མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

བོད་ཀྱི་དུས་བབ།
༢༠༢༣/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་འཇམ་དཔལ་དབྱངས་ཀྱི་རྗེས་གནང་གནང་སྐབས། བོད་མི་ཚོས་ནུབ་ཕྱོགས་པའི་རིག་གསར་ཐོག་དོ་སྣང་བྱས་ཏེ་རང་རེའི་བོད་མིའི་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུ་འཐུས་ཤོར་ཕྱིན་ཡོད་པའི་བཀའ་སློབ་བསྩལ།

༧གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩལ་སྐབས། བོད་ཀྱི་དུས་བབ་ཀྱི་པར། པྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན།

དེ་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་པའི་སློབ་མ་རྣམས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་ཉིན་གཉིས་པའི་བཀའ་ཆོས་སྩལ་གནང་མཛད་སྐབས། དེ་རིང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བྱ་རྒྱུ་རེད། གང་ལྟར་རིགས་གསུམ་མགོན་པོ་ཟེར་ནས་སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། ཕྱག་སྟོང་སྤྱན་སྟོང་བཅས་ང་ཚོས་རྩ་ཆེན་པོ་བརྩི་ཡི་ཡོད་པ་རེད། མགོན་པོ་འཇམ་དཔལ་དབྱངས་ཟེར་བ་འདི་ཤེས་རབ་ཀྱི་ལྷ་རེད། ངོས་རང་ཆུང་དུས་སྐུ་འབུམ་གྱི་རྗེ་རིན་པོ་ཆེའི་གསེར་གདུང་ཡོད་ས་དེར་ལྟད་མོ་ལྟ་བར་ཕྱིན་པའི་སྐབས། གྲྭ་པ་ཆུང་ཆུང་གིས་གསེར་གདུང་ཆེན་མོའི་སྐུ་མདུན་ལ་ཕྱག་འཚལ་གྱིན་ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེ་དྲགས་བགྲང་གི་རེད།  ངོས་རང་གིས་ཀྱང་ཏོག་ཙམ་བགྲངས་མྱོང་། ང་རང་ཚོའི་བོད་ལ་སྐྱ་སེར་མཆོག་དམན་མེད་པར་མང་པོ་ཞིག་གིས་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཨོཾ་ཨ་ར་པ་ཙ་ན་དྷཱིཿཟེར་བ་དེ་འདོན་གྱི་ཡོད། འདི་ཞེ་དྲགས་ཀྱི་གལ་ཆེན་པོ་རེད་འདུག ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་གོང་ནས་གོང་དུ་འཕེལ་རྒྱས་མ་བྱུང་ན། སྤྱིར་བླང་དོར་གྱི་གནས་ག་པར་ཡིན་ནའང་ཐེ་ཚོམ་མ་གཏོགས་གསལ་པོ་ཡོང་གི་མེད་པ་རེད། རིག་པ་གསལ་བོ་ཡོད་ན་དངོས་གནས་དྲང་གནས་ཀྱིས་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་འདྲ་ཞིག་ཡིན་ནའང་ཕར་བརྟག་དཔྱད་བྱེད་དུས། བདེན་དོན་གསལ་བོ་ཆགས་ཡོང་གི་རེད། དེར་བརྟེན། ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ཟེར་བ་དེ་ཞེ་དྲགས་རྩ་ཆེན་པོ་རེད་འདུག  ཅེས་གསུངས།

ཡང་༧མགོན་པོ་གང་ཉིད་མཆོག་གིས། ངོས་རང་ཆུང་ཆུང་སྐབས་ཨོཾ་ཨ་ར་པ་ཙ་ན་དྷཱིཿཟེར་བ་འདི་པུ་གུ་ཆུང་ཆུང་ཚོས་འདོན་གྱི་ཡོད་པ་ད་ལྟའང་གསལ་བོ་ཞེ་དྲགས་དྲན་གྱི་འདུག ངོས་རང་གིས་ཁོང་ཚོར་ལད་ཟློས་བྱེད་ཀྱི་ཡོད། དེ་དུས་ངོས་རང་ལོ་གསུམ་བཞི་ཙམ་ཞིག་རེད། ཆུང་ཆུང་རེད། སྐུ་འབུམ་དགོན་པའི་གྲྭ་པའི་ནང་ལ་མཐོང་མ་འདོད་པ་གཅིག་ཡོད། ངོས་རང་གིས་ཏོག་ཙམ་མ་དགའ་བའི་རྣམ་འགྱུར་བསྟན་པས་ཁོ་བྲོས་ཕྱིན་སོང་། ཁོ་རང་ཁང་པ་ཆུང་ཆུང་ཞིག་གི་ནང་ལོགས་ལ་ཡར་འཛུལ་ནས་ཁང་པའི་སྒོ་དེ་བརྒྱབ་པ་རེད། ངོས་རང་གིས་སྒོ་འགྲམ་ལ་གོ་ཐལ་གང་འཚམ་བྱུག་པ་ཡིན། དེ་དུས་ཆུང་ཆུང་རེད་ལ། ཚོགས་ཆེན་གྱི་མདུན་དུ་ཨ་ར་པ་ཙ་བགྲངས་ནས་ཕྱག་འཚལ་མཁན་མང་པོ་ཡོང་གི་འདུག ངོས་རང་གིས་དེར་ཏོག་ཙམ་དོ་སྣང་བྱུང་། ཨ་ར་པ་ཙ་དངོས་གནས་དྲང་གནས་ཀྱིས་སྔགས་བྱིན་རླབས་ཆེན་པོ་རེད་འདུག འདིས་རིམ་བཞིན་རྗེ་བཙུན་འཇམ་དཔལ་དབྱངས་སྒྲུབ་ཐབས་སུ་ཕྱི་སྐོར་དང་ནང་སྐོར། གསང་སྐོར་སོགས་མང་པོ་ཞེ་དྲགས་ཡོད།  ངོས་རང་ལ་འཇམ་དབྱངས་ཆོས་སྐོར་རྒྱུད་སྡེ་གོང་འོག་གི་ཐོག་ནས་མི་འདྲ་བ་ཡོད་པ་དེ་ཚོ་ཧ་ལམ་ཆ་ཚང་ཐོབ་ཡོད། ཉིན་རེ་བཞིན་དུ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་བསྒོམ། ཚེ་སྒྲུབ་ཀྱི་སྔགས་མ་འདོན་གོང་ལ་ཨ་ར་པ་ཙ་ཞོགས་ལྟར་བགྲང་གི་ཡོད། དེ་ནས་ཤེས་རབ་ཆེ་བ། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། དེ་བཞིན་འཆད་པའི་ཤེས་རབ། རྩོད་པའི་ཤེས་རབ། རྩོམ་པའི་ཤེས་རབ་ཟེར་བ་དེ་འདྲ་མང་པོ་འདུག སྤྱིའི་ཆ་ནས་རྣམ་འབྱེད་ཀྱི་ཤེས་རབ་གཅིག་པ་རེད་དེ། སྡེ་ཚན་སོ་སོའི་ནང་ལོགས་ལ་དམིགས་བསལ་གྱིས་ཤེས་རབ་གཅིག་ཡོད་པར་བརྟེན། འཆད་པའི་ཤེས་རབ། རྩོད་པའི་ཤེས་རབ། རྩོམ་པའི་ཤེས་རབ་སོགས་ཤེས་རབ་ཀྱི་ནང་གསེས་བྱེད་ལས་མི་འདྲ་བ་ཡོད་པ་རེད།  ཅེས་གསུངས།

ཡང་༧མགོན་པོ་གང་ཉིད་མཆོག་གིས། ངོས་རང་ལ་ཆ་བཞག་ན། ད་ལྟ་བཤད་མ་ཐག་པ་ནང་བཞིན་རེད། ངོས་རང་ཆུང་ཆུང་སྐབས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལབ་དུས་སེམས་ཐག་ཉེ་བོ་ཡོད། ཆུང་དུས་ནས་ངོས་རང་གིས་ཨ་ར་པ་ཙ་བགྲང་གི་ཡོད། ད་ལྟ་ལོ་བརྒྱད་ཅུ་གྱ་གྲངས་ནང་བསླེབས་ཡོད་དུས། རྗེ་བཙུན་འཇམ་དཔལ་དབྱངས་འཕགས་པའི་ལྷ་ལ་བརྟེན་ནས། དེའི་གཟུངས་སྔགས་ཨོཾ་ཨ་ར་པ་ཙ་ན་དྷཱིཿ ་ཞར་དང་ཞོར་ལ་བགྲངས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་པ་དེས། དངོས་གནས་དྲང་གནས་ཀྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བར་ཕན་ཐོགས་བྱུང་བའི་བཟོ་འདྲ་བོ་མཐོང་གི་འདུག དེར་བརྟེན་ང་རང་ཚོ་ཆོས་གྲོགས་གཞོན་སྐྱེས་ཚོར་ཆ་བཞག་ནའང་རྗེ་བཙུན་འཇམ་དཔལ་དབྱངས་ལ་བརྟེན་ནས་ཨ་ར་པ་ཙ་བགྲངས་ནས། སོ་སོའི་སློབ་སྦྱོང་ག་རེའི་ཐོག་ལ་ཡིན་ནའང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཀྱི་ཐོག་ནས་རིག་པ་ཡག་ཏུ་ཕྱིན་པ་ཡིན་ན། ག་རེ་ཡིན་ཡང་ལས་སླ་པོར་ཤེས་པ་ཞིག་ཡོང་གི་རེད།

ངོས་རང་བོད་ལ་ཡོད་སྐབས་ནས་དོ་སྣང་བྱུང་། ང་ཚོའི་དགེ་བཤེས་དང་མཚན་ཞབས་ནང་ལའང་བརྩོན་འགྲུས་ཞེ་དྲགས་ཆེན་པོ་རེད་དེ་རིག་པ་རྣོ་བོ་མེད་དུས་དཀའ་ལས་ཞེ་དྲགས་རྒྱག་གི་ཡོད། ཡིན་ནའང་ངོས་རང་གིས་དཀའ་ལས་གང་ཡང་རྒྱག་དགོས་བྱུང་མེད། བསམ་བློ་བཏང་དུས་ངོས་རང་ལ་ཆུང་ཆུང་སྐབས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཏན་ཏན་ཐོབ་འདུག་བསམ། རྩ་བའི་ཆ་ནས་ཚེ་རབས་མང་པོའི་བག་ཆགས་ཤིག་ཡོད་ཀྱི་རེད་ལ། ཚེ་འདིའི་དབང་དུ་བྱེད་པ་ཡིན་ནའང་ཆུང་དུས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་བཞུགས་བསྡད་པ་ཞིག་གིས། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཤེས་རབ་སྒྲོན་མེའི་རབ་ཏུ་རྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། ཞེས་དངོས་གནས་དྲང་གནས་སྲིད་པ་གསུམ་གྱི་སེམས་ཅན་གྱི་རྒྱུད་ཀྱི་མ་རིག་པའི་མུན་པ་སེལ་བའི་འཕྲིན་ལས་ཐུན་མོང་མ་ཡིན་པ་ཡོད་བསྡད་པ་ཞིག་རེད། ཅེས་གསུངས།

༧མགོན་པོ་མཆོག་གིས། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཡོངས་གྲགས་རེད། རྗེ་རིན་པོ་ཆེའི་འཁྲུངས་ས་དེ་ངོས་རང་སྐྱེས་ས་དང་ཐག་ཉེ་པོ་ཡོད་པ་རེད། དེར་བརྟེན་རྗེ་རིན་པོ་ཆེའི་བསྟོད་བསྔགས་ཐོས་ཡོང་དུས། རྗེ་རིན་པོ་ཆེ་དང་ངོས་རང་གཉིས་ཕ་ཡུལ་གཅིག་པ་ཡིན་བསམ་ནས་ངོས་རང་གིས་རྟག་པར་དྲན་གྱི་ཡོད། རྗེ་རིན་པོ་ཆེས་བོད་གངས་ཅན་ལྗོངས་ཀྱི་ས་སྐྱ་བཀའ་རྙིང་རིས་སུ་མ་མཆེད་པར་བཀའ་འགྱུར། བསྟན་འགྱུར་སོགས་གཞུང་ཚང་མར་གཟིགས་པ་ནི་དངོས་གནས་དྲང་གནས་ཧ་ལས་པ་ཞིག་རེད། ཡིན་ནའང་དེ་དུས་ཚན་རིག་དར་མེད།  ནུབ་ཕྱོགས་པའི་ཤེས་ཡོན་དེ་ཚོ་མེད། ངོས་རང་རྗེ་རིན་པོ་ཆེའི་ཕ་ཡུལ་གཅིག་པ་དང་མིང་ལ་ལྷ་མོ་དོན་གྲུབ་ཟེར་བ་རེད། ངོས་རང་གིས་ད་ལྟའི་འཛམ་གླིང་འདིའི་སྒང་གི་ཤེས་ཡོན་མི་འདྲ་བ་མང་པོ་ཞིག་ཐོས་པ་ཙམ་དུ་མ་ཟད། མཁས་དབང་ཚོ་མཉམ་དུ་གོ་བསྡུར་བྱེད་ཀྱི་ཡོད། གང་ལྟར་རང་བཞིན་ལྷན་སྐྱེས་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟབ་པོ་ཞིག་ཡོད་པའི་ཐོག་ལ་དེང་སྐབས་འཛམ་གླིང་གི་ཕྱི་ནང་གང་སར་ནས་ཤེས་ཡོན་མི་འདྲ་བ་མང་པོ་ཞིག་གོ་བསྡུར་བྱེད་པ་དང་འགྲེལ་བཤད་རྒྱག་དགོས་པའི་རིགས་ཡོང་གི་འདུག དེར་བརྟེན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རལ་གྲི་འདི་འོད་ཇེ་ཆེར་འཕྲོས་མཁན་ཞིག་ཆགས་བསྡད་ཡོད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པའི་ནང་ལ་འཇིག་རྟེན་གསུམ་གྱི་མུན་སེལ་བ་ཟེར་བ་དེ། ངོས་རང་དེང་སང་ཕྱི་ནང་གི་མི་མང་པོ་ཞིག་ངོ་ཤེས་པ་དང་འབྲེལ་བ་ཆགས་ཏེ། ཁམས་གསུམ་ཟེར་ནས་གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་འབྲེལ་བ་ཡོད་པ་མ་རེད་དེ། གང་ལྟར་ང་ཚོའི་འདོད་པའི་ཁམས་འདིའི་སྒང་ལ་ཕལ་ཆེར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཤེས་རབ་ཀྱི་འོད་ཟེར་འདིས། འཛམ་གླིང་འདིའི་སྒང་གི་བླང་དོར་གྱི་གནས་ལ་རྨོངས་པའི་བློ་གསལ་བར་ཞབས་འདེགས་སྒྲུབ་ཀྱི་ཡོད། འདི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་རྗེ་བཀའ་དྲིན་རེད། ཆུང་དུས་ནས་ཨ་ར་པ་ཙ་བགྲང་གི་ཡོད། དེར་བརྟེན་འཇིག་རྟེན་གསུམ་གྱི་མུན་སེལ་བ་ཟེར་ནས་གསུངས་པ་དེ་རེད། ཅེས་གསུངས།

ཡང་༧ཁོང་ཉིད་མཆོག་གིས། འཛམ་གླིང་ནང་ནང་པའི་ཡུལ་གྲུ་མང་པོ་ཡོད་ཀྱང་། སློབ་སྦྱོང་བྱས་ནས་གཏིང་ཟབ་པོ་ཞིག་གི་ཐོག་ནས་འགྲེལ་བཤད་བརྒྱག་པར་ང་ཚོ་བོད་པ་དྲག་ཤོས་རེད་འདུག སྔ་མོ་ཡིན་ན་བོད་དང་སོག་པོ་རེད། བོད་ཀྱིས་ལོ་སྟོང་ཕྲག་རིང་བདག་པོ་བརྒྱབ་པའི་སངས་རྒྱས་ཀྱི་ཆོས་དངོས་གནས་དྲང་གནས་སྤུས་དག་པོ་ཞེ་དྲགས་ཡོད་པ་རེད། ཁྱེད་རང་ཚོ་ཚང་མར་ཆོས་སྤུས་དག་པོ་ཐོབ་ནས་ཡོད་པ་ཡིན་དུས། དེ་ལ་སོ་སོས་དོ་སྣང་ཡག་པོ་བྱོས། སློབ་སྦྱོང་ཡག་པོ་བྱོས། སེམས་ཀྱི་ནང་ལོགས་ལ་སངས་རྒྱས་པའི་ཆོས་བསམ་དུས། དེ་འདྲའི་ཞིག་ཡིན་བསམ་པ་ཞིག་སེམས་ནང་ཤར་ཐུབ་དགོས། ང་ཚོ་བོད་པ་ཞིག་གི་ངོས་ནས་བཤད་པ་ཡིན་ན། བོད་ཀྱི་ཆོས་དང་རིག་གཞུང་དཔལ་ན་ལེནྜ་ནས་བརྒྱུད་པ་སྤུས་དག་པོ་ཞེ་དྲགས་ཡོད་པ་དེ་བར་སྐབས་ཤིག་ལ་ཉམས་ཆག་ཞེ་དྲགས་ཕྱིན་པ་རེད་དེ། བོད་རྒྱ་ཆེའི་མི་མང་གིས་ལྷག་བསམ་དང་དད་པ་འགྱུར་བ་མེད་པ་བྱས་ནས་བསྡད་ཡོད་པ་རེད། ཁོ་ཚོ་ང་ཚོ་ཚང་མའི་སྤུན་ཟླ་ཆགས་ཀྱི་ཡོད། ངོས་ཀྱིས་མགོན་པོ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་དེ་དག་རང་ངོས་ནས་ཉམས་ལེན་ག་རེ་ཡོད་པ་དག་དང་འབྲེལ་ནས་ཁྱེད་རང་ཚོར་ཞུས་པ་རེད། ཉམས་ལེན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཚང་མས་ཧུར་ཐག་བྱས་ཤོག་ཨ། ཞེས་གསུངས་སོང་།

༧གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩལ་སྐབས། བོད་ཀྱི་དུས་བབ་ཀྱི་པར། པྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན།

བོད་ཁྱིམ་སུ་ཇ་སློབ་གྲྭའི་སློབ་མ་བསྟན་འཛིན་བདེ་ཆེན་ལགས་ཀྱིས། དེང་སང་བོད་པའི་སྤྱི་ཚོགས་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལྟ་གྲུབ་དང་སྤྱོད་པ། གོམས་གཤིས་སོགས་གལ་ཆེན་པོ་བརྩི་བ་དང་ལག་བསྟར་གནང་གི་ཡོད་པས། དེའི་ཕན་གནོད་གང་ཡོད་སྐོར་དྲིས་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་བདེན་པ་རེད། བར་སྐབས་ང་རང་ཚོ་ནུབ་ཕྱོགས་རྒྱལ་ཁབ་ལ་ཡིད་འཕྲོག་ནས་དེང་དུས་རིག་གསར་གྱི་ཐོག་ལ་དོ་སྣང་ཞེ་དྲགས་བྱས་པ་དང་། སོ་སོ་རང་ལ་ཡོད་པའི་གསོ་བ་རིག་པའི་མཚོན་པའི་རིག་གནས་དེ་ཚོར་དམིགས་བསལ་གྱིས་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ་སོགས་མ་བྱུང་བར་འཐུས་ཤོར་ཏན་ཏན་ཕྱིན་འདུག ནུབ་ཕྱོགས་ཀྱི་ཤེས་ཡོན་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཤེས་ཡོན་ལ་དོ་སྣང་ཞེ་དྲགས་བྱས། སོ་སོ་རང་གི་དེ་ལ་དེ་ཙམ་གྱིས་དོ་སྣང་མེད་བསྡད་པས་ཏོག་ཙམ་འཐུས་ཤོར་ཕྱིན་པ་འདྲ་བོ་འདུག དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཁས་པ་དང་ཤེས་ཡོན་ཅན་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ལ་དོ་སྣང་གསར་པ་བསླེབས་ཡོང་གི་འདུག སྨན་བཅོས་སྐོར་ལ་ཆ་བཞག་ནའང་། མི་ཁ་ཤས་ཀྱིས་བོད་སྨན་གྱི་དམིགས་བསལ་ཁྱད་ཆོས་ཕལ་ཆེར་མཐོང་གི་ཡོད། དེར་བརྟེན། ང་ཚོས་འབྲེལ་བ་ཉུང་ཉུང་བྱས་པ་དང་འབྲེལ་བ་རྒྱ་ཆེན་པོ་བྱེད་མི་ཐུབ་པའི་རྐྱེན་གྱིས་སྐྱོན་དེ་དག་ཡོང་གི་ཡོད་པ་རེད། རིམ་པས་འགྱུར་འགྲོ་ཡི་རེད། ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese