེས་འདོན་པ་འདོན་གྱི་ཡོད། ལག་ལེན་གྱི་ཐོག་ནས་སོ་སོའི་ལུང་པ་དང་། སོ་སོའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་དེར་བསྒྱུར་བཅོས་གཏོང་དགོས། ཁ་ནས་སེམས་ཅན་ཐམས་ཅད་ལབ་པ་བཞིན་དུ་བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པ་སྒོ་ཀུན་ནས་མཚུངས་བའི་སེམས་ཅད་ལ་བདེ་བ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་བྲལ་བར་གྱུར་ཅིག  དེ་འདྲའི་བསམ་བློ་བཏང་བ་དང་ཆབས་ཅིག་དངོས་ཡོད་ཀྱི་ལག་ལེན་སྟེང་ནས་གཞན་ཕན་གྱི་བྱ་བ་བསྒྲུབ་རྒྱུ་གལ་ཆེན་པོ་རེད། སོ་སོའང་སྲོག་ལྡན་པ་ཞིག་ཆགས་ཡོད་དུས། དེའི་སྒོ་གསུམ་གྱི་ཆ་རྐྱེན་ག་རེ་ཡོད་པའི་ཐོག་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ་དངོས་དང་བརྒྱུད་པའི་ཐོག་ནས། ཕན་པའི་རྒྱུ་རུ་འགྲོ་བ་ཞིག་བྱ་རྒྱུ་ཡིན་པའི་སྙིང་སྟོབས་དང་དམ་བཅའ་འཇོག་པ། རང་ཉིད་ཀྱི་སྒོ་གསུམ་ནས་གཞན་ཕན་གྱི་བསམ་བློ་ཁོ་ན་གཏོང་བའི་འདུན་པ་སྐྱེ་ན་ཡག་པོ་རེད། ཅེས་བཀའ་སློབ་བསྩལ་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. ལྷ་རྡོ་རྗེ། says:
    ལོ་ 3 སྔོན།

    ས་ཆུ་རིམ་གྱིས་ (ས་བཅུ་རིམ་གྱིས་)
    ལྷ་ཡི་རྣལ་འབྱོར་མང་པོ་བསྟུན་གྱི་ཡོད་ཀྱང་གཙོ་བཏོན་བྱེད་ཀྱི་མེད། (ལྷ་ཡི་རྣལ་འབྱོར་མང་པོ་བཏོན་གྱི་ཡོད་ཀྱང་གཙོ་འདོན་བྱེད་ཀྱི་མེད།)
    གཅིག་པོར་(གཅིག་པུར་)
    མཚུངས་བའི་(མཚུངས་པའི་)
    འདུན་པ་སྐྱེ་ན་(འདུན་པ་སྐྱེད་ན་)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese