མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་ཟློས་གར་ཚོགས་པས་ཐེངས་དང་པོ་རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཐེངས་བཅུ་པའི་ནང་མཉམ་ཞུགས་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཧང་གྷ་རི་རྒྱལ་ཡོངས་བྷོ་ཌ་པེ་ས་གཏམ་བརྗོད་ཁང་ནང་དུ་བསྡུས་པའི་འཛམ་གླིང་གི་ལྷ་མོའི་དུས་སྟོན་ཆེ་ཤོས་ཤིག་ཏུ་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་སྣང་ས་འོད་འབུམ་འཁྲབ་སྟོན་གནང་སྟེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཐེངས་དང་པོ་མཉམ་ཞུགས་གནང་ཡོད་འདུག

རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཐེངས་བཅུ་པའི་ཐོག་སྣང་ས་འོད་འབུམ་གྱི་འཁྲབ་སྟོན་བྱེད་བཞིན་པ། ༢༠༢༣།༠༦།༡༠

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཟླ་ ༧ ཚེས་ ༡ བར་ཟླ་གསུམ་རིང་ཧང་གྷ་རི་རྒྱལ་ཡོངས་བྷོ་ཌ་པེ་ས་གཏམ་བརྗོད་ཁང་ནང་འཛམ་གླིང་ནང་གི་ལྷ་མོའི་དུས་སྟོན་ཆེ་ཤོས་ཤིག་བསྐོང་ཚོགས་ཞུས་པའི་ནང་བོད་ཀྱི་ཟློས་གར་ཚོགས་པ་གདན་ཞུ་གནང་ཡོད་པ་དང་། ཐེངས་འདིའི་ལྷ་མོའི་དུས་སྟོན་ནང་འཛམ་གླིང་རྒྱལ་ཁབ་ཁག་ལྔ་བཅུ་ང་བརྒྱད་ནས་ལྷ་མོའི་མཐུན་ཚོགས་བཞི་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་སུ་རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཆེ་ཤོས་ནང་བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་གང་འདྲ་གནང་ཐུབ་ཡོད་སྐོར་དྲིས་པར། ཁོང་གིས། འདས་ལོའི་བོད་ཀྱི་ཟློས་གར་ཚོགས་པའི་ཞོ་སྟོན་རྣམས་དྲ་ལམ་བརྒྱུད་བཏང་སྟེ། རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ (10th National Theatre Olympics in Budapest) གྱི་ཚོགས་མི་རྣམས་ཀྱིས་མཐོང་བར་བརྟེན། ཐེངས་འདིའི་རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ནང་འཁྲབ་སྟོན་བྱ་རྒྱུའི་གོ་སྐབས་གནང་སྟེ། བོད་ཀྱི་ཟློས་གར་ཚོགས་པ་གདན་ཞུ་གནང་བ་རེད་ལ། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སྣང་ས་འོད་འབུམ་གྱི་ལྷ་མོ་འཁྲབ་སྟོན་བྱས་པ་དང་། ལྷ་གཞུང་རྣམས་དབྱིན་སྐད་དང་ཧང་གྷ་རི་ (Hungary) སྐད་ཡིག་གཉིས་ཀྱི་ནང་བསྒྱུར་ཏེ་འཁྲབ་སྟོན་བྱས་པ་རེད། ཕྱི་ཚེས་ ༡༡ ཉིན་ནང་པའི་ཆོས་ཚོགས་ཀྱིས་གོ་སྒྲིག་འོག་སྟོན་པའི་མཛད་རྣམ་གྱི་ལྷ་གཞུང་ཏོག་ཙམ་འཁྲབ་སྟོན་བྱས་ཡོད། ཅེས་བརྗོད་བྱུང་།

མ་འོངས་པར་དེ་དང་འབྲེལ་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཁྲབ་སྟོན་སོགས་གོ་སྒྲིག་གནང་འཆར་ཡོད་མེད་སྐོར་ལ་ཁོང་གིས། ལོ་ལྟར་ཧྥ་རན་སི་ནང་ (Festival De MONTIGNAC) དུས་ཆེན་གོ་སྒྲིག་བྱེད་ཀྱི་ཡོད་པ་ལྟར། འབྱུང་འགྱུར་ཕྱི་ལོ་ ༢༠༢༤ དང་ ༢༠༢༥ གང་རུང་ནང་གདན་ཞུ་བྱ་རྒྱུའི་འཆར་གཞི་འདུག དེར་བརྟེན་དེ་བརྒྱུད་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ལ་སྐོར་སྐྱོད་ཀྱིས་འཁྲབ་སྟོན་བྱ་འཆར་ཡོད་པ་དང་། ཨ་རིའི་ནང་འཁྲབ་སྟོན་བྱ་རྒྱུའི་གོ་སྐབས་འཚོལ་བཞིན་པ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ད་དུང་ཁོང་གིས། ད་ལན་རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ནང་བོད་ཀྱི་ཟློས་གར་ཚོགས་པར་ལྷ་མོ་འཁྲབ་སྟོན་བྱས་པ་བརྒྱུད། ལྷ་མོའི་གཞུང་རྣམས་དབྱིན་སྐད་སོགས་སྐད་ཡིག་གཞན་གྱི་ཞབས་མཆན་ཡོད་པའི་ཐོག་ནས་འཁྲབ་སྟོན་བྱས་པའི་ཉམས་མྱོང་ཐོག་མར་བྱུང་ཡོད་པ་དང་། ཧང་གྷ་རི་ (Hungary) ནང་འཁྲབ་སྟོན་བྱས་རྗེས། སུད་སི་ནང་ཡོད་པའི་ཟློས་གར་ཟུར་པ་རྣམས་ཀྱིས་འཁྲབ་སྟོན་འབོད་སྐུལ་ཞུས་པ་ལྟར། སུད་སིའི་ནང་གཞས་སྣ་སོགས་འཁྲབ་སྟོན་བྱས་པ་རེད། ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། བོད་ཀྱི་ཐུན་མོང་མ་ཡིན་ལྷ་མོའི་སྒྱུ་རྩལ་དེ་ནི་དུས་རབས་བཅུ་བཞིའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བ་དང་། བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་ཞིག་ཡིན་ནའང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་ཧམ་ཤེད་ཆེན་པོས་བོད་ཀྱི་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་དེ་རྒྱ་ནག་གིས་ཡིན་རབས་བཤད་ནས་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་དེབ་སྐྱེལ་བྱས་ཡོད། དེའི་དམིགས་ཡུལ་ནི་བོད་ཀྱི་ཨ་ལྕེ་ལྷ་མོའི་བདག་དབང་ཧམ་འཕྲོག་དང་བོད་ཀྱི་ལྷ་མོའི་ཟློས་གར་ནང་རྒྱ་ནག་པེ་ཅིང་གི་ཇིང་འཇུའམ་ཁྲན་ཞི་མཉམ་བསྲེས་བྱས་ཏེ་རིག་གཞུང་གི་འགོ་ཁུངས་བཤུལ་མེད་དུ་གཏོང་རྒྱུའི་དམིགས་ཡུལ་བཅངས་ཡོད། འོན་ཀྱང་རང་ཅག་བོད་ཀྱི་ཟློས་གར་ཚོགས་པའི་བོད་ཀྱི་ཨ་ལྕེ་ལྷ་མོའི་ཟློས་གར་སྔར་ཡོད་རྒྱུན་འཛིན་བྱས་ཏེ་ཆུ་འགོ་གངས་ཐུག་གིས་ལས་ལ་གཞོལ་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད་འདུག

རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཐེངས་བཅུ་པའི་སྤྱི་ཁྱབ་འགན་འཛིན་ཨ་ཊི་ལ་ཝི་ཌི་ན་ཡན་སི་ཀི་ (Attila Vidnyánszky) ལགས་ཀྱིས། བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་ཐུབ་པར་དགའ་བསུའི་འཚམས་འདྲི་དང་བསྔགས་བརྗོད་གནང་ཡོད་པ་དང་། ཐེངས་འདིའི་རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཆེ་གྲས་ཐོག་བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་བྱས་པ་ཐོག་མ་ཡིན་པ་དང་། རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཐོག་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་སྣང་ས་འོད་འབུམ་འཁྲབ་སྟོན་ཞུས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་རིག་གཞུང་དང་ཡུལ་གོམས་གཤིས་ལུགས། མི་རིགས་ཀྱི་ཁྱད་ཆོས་སོགས་འབུར་དུ་ཐོན་པ་བྱས་ཞིང་། རྒྱལ་ཁབ་གཞན་གྱི་སྒྱུ་རྩལ་པ་དང་དཔུང་པ་མཉམ་གཤིབ་ཀྱིས་མི་རིགས་ཀྱི་ངོ་བ་མཚོན་པ་བྱས་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དྷ་རམ་ས་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ། ༠༡།༡༠།༢༠༢༣ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་པར།
Mobile App

བོད་ལ་བཙན་འཛུལ་བྱས་པ་དེ་འཛམ་གླིང་མི་མང་ལ་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering received a warm welcome at the Sao Paulo Legislative Assembly
Mobile App

སྲིད་སྐྱོང་མཆོག་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བཞིའི་ནང་ཕྱོགས་ཕེབས་གནང་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

༢༠༢༣/༡༠/༠༢
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

༢༠༢༣/༡༠/༠༢
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist