མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནེའུ་ཛི་ལན་ཌི་དང་ཨོ་གླིང་དུ་གཞུང་འབྲེལ་ཕྱོགས་སྐྱོད་ཐོག་མར་ཕེབས།

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ཨོ་གླིང་དང་ནེའུ་ཛི་ལན་ཌི་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཇལ་འཕྲད་གནང་སྟེ་བོད་དོན་གླེང་སློང་གནང་རྒྱུ་ཡིན་འདུག

སྲིད་སྐྱོང་མཆོག་ནེའུ་ཛི་ལན་ཌི་རྒྱལ་ཁབ་ནང་ཕེབས་འབྱོར། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༠༦།༡༤

ཟླ་འདིའི་ཕྱི་ཚེས་ ༡༣ ནས་ཉིན་བཅུ་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནེའུ་ཛི་ལན་ཌི་དང་ཨོ་གླིང་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་སྲིད་སྐྱོང་མཆོག་གིས་ནེའུ་ཛི་ལན་ཌིའི་གཞུང་འབྲེལ་རླུང་འཕྲིན་ཁང་དང་། ཉིན་རེའི་གསར་ཤོག་གཉིས་ཀྱི་བཅར་འདྲིའི་ལམ་རིམ་དུ་ཆ་ཤས་བཞེས་གནང་ཡོད་པ་དང་ཉིན་གུང་ནེའུ་ཛི་ལན་ཌི་གྲོང་ཁྱེར་ཨོ་ཁི་ལན་ཌི་རུ་རྟེན་གཞི་བྱས་པའི་དཔལ་སྤུངས་ཆོས་ཚོགས་སུ་ཕེབས་ཏེ། ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་ཐུག་འཕྲད་དང་མང་ཚོགས་ལ་བཀའ་སློབ་གསུང་བཤད་བཅས་གནང་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་ནེའུ་ཛི་ལན་ཌིའི་ཨོ་ཁི་ལན་ཌི་ནང་ཕེབས་འབྱོར་བྱུང་ཡོད་ཅིང་། སྐབས་དེར་གནམ་ཐང་དུ་ཨོ་གླིང་དུ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་ཨོ་ཁི་ལན་ཌི་བོད་རིགས་ཚོགས་པ་དང་། བོད་རྒྱ་མཛའ་འབྲེལ་ཚོགས་པ། ས་གནས་བོད་རིགས་མང་ཚོགས་བཅས་ནས་དགའ་བསུའི་སྣེ་ལེན་བྱས་ཡོད་འདུག་ལ། ཉིན་གཉིས་རིང་སྲིད་སྐྱོང་མཆོག་གིས་ཨོ་ཁི་ལན་ཌི་ཁུལ་གྱི་ས་གནས་བོད་རིགས་མང་ཚོགས་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་འཕྲད་གནང་གྲུབ་མཚམས། ཕྱི་ཚེས་ ༡༦ ཉིན་ནེའུ་ཛི་ལན་ཌིའི་རྒྱལ་ས་ཝིལ་ལིན་ཌོན་(Wellington)དུ་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་རྒྱུ་ཡིན་འདུག

དེ་བཞིན་ཕྱི་ཚེས་ ༡༧ ཉིན་ཨོ་གླིང་སིན་ཌི་ནེ་ཁུལ་གྱི་ས་གནས་བོད་རིགས་མང་ཚོགས་དང་གཞོན་སྐྱེས་རྣམས་ལ་གཏམ་བཤད་དང་། ལྷོ་ཝེ་ལི་གསར་བའི་ཁུལ་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་དང་།  རྒྱ་རིགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། སན་ཌི་ནེ་ཞོགས་པའི་གསར་ཁང་གི་བཅར་འདྲི་དང་། ཕྱི་ཚེས་ ༢༡ ཉིན་ཨོ་གླིང་གསར་འགོད་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་ཞི་བདེ་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག

སྲིད་སྐྱོང་མཆོག་ལ་ནེའུ་ཛི་ལན་ཌིའི་རླུང་འཕྲིན་གྱིས་བཅར་འདྲི་བྱེད་བཞིན་པ། ༢༠༢༣།༠༦།༡༥

ཉེ་ཆར་རྒྱ་གཞུང་གིས་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལས་རིམ་ཞིག་ཕྱིར་བསྡུ་བྱ་དགོས་པ་མ་ཟད། ཨོ་གླིང་ནང་ཁ་བྲལ་བའི་ལས་འགུལ་སྤེལ་མི་ཆོག་ཅེས་སྲིད་སྐྱོང་མཆོག་གི་གསུང་བཤད་མཛད་འཆར་དང་། ཨོ་གླིང་དུ་གནས་བཞུགས་བོད་མི་ཆབ་སྲིད་བཙོན་པ་རྣམས་དང་ཐུག་འཕྲད་བྱ་རྒྱུ་སོགས་མཚམས་འཇོག་དགོས་སྐོར་ལ་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་ཀྱང་། ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་མོའུ་རི་སི་རི་ལེ་ལགས་ཀྱིས། སྲིད་སྐྱོང་མཆོག་གི་ལས་རིམ་ཕྱིར་འཐེན་མི་བྱེད་པ་མ་ཟད། ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ནི་རང་དབང་གི་ཐོག་ནས་སྤྱི་དམངས་ཀྱི་བགྲོ་གླེང་དང་གསར་འགོད་རང་དབང་། སྨྲ་བརྗོད་རང་དབང་བཅས་ཀྱི་ལྟེ་གནས་ཤིག་ཡིན་ཞེས་རྒྱ་ནག་གཞུང་ཚབ་པར་འགྲེལ་བརྗོད་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese