མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དེ་རྒྱའི་ཁོངས་གཏོགས་ཡིན་ཟེར་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་བརྒྱུད་བོད་རྒྱའི་དཀའ་རྙོག་ཞི་འགྲིག་བྱུང་ན་བོད་དང་ས་འབྲེལ་ཡོད་པའི་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཕན་ཐོགས་ཡོད་སྐོར་གསུངས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་དང་ཐབས་བྱུས་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཚོགས་འདུའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱི་དབང་བསྒྱུར་འོག་རྒྱ་ནག་གི་བོད་དོན་སྲིད་བྱུས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཞི་ཅིན་ཕིན་གྱིས་རྒྱལ་ཁབ་གཅིག་དང་། རིག་གཞུང་གཅིག སྐད་ཡིག་གཅིག་བཟོ་རྒྱུའི་ཕུགས་དམིགས་འོག་རྒྱ་ནག་ནང་དུ་ཕྱིའི་རང་དབང་ལྡན་པའི་རྒྱལ་ཁབ་ལྟར་ཆབ་སྲིད་ཀྱི་རང་དབང་མེད་པའི་སྐོར་ནན་བརྗོད་དང་སྦྲགས། བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་ཐོག་ཤར་བསྐྱོད་གནང་མུས་དེ་ལྟར་ཡང་། སྐབས་བཅུ་དྲུག་པའི་བཀའ་ཤག་གིས་དབུ་མའི་ལམ་གྱི་ཐབས་བྱུས་ལ་བསྒྱུར་བ་ཕྲན་བུ་བཏང་སྟེ་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་གནས་བབ་ལ་བསྐྱར་ནན་གནང་གི་ཡོད་ཅིང་། དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གམ་བོད་མིའི་དབུ་ཁྲིད་ལྷན་གྲོས་མོལ་ལ་ཞུགས་རྒྱུར་སྐུལ་མ་ཐེབས་རེ་ཡོད་སྐོར་དང་། གལ་ཏེ་དབུ་མའི་ལམ་བརྒྱུད་བོད་རྒྱའི་དཀའ་་རྙོག་ཞི་འགྲིག་བྱུང་ན་བོད་དང་ས་འབྲེལ་ཡོད་པའི་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཕན་ཐོགས་ཡོང་སྲིད་པའི་སྐོར་འགྲེལ་བརྗོད་གནང་ཡོད།

དེ་བཞིན་སྲིད་སྐྱོང་མཆོག་གིས་མུ་མཐུད། དེང་སྐབས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ནའང་ད་དུང་རྒྱ་ནག་རང་ལ་གདེང་ཚོད་དང་ཕུགས་བརྟན་མེད་པ་ཞིག་ཏུ་མཐོང་གི་འདུག རྒྱ་ནག་ལྟ་བུར་མཚོན་ན། ཕྱིའི་བདེ་འཇགས་ལས་ནང་གི་བདེ་འཇགས་ཆེད་འགྲོ་གྲོན་ཕོན་ཆེ་བ་གཏོང་མཁན་གྱི་རྒྱལ་ཁབ་ཁོ་ན་ཡིན་ཞིང་། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བོད་ཐོག་ཁྲིམས་འགལ་དབང་བསྒྱུར་བྱས་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲིམས་མཐུན་བཟོ་ཐབས་ཐད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ཅེས་དང་། དེ་ལས་འཕྲོས་ཏེ་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པ་ཁས་ལེན་བྱས་ཚེ་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་བར་རྒྱབ་སྐྱོར་གནང་རིན་མེད་པ་དང་། ལོ་རྒྱུས་ཀྱི་བྱུང་བ་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཁྲུལ་སྣང་རྟོགས་བཟོས་ཐག་གཅོད་ཐུབ་ཐབས་མེད་སྐོར་བསྐྱར་ནན་དང་འབྲེལ། བོད་ཀྱི་གནས་བབ་ཁྲིམས་མཐུན་ལུགས་གཙང་བཟོ་རྒྱུའི་དབང་ཚད་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་རྣམས་ལ་ཡོད་པ་གསལ་བཤད་གནང་ཡོད།

གཞན་ཡང་། སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་མཚོན་བྱེད་ཀྱི་རྩ་བ་ལྟ་བུར་གྱུར་པའི་བོད་ཀྱི་སྐད་ཡིག་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་སྟབས། བོད་ཀྱི་རིག་གཞུང་རིམ་པས་རྩ་སྟོང་འགྲོ་ཉེན་ཆེ་བའི་སྐོར་དང་། བོད་ནང་ཆབ་སྲིད་ཀྱི་རང་དབང་མེད་པས་ད་བར་བོད་མི་གྲངས་ ༡༥༧ ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་མངོན་གསལ་དོད་པོས་ངོ་རྒོལ་བྱས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་ཚོའི་མངོན་འདོད་ལ་དོ་སྣང་བྱེད་པའི་རེ་བ་བཅང་ཡོད་སྐོར་གསུངས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་ཚབས་ཆེན་གཏོང་བཞིན་པའི་ཐོག་ཕྱི་རྒྱལ་གསར་འགོད་པ་དང་། གཞུང་ཚབ་མི་སྣ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་བོད་དུ་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་ལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་རྒྱུན་གནས་ཁོ་ནའི་ཐད་སེམས་འཚབ་བྱེད་ཀྱི་ཡོད་པས་རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་གར་གྱི་ས་མཚམས་མཚོན་པའི་ལྷོ་རྒྱ་ནག་རྒྱ་མཚོ་དང་། ཐའེ་ཝན་ལ་འཇིགས་སྐུལ་བཙན་ཤེད་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱལ་སྤྱིའི་མི་མང་ལ་འབོད་སྐུལ་གྱི་ཚུལ་དུ། ང་ཚོས་སྲིད་གཞུང་ཁག་དང་སྲིད་ཇུས་བཟོ་མཁན་རྣམས་ནས་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་གཏོགས་རེད་ཅེས་ཟེར་རྒྱུ་མཚམས་འཇོག་གནང་བའི་འབོལ་སྐུལ་ཞུ་རྒྱུ་ཡིན། དེ་ལྟར་བཤད་ན་ཁྱེད་ཚོས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་དེ་ཁྲིམས་མཐུན་བཟོ་གི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་རང་དབང་ལྡན་པའི་འཛམ་གླིང་གིས་རང་ཉིད་ཀྱི་རིན་ཐང་བརྟན་བཟུང་གནང་དགོས་ཞེས་གསུངས་ཡོད།

གསར་འགོད་པ་སྐལ་བཟང་སྦྱིན་པས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
Sikyong addressed the Tibetan community and engaged in a Q&A session.Photo:Tibet.net
Mobile App

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༣/༡༠/༡༦
སྲིད་སྐྱོང་མཆོག་ནས་ཀོ་ལིམ་བྷི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་བཞིན་པ། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༡༠།༠༣
Mobile App

སྲིད་སྐྱོང་མཆོག་གིས་བོད་ནང་གི་ཆོས་ལུགས་དད་མོས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་།

༢༠༢༣/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese