མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ཚ་རླབས་རྒྱས་ནས་མི་གྲངས་ ༩༦ རྐྱེན་འདས་སུ་གྱུར།

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་ཉིན་གྲངས་ ༣ ནང་ཚ་ཚད་རྒྱས་ནས་མི་གྲངས་ ༩༦ ལྷག་རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད་འདས་པའི་ཉིན་ཤས་རིང་རྒྱ་གར་གྱི་ས་ཁུལ་མང་ཆེ་བར་ཚ་རླབས་མཆེད་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

At Least 96 Die In Uttar Pradesh And Bihar From Extreme Heat.Photo: AP

ཉེ་ལམ་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་གི་ཚ་རླབས་རྒྱས་ནས་དཀའ་ངལ་འབྱུང་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས ༡༥ ནས་ཉིན་གྲངས་གསུམ་ནང་རྒྱ་གར་ཨུ་ཊར་ཁན་མངའ་སྡེའི་བྷལ་ལི་ཡ་(Ballia ) རྫོང་དང་བྷི་ཧར་མངའ་སྡེ་གཉིས་ནས་མི་གྲངས་ ༩༦ ཚ་རླབས་ཀྱི་རྐྱེན་གྱིས་རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད། ཆ་དྷི་སི་གྷར་(Chhattisgarh) དང་ཇར་ཁན་(Jharkhand) ཨོ་དྷི་ཤ་(Odisha) ཏི་ལིང་གྷ་ན་ (Telangana ) སོགས་སུ་ཚ་དྲོད་རྒྱས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རྒྱ་གར་ཨུ་ཊར་ཁན་མངའ་སྡེའི་བློན་ཆེན་གཞོན་པ་དང་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་བྷི་ཇེ་ཤི་པཱ་ཐག་ལགས་ཀྱིས། རྫོང་ཡོངས་སུ་གནམ་གཤིས་འགྱུར་ལྡོག་དང་། མངའ་སྡེ་དེའི་ནང་ཚ་བ་ཤུགས་ཆེན་རྒྱས་ནས་མི་རྣམས་ཀྱི་ཚེ་སྲོག་ཤོར་མུས་ཡིན་སྟབས། ཚང་མས་ཚ་དུག་ལ་གདོང་ལེན་བྱ་དགོས་པའི་རེ་སྐུལ་གནང་ཡོད་ལ། འདས་པའི་ཉིན་གྲངས་གསུམ་ནང་རྒྱ་གར་བྱང་ཕྱོགས་ཨུ་ཊར་ཁན་མངའ་སྡེའི་བྷལ་ལི་ཡ་རྫོང་ཁོངས་སུ་ཚ་རླབས་ཀྱི་རྐྱེན་གྱིས་མི་གྲངས་ ༡༥༤ རྫོང་གི་སྨན་ཁང་དུ་བསྙལ་ཡོད་པའི་ཁྲོད། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་མི་གྲངས ༢༣ དང་། ཕྱི་ཚེས ༡༦ ལ་མི་གྲངས་ ༢༠། ཕྱི་ཚེས ༡༧ ཉིན་མི་གྲངས་༡༡ བཅས་ཁྱོན་མི་གྲངས་ ༥༤ འདས་གྲོངས་སུ་གྱུར་ཡོད་ཅིང་། ཚ་རླབས་རྒྱས་པའི་རྐྱེན་གྱིས་རྒན་འཁོགས་མང་ཆེ་བར་གཅིན་སྙིའི་ནད་དང་། ཁྲག་ཤུགས་འཕེལ་བ། དེ་བཞིན་དབུགས་གཏོང་ལེན་སོགས་ལའང་དཀའ་ངལ་འབྱུང་གི་ཡོད་འདུག

དེའི་ཐད་ཨུ་ཊར་ཁན་མངའ་སྡེའི་སྨན་པ་ཨེ་ཁེ་སིང་(AK Singh) ལགས་ཀྱིས། ཨུ་ཊར་ཁན་དུ་ཚ་རླབས་རྒྱས་པ་དང་འབྲེལ་མི་གྲངས་ཀྱི་བརྒྱ་ཆ་༦༠ ལྷག་ལ་ནད་གཞན་གྱི་རྐྱེན་བྱས་པ་དང་། བརྒྱ་ཆ་༤༠ ལུས་པོའི་ཚ་ཚད་འཕར་ནས་འདས་གྲོངས་སུ་གྱུར་ཡོད་སྐོར་འགྲེལ་བརྗོད་གནང་འདུག

བྷི་ཧར་མངའ་སྡེ་ཡོངས་སུ་ཚ་རླབས་དྲག་པོ་རྒྱས་ནས་བྷི་ཧར་གྱི་རྫོང་ཁག ༡༥ ལྷག་གི་ནང་ཚ་བའི་དཀའ་ངལ་འཕྲད་དེ། འདས་པའི་ཉིན་གྲངས ༢ ནང་མི་གྲངས་ ༤༢ འདས་གྲོངས་སུ་གྱུར་ཡོད་ཅིང་། ད་ལྟ་བྷི་ཧར་གྱི་རྒྱལ་ས་རུ་ཚ་བས་མནར་བའི་མི་གྲངས ༢༠༠ ལྷག་ལ་ཞེན་ཁ་ལོག་པ་དང་བཤལ་ནད་སོགས་ཕོགས་ནས་སྨན་བཅོས་བྱེད་མུས་ཡིན་འདུག  དེ་བཞིན་ཟླ་འདིའི་ཕྱི་ཚེས ༡༧ ཉིན་བྷི་ཧར་གྱི་རྫོང་ཁག ༡༡ ནང་ཚ་ཚད་ ༤༤ རུ་འཕར་སྟེ། དེ་ནི་འདས་པའི་ལོ་ ༡༠ ནང་བྷི་ཧར་ཁུལ་གྱི་གནམ་གཤིས་ཚ་ཚད་མཐོ་ཤོས་སུ་གྱུར་འདུག

གཞན་ཡང་། ཆ་དྷི་སི་གྷར་(Chhattisgarh) ཁུལ་དུ་ཚ་དྲོད་ཧ་ཅང་འཕེལ་ནས་ཕྲུ་གུ་ཆུང་ཆུང་སོགས་སློབ་གྲྭར་འགྲོ་བར་དཀའ་ངལ་ཤུགས་ཆེན་འཕྲད་མུས་ཡིན་སྟབས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཆ་དྷི་སི་གྷར་མངའ་སྡེ་གཞུང་གིས་ཟླ་འདིའི་ཕྱི་ཚེས ༢༦ བར་ཁུལ་དེར་ཡོད་པའི་སློབ་གྲྭ་ཁག་གི་དབྱར་དུས་གུང་སེང་ཕར་འགྱངས་བྱས་ཡོད་ཅིང་། ཨོ་དྷི་ཤ་མངའ་སྡེ་གཞུང་གིས་ཟླ་འདིའི་ཕྱི་ཚེས ༢༡ བར་ཚ་རླབས་ཀྱི་རྐྱེན་གྱིས་ཁུལ་དེའི་གཞུང་སྒེར་སློབ་གྲྭ་ཚང་མ་དབྱར་ཁའི་གུང་སེང་སྤྲད་ཡོད་འདུག

ལོ་ལྟར་ཕྱི་ཟླ ༤ དང་། ༥། ༦ བཅས་ནི་རྒྱ་གར་གྱི་གནམ་གཤིས་ཆེས་ཚ་བའི་དུས་ཚིགས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་གར་གྱི་ཚོང་གི་བསྟི་གནས་སུ་འབོད་པའི་མོན་བྷེ་གྲོང་ཁྱེར་དུའང་ཚ་རླབས་རྒྱས་ནས་མི་གྲངས ༡༣ རྐྱེན་འདས་སུ་གྱུར་འདུག་ལ། རྒྱ་གར་གནམ་གཤིས་རིག་པའི་ལྷན་ཁང་གིས། འདས་ལོ་གཅིག་པུར་རྒྱ་གར་རྒྱལ་ཡོངས་སུ་ཚ་རླབས་ཀྱི་རྐྱེན་གྱིས་མི་གྲངས་ ༢༢༢༧ རྐྱེན་འདས་སུ་གྱུར་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

 གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་གོ་ལའི་ནང་པའི་ཚོགས་མགོན་དུ་བཀའ་སློབ་བསྩལ།

༢༠༢༣/༠༤/༢༡
ཁྱིམ་ཐོ། དྲ་ལམ་གྱི་པར།
Mobile App

བོད་དུ་ཕྱིར་ལོག་བྱེད་མཁན་ཚོར་ཁྱིམ་ཐོ་མ་སྤྲད་པར་དཀའ་ངལ་འཕྲད་ཀྱི་འདུག

༢༠༢༣/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist