མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་རཱི་སཱིབ་ཊའེ་ཡིབ་ཨེར་ཌོ་གྷན་ (Recep Tayyip Erdogan) ལགས་ལ་བསྐྱར་དུ་སྲིད་འཛིན་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པའི་མི་མང་གི་མངོན་འདོད་དང་རེ་བ་བསྒྲུབ་སླད་དཀའ་ངལ་རྣམས་ལ་གདོང་ལེན་གནང་དགོས་པའི་ལམ་སྟོན་མཛད་འདུག

༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྩལ་བའི་གསུང་འཕྲིན་ནང་། དེང་གི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ཏུར་ཀིའི་རྒྱལ་ཁབ་མུ་མཐུད་དུ་ཡར་རྒྱས་གོང་འཕེལ་དུ་འགྲོ་ཡི་ཡོད་པ་དང་། ང་ཚོ་གཅིག་ལ་གཅིག་རྟེན་གྱི་འཛམ་གླིང་འདི་ཞི་བདེ་དང་སྲ་བརྟན་ཡོང་བར་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་རེ་བ་ཡོད། སྐུ་ཉིད་ནས་ཏུར་ཀིའི་མི་མང་ཡོངས་དང་སྤྱི་ཚོགས་ཀྱི་ཟུར་དུ་ཕུད་པའི་མི་མང་རྣམས་ཀྱི་མངོན་འདོད་དང་རེ་བ་བསྒྲུབ་སླད། འབྱུང་འགྱུར་གྱི་དཀའ་ངལ་རྣམས་ལ་གདོང་ལེན་བྱ་ཐུབ་པའི་སྨོན་འདུན་ཡོད། ཅེས་གསུངས་འདུག

ཁ་སང་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཏུར་ཀིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད། ཏུར་ཀིའི་སྤྱི་མཐུན་སྲིད་དོན་ཚོགས་པ་(the Republican People’s Party)ཡི་མགོ་འཁྲིད་སྐུ་ཞབས་ཀེ་མལ་ (Kemal Kilicdaroglu) ལགས་སུ་འོས་གྲངས་བརྒྱ་ཆ་ ༤༧།༩ དང་། སྲིད་འཛིན་ལས་ཐོག་སྐུ་ཞབས་རི་སིབ་ཊའེ་ཡིབ་ཨེར་ཌོ་གྷན་ (Recep Tayyip Erdogan) ལགས་ལ་འོས་གྲངས་བརྒྱ་ཆ་ ༥༢།༡ ཐོབ་སྟེ་ཁོང་ཡང་བསྐྱར་སྲིད་འཛིན་དུ་བདམས་ཡོད་འདུག ད་ལན་ནི་སྐུ་ཞབས་ཨེར་ཌོ་གྷན་ལགས་སུ་ཡུལ་དེའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་ཐེངས་གསུམ་པ་དེ་ཡིན་འདུག

སྐུ་ཞབས་ཨེར་ཌོ་གྷན་ལགས་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་རྗེས་ཁོང་གིས། ད་ལྟའི་དུས་སུ་འོས་བསྡུའི་སྐབས་ཀྱི་རྩོད་རྙོག་རྣམས་ལ་བསམ་བློ་མི་གཏོང་བར། ང་ཚོའི་རྒྱལ་ཁབ་ཀྱི་དམིགས་ཡུལ་དང་འཆར་སྣང་རྣམས་གཅིག་ཏུ་འདུས་དགོས། ཞེས་དང་། ཁོང་གི་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ང་ཚོ་གཅིག་པུར་རྒྱལ་ཁ་ཐོབ་པ་མ་རེད། ཏུར་ཀི་ལ་རྒྱལ་ཁ་ཐོབ་པ་རེད། ང་ཚོའི་སྤྱི་ཚོགས་ཀྱི་ཆ་ཤས་ཡོངས་ལ་རྒྱལ་ཁ་ཐོབ་པ་དང་། ང་ཚོའི་དམངས་གཙོ་ལ་རྒྱལ་ཁ་ཐོབ་པ་རེད། ཅེས་གསུངས་འདུག

སྲིད་འཛིན་ཨེར་ཌོ་གྷན་ལགས་ཀྱིས། ཕྱི་ཟླ་ ༢ ཚེས་ ༦ ཉིན་ཏུར་ཀི་དང་སི་རི་ཡའི་ནང་ས་ཡོམ་བྱུང་བའི་རྐྱེན་གྱིས་མི་གྲངས་ ༥༠,༠༠༠ ལྷག་འདས་གྲོངས་སུ་ཕྱིན་པ་སོགས་གནས་སྟངས་ཛ་དྲག་པོ་ཆགས་པར་བརྟེན། རྒྱལ་ཁབ་ཀྱི་གནས་སྟངས་ཡར་རྒྱས་གཏང་རྒྱུ་དང་། རྒྱལ་ཁབ་ཀྱི་ཅ་དངོས་སོགས་ཀྱི་རིན་གོང་བརྒྱ་ཆ་ ༤༣།༧༠ འཕར་ཆ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་རྒྱུ་ནོར་གྱི་གྱོང་གུད་ཕོག་མཁན་རྣམས་ལ་གུན་གསབ་སྤྲོད་རྒྱུ་དང་། ཅ་དངོས་སོགས་ཀྱི་རིན་གོང་ཤུགས་ཆེན་འཕར་བ་རྣམས་ཆུང་དུ་གཏང་རྒྱུའི་ཁས་ལེན་དམ་བཅའ་བཞག་ཡོད། ཅེས་གསུངས་འདུག

ཁོང་གི་ཁ་གཏད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀེ་མལ་ (Kemal Kilicdaroglu) ལགས་ཀྱིས། ད་ལན་གྱི་འོས་བསྡུ་ནི་ཆེས་དྲང་བདེན་མིན་པའི་འོས་བསྡུ་ཞིག་ཡིན་པ་དང་། ཐེངས་འདིའི་འོས་བསྡུའི་ནང་ནས་མི་མང་རྣམས་ཀྱིས་མི་གཅིག་དབང་སྒྱུར་གྱི་རིང་ལུགས་ལ་འགྱུར་བ་གཏོང་རྒྱུའི་རེ་འདུན་ཡོད་པ་གསལ་པོ་མངོན་ཐུབ་པ་དང་། ང་ཚོའི་རྒྱལ་ཁབ་དེ་དོན་དངོས་སུ་དམངས་གཙོར་མ་འགྱུར་བར་དུ་མུ་མཐུད་ནས་དཀའ་ལས་རྒྱག་གི་ཡིན། ཞེས་བརྗོད་འདུག

རི་སིབ་ཊའེ་ཡིབ་ཨེར་ཌོ་གྷན་ (Recep Tayyip Erdogan) ལགས་ནི་ཕྱི་ལོ་ ༡༩༥༤ ལོར་ཁ་ཆེའི་ཁྱིམ་ཚང་སྐྱོ་བོ་ཞིག་ཏུ་སྐྱེས་བ་དང་། ཕྱི་ལོ་ ༡༩༦༥ ལོར་ཀ་སིམ་པ་ས་པི་ཡལ་གཞི་རིམ་སློབ་གྲྭར་ (Kasımpaşa Piyale primary school) ཕྱིན་རྗེས། ཕྱི་ལོ་ ༡༩༧༣ ལོར་ཨི་མམ་ཧ་ཏིབ་སློབ་གྲྭ་ (İmam Hatip school) ནས་ཁ་ཆེའི་ཆོས་ལུགས་དང་དེའི་འཚོ་ཐབས་སྐོར་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༤ ནས་ ༡༩༩༨ བར་ཨི་སི་ཊན་བྷུལ་ (Istanbul) གྲོང་ཁྱེར་སྤྱི་ཁྱབ་ཀྱི་ཕྱག་ལས་གནང་སྟེ། ཆུའི་དཀའ་ངལ་དང་སྦག་བཙོག འགྲིམ་འགྲུལ་གྱི་དཀའ་ངལ་སོགས་གང་ཙམ་སེལ་ཐུབ་ཡོད་འདུག  ཁོང་ནི་དྲང་བདེན་དང་ཡར་རྒྱས་ཚོགས་པའི་ཚོགས་མི་ཡིན་པ་དང་། ཕྱི་ལོ་ ༢༠༠༣ ནས་ ༢༠༡༤ བར་ཏུར་ཀིའི་རྒྱལ་ཁབ་ཀྱི་སྲིད་བློན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༤ ནས་ད་བར་སྲིད་འཛིན་གྱི་ཕྱག་ལས་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཚོགས་པའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་དགེ་སློབ་ཁག་ཅིག་ལ་མཇལ་ཁ་བཀའ་སློབ་བསྩལ། ༢༠༢༣།༠༧།༢༥ ཕོ་བྲང་གི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་བསླབ་པ་སློབ་གཉེར་བྱེད་གལ་ཆེ་བའི་བཀའ་སློབ་བསྩལ།

༢༠༢༣/༠༧/༢༦
ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རིག་གནས་སློབ་ཐོན་པའི་མཛད་སྒོ། ༢༠༢༣།༠༥།༠༩
Mobile App

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུའི་དམ་བཅའ་བརྟན་པོ་དགོས་སྐོར་བཀའ་སློབ་གནང་།

༢༠༢༣/༠༥/༠༩
༧གོང་ས་མཆོག་གིས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་འཕྲད། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༢༦
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཇལ་རྗེས་ང་ཚོའི་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་སོང་།

༢༠༢༣/༠༤/༢༧
ལ་དྭགས་ཀྱི་རྩིས་ལོ་ ༢༠༢༣་་༢༤ ལོའི་སྔོན་རྩིས་གྲོས་ཚོགས་ཚོགས་དུས། ལ་དྭགས་བང་ཆེན་གྱི་དྲ་ལམ་ནས་བླངས།
Mobile App

རྒྱ་གར་གྱི་གསར་ཁང་རེ་ཟུང་ལ་དྭགས་སུ་བཀག་སྡོམ་གནང་རྒྱུ་སྤྱི་མོས་གཏན་འབེབས་བྱུང་།

༢༠༢༣/༠༤/༡༩
The Scheherazade Foundation Gold Medal Award for His Holiness the Dalai Lama
༸གོང་ས་མཆོག གསར་འགྱུར།

དབྱིན་ཇིའི་ཐེབས་རྩ་ཁང་ཞིག་གིས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ།

༢༠༢༣/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༡༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་མཇལ་ཁ་བསྩལ།

༢༠༢༣/༠༤/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist