མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཅེག་སྤྱི་མཐུན་རྒྱལ་ཁབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་བྱས་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་དང་བོད་ནང་རྒྱ་སྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་ཁག་མཚམས་འཇོག་དགོས་པའི་སྐུལ་མ་བཏང་འདུག

Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱི་གྲོས་ཆོད་ནང་། རྒྱ་ནག་གཞུང་གིས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ཐོག་ཐེ་ཇུས་བྱེད་བཞིན་ཡོད་པ་དང་དམིགས་བསལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་གཏོགས་བྱེད་བཞིན་པར་ངོས་ལེན་མེད་པ་དང་། བོད་ཕྲུག་ས་ཡ་གཅིག་ཙམ་རང་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་བཅའ་སྡོད་སློབ་གྲྭ་བཙན་གྱིས་འཇུག་གི་ཡོད་པ་སོགས་རྒྱ་སྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྲིད་འབྲེལ་ལམ་ཐོག་ནས་ག་དུས་ཡིན་ཡང་རྒྱ་ནག་ལ་བོད་ནང་གི་གནས་སྟངས་སྐོར་གླེང་སློང་བྱ་རྒྱུ་ཡིན་པ་ནན་བརྗོད་བྱས་འདུག

གྲོས་ཆོད་དེ་ནི། ཅེག་སྤྱི་མཐུན་རྒྱལ་ཁབ་གྲོས་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གིས་གཏན་འབེབས་བྱས་ཤིང་། མི་འགྱང་བར་གྲོས་ཆོད་དེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱི་ཕྱག་ཏུ་འབུལ་འཆར་ཡོད་པ་རེད་ལ། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱལ་སྐྱོར་ཚོགས་པའི་ཚོགས་གཙོ་ (Premysl Rabas) ལགས་ཀྱི་གཙོ་བྱས་པའི་འབྲེལ་ཡོད་གྲོས་ཚོགས་འཐུས་མི་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ནས་བཀའ་དྲིན་ཞུས་པ་དང་སྦྲགས། གྲོས་ཆོད་དེས་ཅེག་སྤྱི་མཐུན་རྒྱལ་ཁབ་ངོས་ནས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་བྱ་རྒྱུ་ཡིན་པ་བསྟན་ཡོད་ཅེས་བརྗོད་འདུག

ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་ལ་ཉམས་ཞིབ་བྱས་པ་བརྒྱུད་བོད་ཕྲུག་ས་ཡ་གཅིག་ཙམ་རྒྱ་སྒྱུར་གྱི་སྲིད་ཇུས་འོག་བཅུག་ཡོད་པར་བློ་འཚབ་བསྟན་ཡོད་དང་པ་འབྲེལ། རྒྱ་ནག་གཞུང་ལ་ཡི་གེ་བསྐུར་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱ་ནག་གིས་གསལ་བཤད་བྱེད་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་དང་འགལ་བའི་རྒྱ་སྒྱུར་སྲིད་ཇུས་ལག་བསྟར་བཞིན་པར་འགན་ལེན་བྱེད་དགོས་པ་སོགས་ཀྱི་སྐུལ་མ་བཏང་ཡོད་པ་རེད།

ཡང་ཁ་སང་རྒྱ་ནག་གི་དྲུག་གཅིག་བྱིས་པའི་དུས་ཆེན་དང་བསྟུན། རྒྱ་ནག་གཞུང་གིས། ཡུ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་བྱིས་སྐྱོང་ཁང་ཞིག་གི་བྱིས་པ་ ༤༠ རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཁྲིད་དེ། གནམ་སྡེ་སྒོ་མོ་ཆེ་གཙོས་ལྕགས་རི་རིང་མོ་དང་སྒོ་དབྱིབས་ཨོ་རྩལ་ར་བ། དེ་བཞིན་འགྲེམས་སྟོན་ཁང་སོགས་ངོ་སྤྲོད་བྱས་ཏེ། མེས་རྒྱལ་ནི་གོང་ན་མེད་པ་ཡིན་པ་དང་མེས་རྒྱལ་གྱི་གོང་བུ་གཅིག་གྱུར་ཟེར་ནས། བོད་མི་རིགས་ཚུད་པའི་གྲངས་ཉུང་མི་རིགས་ ༥༦ ཚང་མ་རྒྱ་ནག་གཅིག་གི་ཁྱིམ་ཚང་མོའི་ཁྱིམ་རྒྱུད་གཅིག་གྱུར་ཡིན་པ་སོགས་ཀྱི་སློབ་གསོ་སྤྲད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese