མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་གཉན་རིམས་སྐྱེ་དངོས་མཚོན་ཆའི་སླད་དུ་བཟོ་སྐྲུན་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་སྐྱེ་དངོས་མཚོན་ཆ་བཟོ་སྐྲུན་སླད་ཏོག་དབྱིབས་ནད་འབུ་ཆེད་དུ་བཟོས་པ་ཞིག་ཡིན་སྐོར་བརྗོད་འདུག

Wuhan Institute of Virology.

ཁ་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་རྟེན་གཞི་བྱས་པའི་ཝུའུ་ཧན་ནད་འབུ་ཚན་རིག་བརྟག་དཔྱད་ཁང་ (The Wuhan Institute of Virology) གི་ཉམས་ཞིབ་པ་ཁྲའོ་ཧྲའོ་ (Chao Shao) ཡིས། ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་དེ་རྒྱ་ནག་ནས་ཡིན་པ་དང་། རྒྱ་གཞུང་གིས་སྐྱེ་དངོས་མཚོན་ཆ་བཟོ་སྐྲུན་སླད་འགོས་ཉེན་ཆེ་བའི་ནད་འབུ་ཞིག་བཟོ་སྒྲིག་བྱས་ཡིན་སྐོར་བརྗོད་འདུག

དེ་འབྲེལ་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ (International Press Association) ཀྱི་ཚོགས་མི་ཇེ་ནི་ཧྥར་ (Jennifer Zeng) གྱིས་ཝུའུ་ཧན་ནད་འབུ་ཚན་རིག་བརྟག་དཔྱད་ཁང་གི་ཉམས་ཞིབ་པ་ཁྲའོ་ཧྲའོ་ (Chao Shao) ལ་བཅར་འདྲི་བྱེད་སྐབས་ཁོང་གིས། རྒྱ་ནག་གཞུང་གིས་སྐྱེ་དངོས་མཚོན་ཆ་བཟོ་སྐྲུན་སླད། ཁོའི་ལས་རོགས་ཤན་ཁྲའོ་ (Shan Chao) ཚུད་པའི་མི་བཞི་ལ་འབྲེལ་ཡོད་གོང་རིམ་ནས་ངོ་བོ་མི་འདྲ་བའི་ནད་འབུ་བཞི་སྤྲད་དེ། མི་ཚུད་པའི་སེམས་ཅན་གྱི་རིགས་ལ་འགོས་ཁྱབ་ཆེ་ཤོས་ཀྱི་ནད་འབུ་གང་ཡིན་ངོས་འཛིན་བྱེད་དུ་བཅུག་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༡༩ ལོའི་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་ཚོགས་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས། ཁྲའོ་ཧྲའོ་ཡི་ལས་རོགས་ཁག་ཅིག་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ཕྱིས་སུ་ཁོའི་ལས་རོགས་ཚོ་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་རྩེད་འགྲན་པ་དག་གི་འཕྲོད་བསྟེན་གནས་སྟངས་བརྟག་དཔྱད་སླད། རྩེད་འགྲན་པའི་མགྲོན་ཁང་དུ་མངག་གཏོང་བྱས་ཡོད་འདུག འོན་ཀྱང་། རྩེད་འགྲན་པའི་འཕྲོད་བསྟེན་གནས་སྟངས་བརྟག་དཔྱད་བྱེད་པར་ནད་འབུ་དཔྱད་ཞིབ་མཁས་པ་མངགས་པའི་དོགས་གཞི་བྱུང་བར་བརྟེན། ཉམས་ཞིབ་པ་ཁྲའོ་ཧྲའོ་ཡིས་རྒྱ་ནག་གིས་ཆེད་དུ་རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་ལ་ནད་འབུ་འགོས་ཁྱབ་གཏང་རྒྱུའི་ལས་དོན་སྤེལ་ཡོད་པར་དོགས་གཞི་བྱུང་ཡོད་སྐོར་བརྗོད་འདུག

ཡང་། ཕྱི་ལོ་ ༢༠༢༠ ཟླ་ ༤ པའི་ནང་གོང་རིམ་འབྲེལ་ཡོད་ཀྱིས་ཁྲའོ་ཧྲའོ་ཤར་ཊུ་ཀི་སི་ཐན་ཁུལ་དུ་ཡོད་པའི་ཡུ་གུར་བའི་འཕྲོད་བསྟེན་གནས་སྟངས་དཔྱད་ཞིབ་བྱེད་དུ་མངགས་ཤིང་། སྐབས་དེ་དུས་ཀྱང་ཁོས་ནད་འབུ་དཔྱད་ཞིབ་པ་ཞིག་ཆེད་དུ་མི་མང་གི་འཕྲོད་བསྟེན་གནས་སྟངས་བརྟག་དཔྱད་བྱེད་པར་གཏོང་དོན་ཅི་ཡིན་སྐོར་ལ་དོགས་གཞི་བྱུང་བ་མ་ཟད། སྐབས་དེར་ཁོ་ལ་རྒྱ་ནག་གིས་ཤར་ཊུ་ཀི་སི་ཐན་ཁུལ་དུ་ནད་འབུ་འགོས་ཁྱབ་ཏུ་གཏོང་གི་ཡོད་པའམ། ཡང་ན་ནད་འབུས་མི་ལ་ཤུགས་རྐྱེན་ག་འདྲ་སྤྲོད་ཀྱི་ཡོད་མེད་ཞིབ་འཇུག་བྱས་པའི་དོགས་གཞི་བྱུང་ཡོད་པ་རེད།

ཉེ་ལམ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་སྙན་ཐོ་བཏོན་པའི་ནང་། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་རྟེན་གཞི་བྱས་པའི་ཝུའུ་ཧན་ནད་འབུ་ཚན་རིག་བརྟག་དཔྱད་ཁང་ (The Wuhan Institute of Virology) གི་ཉམས་ཞིབ་པ་རྣམས་ལ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་གནས་སྟངས་འོག་ནས་ནད་པར་གྱུར་བ་ཡིན་མིན་གསལ་འདོན་ཐུབ་མེད་ནའང་། སྙན་ཐོ་དེས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཐད་རྩོད་གླེང་མང་པོ་བྱུང་གི་ཡོད་པ་ཏོག་ཙམ་ཞི་འཇམ་དུ་བཏང་ཡོད་པ་དང་། ད་དུང་ཡང་ཕྱོགས་གཏོགས་པ་ཕན་ཚུན་གདོང་ཐུག་དང་། ཞིབ་འཇུག་མུ་མཐུད་བྱས་བཞིན་པ། ཏོག་དབྱིབས་གཉན་རིམས་ཇི་ལྟར་ཁྱབ་གདལ་ཕྱིན་པའི་དྲི་བ་ཁག་སྔར་བཞིན་ཚ་ཚ་འུར་འུར་གྱི་རྩོད་གླེང་ཞིག་ཆགས་ཡོད་ལ། ཉམས་ཞིབ་པ་ཁྲའོ་ཧྲའོ་ཡིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྒྱ་ནག་ཡིན་སྐོར་བརྗོད་པ་དེ་ལ་ཞིབ་འཇུག་དང་། ཏོག་དབྱིབས་ཀྱི་འབྱུང་ཁུངས་སད་སི་(SARs)ནད་འབུ་བཟོ་སྐྲུན་གྱི་དགོས་དམིགས་སོགས་ངེས་པར་རྩད་གཅོད་གཏོང་གལ་ཆེ་སྐོར་སོགས་བརྗོད་འདུག

འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཤུགས་ཆེན་ཕྱིན་ནས། ད་བར་མི་གྲངས་ས་ཡ་ ༦༩༠(༦༩༠༩༡༣༣༠༥) ལྷག་ལ་ནད་འབུ་འགོས་ཡོད་པ་དང་། མི་གྲངས་ས་ཡ་ ༦ ལྷག་འདས་གྲོངས་སུ་ཕྱིན་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཤུགས་ཆེན་ཐེབས་ཡོད་པ་རེད། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ཨ་རི་དང་འཇར་མན། སྦེལ་ཇམ། ཁོ་རོ་ཤི་ཡ་དང་ཨཡེ་རི་ལེན་ཌི་བཅས་ཀྱིས་བཟོས་པའི་ (Pfizer/BioNTech)འགོག་ཁབ་ལ་ངོས་ལེན་དང་བེད་སྤྱོད་ཀྱི་ཆོག་མཆན་ཐོབ་སྟེ། འཛམ་གླིང་གི་ཏོག་དབྱིབས་འགོག་ཁབ་ཨང་དང་པོར་གྱུར་ཡོད་འདུག ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ ཉིན་རྒྱ་གར་གྱི་(Oxford/AstraZeneca)ལ་ངོས་ལེན་ཆོག་མཆན་ཐོབ་ཡོད་འདུག ད་ལྟའི་ཆར་རྒྱ་གར་གྱི་ (COVOVAX) དང་ (Covishield)། (Bharat Biotech) ཡིས་བཟོ་སྐྲུན་བྱས་པའི་ (Covaxin)། ཨ་རིའི་ (Nuvaxovid)།  (Moderna)།  སྦེལ་ཇམ་ནང་རྟེན་གཞི་བྱས་པའི་ཨ་རིའི་ཇེན་སན་སྨན་རིགས་བཟོ་སྐྲུན་ཁང་( Janssen Pharmaceuticals) གིས་བསྐྲུན་པའི་  (johnson & johnson)།  རྒྱ་ནག་གི་ (Convidecia)དང་ (Covilo) (CoronaVac) བཅས་འགོག་ཁབ་ཁྱོན་ ༡༡ ལ་ངོས་ལེན་ཆོག་མཆན་ཐོབ་སྟེ་བེད་སྤྱོད་གཏོང་བཞིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese