མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མིར་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཀྱིས་གྲོས་ཚོགས་འཐུས་མིས་བོད་ཀྱི་གནད་དོན་འཁྱོག་བརྗོད་བྱས་པར་སྐྱོན་བརྗོད་བྱས།

Democratic Party Rep. Do Jong-hwan takes a bow to Chinese officials and other attendees after walking off stage in making a speech at the China Xizang Tourism and Culture Expo on Saturday. Some seven DP representatives left for China as they were invited to the event by the Chinese government. [YONHAP]

ལྷོ་ཀོ་རི་ཡའི་ཉིན་རེའི་གསར་ཁང་(Korea JoongAng Daily)གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཟླ་མགོར་རྒྱ་གཞུང་གིས་བགོས་བཅད་བྱས་ཡོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ།  རྒྱ་ནག་གཞུང་གི་གོ་སྒྲིག་མཐུན་འགྱུར་འོག  ཡུལ་སྐོར་དང་རིག་གཞུང་ཁྲོམ་སྟོན་ཞིག་འཚོགས་ཡོད་ཅིང་། སྐབས་དེར་ལྷོ་ཀོ་རི་ཡའི་སྲིད་བློན་ཟུར་བ་དང་གྲོས་ཚོགས་འཐུས་མི་ཏོ་ཅོང་ཧན་(Do Jong-hwan) དང་། གྲོས་ཚོགས་འཐུས་མི་མེན་ཡོང་ཌིག་(Min Byoung-Dug) བཅས་དམངས་གཙོ་ཚོགས་པའི་ཚོགས་མི་བདུན་མཉམ་ཞུགས་བྱས་ཡོད་འདུག

སྐབས་དེའི་ཚོགས་ཐོག་ཏུ་གྲོས་ཚོགས་འཐུས་མི་ཏོ་ཅོང་ཧན་གྱིས། མི་མང་གི་ལྟ་ཚུལ་མི་མཐུན་པ་དང་། ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་ཚོགས་ཞུགས་མ་བྱས་པའི་རྒྱུ་མཚན་ཅི་ཡང་ཤེས་ཀྱི་མེད་སྐོར་དང་། ཁོ་རང་ཕྱིར་ལྷོ་ཀོ་རི་ཡར་འབྱོར་མཚམས་སུ་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་སུ་ཁོང་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་དོན་རྐྱེན་ནི་ཕྱི་ལོ་ ༡༩༥༡ དང་ ཕྱི་ལོ་ ༡༩༥༩ ནང་བྱུང་ཟིན་པ་ཞིག་རེད། ང་ཚོ་ཡུལ་སྐོར་དང་རིག་གཞུང་གི་ཆེད་དུ་བསྐྱོད་པ་ཡིན། ངས་རེ་བར་མི་མང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཡུལ་སྐོར་རིག་གཞུང་ཁྲོམ་སྟོན་གཉིས་ཀྱི་དབྱེ་བ་འབྱེད་དགོས་སྐོར་བརྗོད་འདུག  གྲོས་ཚོགས་འཐུས་མི་མེན་ཡོང་ཌིག་གིས་ཀྱང་ལོ་ངོ་བདུན་ཅུ་སྔོན་དུ་བྱུང་ཟིན་པའི་གནད་དོན་ཞིག་གླེང་བས་རྒྱལ་ཁབ་ལ་ཁེ་བཟང་ཅི་ཡང་མེད་ཚུལ་བརྗོད་འདུག

དེའི་ཐད་ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཆེ་ཤོས་(Jogye order of Korean Buddhism) ཀྱིས། མི་སྒེར་དང་ཚོགས་པ་ཁག་གིས་རྒྱལ་ཁབ་ཀྱི་སྐུ་ཚབ་བྱས་ནས་རྒྱལ་ཁབ་གཞན་དང་མཉམ་དུ་མཐུན་སྒྲིལ་དང་འབྲེལ་ལམ་གོང་སྤེལ་གཏོང་བར་བསྐྱོད་ཀྱི་ཡོད་མོད། ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ལྷོ་ཀོ་རི་ཡའི་མི་མང་ཙམ་མ་ཟད། འཛམ་གླིང་མི་མང་ལ་རྒྱུས་མངའ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་དང་འདས་པའི་ལོ་རྒྱུས་ལ་མ་བལྟས་པར་འཁྱོག་བརྗོད་བྱས་ཡོད་པས། ང་ཚོས་བློ་འགྱོད་དྲག་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད། གྲོས་ཚོགས་འཐུས་མི་ཏོ་ཅོང་ཧན་དང་མེན་ཡོང་ཌིག་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་རྣམ་ཤེས་དང་། ད་ལྟའི་ཆར་རྒྱ་གཞུང་གི་མནར་གནོད་འོག་ཏུ་དཀའ་ངལ་མྱོང་བཞིན་ཡོད་པའི་བོད་མི་ཡོངས་ལ་ལྷག་བསམ་རྣམ་དག་གིས་དགོངས་སེལ་ངེས་པར་ཞུ་དགོས། ཞེས་བརྗོད་འདུག

དེ་བཞིན་རྒྱ་ནག་གཞུང་ཚབ་པ་ཞིན་ཧེ་མིན་(Xing Haiming)གྱིས་ལྷོ་ཀོ་རི་ཡའི་དམངས་གཙོ་སྲིད་དོན་ཚོགས་པའི་ཚོགས་གཙོ་ལེ་ཇེ་ཡུང་(Lee Jae Myung) ལ་རྒྱ་ནག་ལ་ཁ་གཏད་བཅག་པ་ཡིན་ན་རྗེས་སུ་བློ་འགྱོད་སྐྱེ་དགོས་སྐོར་དང་། ཐེངས་འདིའི་གྲོས་ཚོགས་འཐུས་མིའི་ཕྱོགས་བསྐྱོད་ཀྱི་གནད་དོན་འབྲེལ་ནས་རྒྱ་ནག་དང་ལྷོ་ཀོ་རི་ཡ་རྒྱལ་ཁབ་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese