མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་གྱི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་གྱི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ་དང་བསྟུན། རྒྱ་གར་ནི་འཛམ་གླིང་སྤྱིའི་བདེ་དོན་སླད་གནའ་དེང་གི་ཤེས་རིག་ཟུང་སྦྲེལ་བྱེད་ཐུབ་མཁན་གཅིག་པུར་གཟིགས་ཀྱི་ཡོད་སྐོར་གསུངས་འདུག

Congratulating the President of India on Her Birthday་. Photo Courtesy: dalailamadotcom

དེ་རིང་ནི་རྒྱ་གར་གྱི་སྲིད་བློན་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་(Shrimati Droupadi Murmu) མཆོག་གི་འཁྲུངས་སྐར་ཡིན་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྕམ་སྐུ་ཁོང་དགུང་ལོ་ ༦༥ བཞེད་པའི་སྐྱེས་སྐར་ལ་འཚམས་འདྲི་གནང་བ་དང་སྦྲགས། ཁོང་མོས་རྒྱ་གར་རྒྱལ་ཁབ་དེ་སྣེ་ཁྲིད་པར་བྱ་གཞག་མཐའ་དག་ལམ་ལྷོང་དང་སྐུ་གཟུགས་བདེ་ཐང་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་གནང་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྩལ་བའི་འཚམས་འདྲིའི་ནང་། ངོས་ནས་ཁྱེད་ཀྱིས་སྐུ་གཟུགས་གསལ་ཐང་ངང་རླབས་ཆེ་བའི་གནའ་བོའི་རྒྱལ་ཁབ་འདི་སྣེ་འཁྲིད་པའི་རེ་སྨོན་ཞུ་བཞིན་ཡོད། འཚེ་མེད་ཞི་བ་དང་སྙིང་རྗེའི་ལམ་སྲོལ་ཡུན་རིང་ལྡན་པའི་རྒྱ་གར་འཕགས་ཡུལ་ནི་རྒྱལ་ཁབ་གཞན་གྱི་མིག་དཔེར་གྱུར་ཡོད་པ་མ་ཟད། རྒྱ་གར་ནང་ཆོས་ལུགས་མང་པོ་ཕན་ཚུན་འཆམ་མཐུན་དང་ཞི་བའི་ངང་ནས་མཉམ་གནས་བྱེད་ཀྱི་ཡོད། རྒྱ་གར་ལ་གནའ་བོའི་རིག་གཞུང་དང་སྲོལ་རྒྱུན་འདི་དག་ཡོད་པ་ལ་བརྟེན་ནས། རྒྱ་གར་ནང་མང་གཙོ་དང་། ཁྲིམས་ཀྱི་དབང་བསྒྱུར། རང་དབང་གོང་འཕེལ་དུ་ཕྱིན་ཡོད། ཁྱེད་ཉིད་ཀྱིས་རྒྱལ་ཁབ་འདིའི་རླབས་ཆེན་རང་བཞིན་མཚོན། མཐའ་འཁོབ་གྲོང་གསེབ་དཀྱུས་མ་ཞིག་ནས་ཡོང་བའི་མི་ཞིག་རྒྱལ་ཁབ་ཀྱི་མགོ་ཁྲིད་དུ་འགྱུར་རྒྱུའི་གོ་སྐབས་ཡོད་པ་གསལ་བོ་བསྟན་ཡོད།

ང་ཚོ་བོད་པ་ཚོས་རྒྱ་གར་ནི་ང་ཚོའི་ནང་རིག་གཞུང་གི་འབྱུང་ཁུངས་སུ་ངོས་འཛིན་གྱིས་གུས་བརྩི་བྱེད་པ་དང་། དམིགས་བསལ་དུས་རབས་བརྒྱད་པ་ནས་བཟུང་དཔལ་ནཱལེནྡྲའི་ཆོས་བརྒྱུད་ཀྱིས་བོད་མིའི་འཕེལ་རྒྱས་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ང་ཚོ་བོད་པའི་མཁས་པ་ཞིག་གིས་དེ་དང་འབྲེལ་ནས། བོད་གངས་ཅན་གྱི་ལྗོངས་སུ་ནང་པ་སངས་རྒྱས་པའི་འོད་སྣང་མ་འཆར་བར་དུ་བོད་ཡུལ་མུན་པའི་གླིང་དུ་གནས་ཞེས་གསུངས་པར་གྲགས། དེང་སྐབས་འཛམ་གླིང་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་པས། ངོས་ནས་རྒྱ་གར་ནི་འཛམ་གླིང་སྤྱིའི་བདེ་དོན་སླད་གནའ་དེང་གི་ཤེས་རིག་ཟུང་སྦྲེལ་ཐུབ་མཁན་ཁོ་ནར་མཐོང་གི་འདུག དེར་བརྟེན། ངོས་ཀྱིས་འཛམ་གླིང་གི་གཞོན་སྐྱེས་རྣམས་ལ་རྒྱ་གར་གྱི་སེམས་ཁམས་རིག་པའི་སྐོར་གོ་རྟོགས་སྤེལ་གྱི་ཡོད།

འདི་ལོ་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༤ འཁོར་གྱི་ཡོད་པས། ད་བར་རྒྱ་གར་གཞུང་མང་གཉིས་ནས་ང་ཚོ་བོད་མི་ཚོར་བྱམས་སྐྱོང་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ད་ལྟ་རྒྱལ་སྤྱིའི་མི་མང་གིས་རྒྱ་གར་ནི་འཛམ་གླིང་གི་མང་གཙོ་ཆེ་ཤོས་ཡིན་པ་ཙམ་དུ་མ་ཟད། མི་འབོར་མང་ཤོས་ཡང་ཡིན་པའི་གནས་བབ་ཤེས་རྟོགས་བྱུང་ཡོད་སྟབས། ང་ཚོས་རྒྱ་གར་གྱི་སྟོབས་ཤུགས་དང་འཛམ་གླིང་གི་མགོ་ཁྲིད་ཁྲོད་འབུར་དུ་ཐོན་བཞིན་པར་དགའ་སྤོབས་བྱེད་ཀྱི་ཡོད། ངོས་ནས་རྒྱ་གར་གྱིས་འཛམ་གླིང་སྔར་ལས་ལྷག་པའི་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཏུ་བསྐྲུན་པར་ཞབས་འདེགས་རླབས་ཆེ་སྒྲུབ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས།

རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་ནི་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༢༠ ཉིན་རྒྱ་གར་ཨོ་ཌི་ཤ་མངའ་སྡེ་རུ་སྐྱེས་ཤིང་། རཱ་མ་ཌེ་ཝི་བུད་མེད་ཀྱི་མཐོ་རིམ་སློབ་གྲྭ་ (Rama Devi Women’s College) ནས་སྒྱུ་རྩལ་གྱི་བསླབ་པ་མཐར་སོན་རྗེས། དགེ་རྒན་དང་སློབ་དཔོན་ཆེན་མོའི་ཕྱག་རོགས་ཀྱི་ཕྱག་ལས་གནང་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ལོར་བྷི་ཇེ་པི་ (BJP) ཆབ་སྲིད་ཚོགས་པའི་ནང་ཞུགས་ཏེ། རཱ་རང་གྷི་པུར་(Rairangpur Nagar Panchayat) ཚོགས་པའི་ཚོགས་མིར་བདམས་ཐོན་བྱུང་། ཕྱི་ལོ་ ༢༠༠༠ ལོར་ཚོགས་པ་དེའི་ཚོགས་གཙོ་དང་། བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་གཞོན་པའི་ཕྱག་ལས་གནང་།  ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་ཤར་ཕྱོགས་ཇར་ཁན་ཌི་ (Jharkhand) མངའ་སྡེའི་སྤྱི་ཁྱབ་ཀྱི་ཕྱག་ལས་གནང་། ཉེ་སྔོན་བྷི་ཇེ་པི་ཚོགས་པས་ལྕམ་སྐུ་ཤྲི་མ་ཏི་མཆོག་ཕྱི་ལོ་ ༢༠༢༢ ལོའི་སྲིད་འཛིན་གྱི་འོས་མིར་བདམས་ཏེ།  ཕྱི་ལོ ༢༠༢༢ཕྱི་ཟླ་ ༧ ཕྱི་ཚེས་ ༢༡ ཉིན་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་ཅིང་།  ཁོང་མོ་ནི་གདོད་མའི་མི་རིགས་ཀྱི་རིགས་རྒྱུད་ཅིག་ཡིན་ཞིང་། གདོད་མའི་མི་རིགས་ཀྱི་ཆབ་སྲིད་མི་སྣ་ཐོག་མ་དང་རྒྱ་གར་གྱི་བུད་མེད་སྲིད་འཛིན་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཚན་རིག་པ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༤
His Holiness the Dalai Lama's brief talk to students from Harvard University at Leh Ladakh 2023/08/21
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཧ་ཝར་ཌི་སློབ་ཆེན་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༢༡
༧གོང་ས་མཆོག གསུང་འཕྲིན།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འཛམ་གླིང་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡
2023 Dalai Lama Fellows
Photo: Dalai Lama Fellows
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གི་རྗེས་འཇུག་པའི་ལྷན་ཚོགས་འཚོག་གིན་འདུག

༢༠༢༣/༠༨/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist