མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ནང་པ་ཚོགས་པའི་ཚོགས་མི་རྣམས་ལ་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་མི་ལ་བརྩེ་བ་བྱེད་པ་དང་། གནོད་པ་མི་བྱེད་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད་ཅེས་གསུངས།

དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་རྒྱལ་བའི་གཟིམ་ཆུང་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཏུ་ཤི་ཏཱ་ཆོས་ཚོགས་དང་། སངྐི་སཱ ནང་པའི་གཞོན་ནུ་ཚོགས་པ་གཉིས་ཀྱི་གོ་སྒྲིག་བྱས་པའི་ནང་ཆོས་ངོ་སྤྲོད་ཀྱི་ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་རྒྱ་གར་གྱི་ནང་པ་ ༡༢༥ ལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་རྒྱ་གར་གྱི་ས་ཁུལ་མང་པོ་ཅིག་ནས་ཡོང་བའི་ནང་ཆོས་ལ་དོ་སྣང་ཡོད་མཁན་རྣམས་ལ་ཐུག་པའི་གོ་སྐབས་བྱུང་བར་དཔེ་དགའ་བོ་བྱུང་། ངོས་ནི་ནང་པའི་དགེ་སློང་ཞིག་རེད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། འཕྲུལ་ཆས་ཞེ་བོ་ཡར་རྒྱས་ཕྱིན་ཡོད་ཀྱང་། མིའི་སེམས་ཀྱི་ཞི་བདེ་ནི་འཕྲུལ་ཆས་ཀྱི་ཐོག་ནས་མེད་པར་བཟོ་རྒྱུ་ཁག་པོ་རེད། ང་ཚོའི་མིའི་ཀླད་པ་ཀོག་ནས་འཕྲུལ་ཆས་བཀལ་ན། བསམ་བློ་གཏོང་བའི་ནུས་པ་མེད་པར་ཆགས་འགྲོ་བཞིན་ཡོད་པ་རེད། འོན་ཀྱང་། འཕྲུལ་ཆས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་ཐུབ་པ་ཡོང་གི་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་རེད་ཟེར་བ་བཞིན།  དེ་ལ་བསམ་བློ་གཏོང་རྒྱུ་ཞེ་བོ་ཡོད་པ་རེད། གང་ལྟར་མིའི་ཀླད་པར་བསམ་བློ་ཐུན་མོང་མ་ཡིན་པ་ཞིག་ཡོད་བསྡད་པ་དེ་བེད་སྤྱོད་གཏོང་དགོས། སེམས་ཁམས་རིག་པའི་སྐོར་ད་ཅི་ཞུས་པ་བཞིན།ཚན་རིག་པའི་ནང་དུ་བསམ་བློའི་འགྲོ་སྟངས་སྐོར་དོ་སྣང་ཡོད་མཁན་ཚོས་ནང་པ་སངས་རྒྱས་པའི་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་དམིགས་བསལ་བྱེད་ཀྱི་འདུག དེང་སང་གི་དུས་རབས་འདི་འདྲ་ཞིག་གི་ནང་དུ། མིའི་བསམ་བློ་གཏོང་སྟངས་སྐོར་དོ་སྣང་བྱེད་མཁན་མང་པོ་སླེབས་པའི་སྐབས་སུ། ནང་པའི་གཞུང་ནས་བཤད་པའི་སེམས་ཁམས་རིག་པས་དམིགས་བསལ་གྱི་ཕན་ཐོགས་ཆེན་པོ་ཡོང་བསྡད་ཀྱི་འདུག ཅེས་གསུངས།

དྲི་བ་དྲི་ལན་སྐབས་སུ་༧མགོན་པོ་གང་ཉིད་ཀྱིས། ཕལ་ཆེར་ཕ་མ་གཉིས་ལས་ཨ་མར་བརྩེ་བའི་ཤུགས་ཆེ་བ་ཡོད་ཀྱི་འདུག ཨ་མ་ཟེར་དུས་བརྩེ་བའི་བདག་ཉིད་བློ་ལ་ཤར་གྱི་འདུག ཨ་མའི་ཕྲུ་གུར་བརྩེ་བ་བྱེད་སྟངས་དེ་ང་ཚོའི་ངོས་ནས་གྲོགས་པོ་ཚོར་རྒྱ་བསྐྱེད་ཐུབ་པ་ཞིག་དགོས་ཀྱི་འདུག དཔེ་ཆའི་ནང་དུའང་མ་ཤེས་དང་། དྲིན་དྲན། དྲིན་བཟོ་ལབ་པ་མ་གཏོགས། ཕ་ཤེས། དྲིན་དྲན། དྲིན་བཟོ་ལབ་ཀྱི་མི་འདུག དེ་ཕལ་ཆེར་རེད་འདུག དུད་འགྲོ་ཡིན་ཡང་ཨ་མ་ལ་བརྩི་བཀུར་ཞེ་བོ་བྱེད་ཀྱི་འདུག བྱས་ཙང་མ་ཤེས་ཞེས་པ་དེ་དཔེ་གལ་ཆེན་པོ་རེད། མ་ཤེས། དྲིན་དྲན། དྲིན་བཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ། སེམས་བསྐྱེད་དངོས། རྒྱུ་འབྲས་མན་ངག་བདུན་རེད།  གང་ལྟར་ང་ཚོའི་མིའི་སྤྱི་ཚོགས་ནང་དུ་ཨ་མའི་བརྩེ་བ་དཔེ་འཇོག་ས་རེད། ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་མི་ལ་བརྩེ་བ་བྱེད་པ་དང་། གནོད་པ་མི་བྱེད་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད། ཅེས་གསུངས།

མཛད་འཆར་ལྟར་ན། ཕྱི་ཟླ་ ༩ ཚེས་ ༥ ནས་ཉིན་གཉིས་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལི་བྷི་ཡའི་མི་མང་ལ་ཐུགས་གསོ་མཛད། 

༢༠༢༣/༠༩/༡༣
His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༧
དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གསུང་ཆོས་ཞུ་མཁན་གྱི་དད་ལྡན་མང་ཚོགས། ༢༠༢༣།༠༩།༠༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་ཀྱི་ཆོས་དེ་དད་པ་གཅིག་པོ་མིན་པར་རང་རྒྱུད་ཀྱི་སྐྱོན་རྣམས་ངོ་ཤེས་པ་བྱས་ཏེ་ཉུང་དུ་གཏོང་དགོས་པ་དེ་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༠༦
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཚན་རིག་པ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist