མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་གྲྭ་ཆས་གྱོན་པ་ཙམ་གྱིས་ངོ་མཚར་བྱེད་རྒྱུ་ཡོད་པ་མ་རེད་ཅེས་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱལ་བ་རིན་པོ་ཆེའི་མིང་ཡོད་པ་ཙམ་གྱིས་ལྷོད་ལྷོད་སྡོད་ཀྱི་མེད་ལ། ཁྱེད་ཚོས་ཀྱང་གྲྭ་ཆས་གྱོན་པ་ཙམ་གྱིས་ངོ་མཚར་བྱེད་རྒྱུ་ཡོད་པ་མ་རེད་ཅེས་བཀའ་སློབ་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཝི་ཏི་ནམ་གྱི་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ། དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས། ༢༠༢༣།༠༦།༢༩

ཁ་སང་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ནང་པ་སངས་རྒྱས་པའི་གཞུང་ནས་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ། ཐམས་ཅད་མཁྱེན་པའི་གོ་འཕང་གསུམ་བཤད་ཀྱི་ཡོད། ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་རྒྱུ་བྱང་ཆུབ་ཀྱི་སེམས་གཅིག་པོ་རེད། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་བ་ཡིན་ན་ཁ་ཐུག་སེམས་ལྷོད་ལྷོད་ཆགས་ཀྱི་འདུག ངོས་རང་ཞོགས་པར་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བཞིན་ཡོད། དངོས་གནས་དྲང་གནས་སེམས་ལྷོད་ཤིག་ཤིག་ཆགས་ཀྱི་འདུག སེམས་ཅན་སྤྱི་དང་། ལྷག་པར་དུ་འཛམ་བུ་གླིང་འདིའི་སྟེང་གི་འགྲོ་བ་མིར་དཀའ་ངལ་འཕྲད་པར་བསམ་བློ་འཁོར་དུས་མིག་ཆུ་ཐོན་ཡོང་གི་འདུག བྱང་ཆུབ་ཀྱི་སེམས་ཟེར་བ་དེ་སེམས་ཀྱི་ཞི་བདེ་ཡག་པོ་ཞེ་བོ་ཡོང་ཐུབ་པ་ཞིག་དང་། དེ་ལ་བརྟེན་ནས་ལུས་པོའི་འཕྲོད་བསྟེན་ལའང་ཞེ་དྲགས་ཕན་ཐོགས་འདུག ངོས་ཀྱིས་རྒྱ་མི་གུང་ཁྲན་ལ་སྙིང་རྗེ་སྒོམ་རྒྱུ་མ་གཏོགས། ཁོང་ཁྲོ་ཁྱོན་ནས་ཟ་རྒྱུ་མ་བྱུང་། བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཞེ་བོ་ཕན་ཐོགས་ཆེན་པོ་རེད། ངོས་ཀྱི་ངོ་ཤེས་པ་དང་མོས་པ་ཡོད་པའི་ཆོས་གྲོགས་ཚོས་ཀྱང་གཞན་ཕན་གྱི་བློ་ཡག་པོ་སྒོམ་རོགས། སོ་སོར་སྡུག་པོ་གཏོང་མཁན་གྱི་དགྲ་བོའང་ལྷག་པར་དུ་བརྩེ་བའི་བློ་སྒོམ་དགོས། ངོས་ཀྱི་མི་ཚེ་འདིའི་ནང་དཀའ་ངལ་མང་པོ་ཞིག་བྱུང་ཡང་། གཞན་ཕན་བྱང་ཆུབ་སེམས་ཀྱིས་ཞི་བདེ་ཁྱོན་ནས་བརླག་གི་མི་འདུག ཁྱེད་ཚོས་ང་རང་ངོ་ཤེས་པ་ཆགས་ཡོད། ངོས་ཀྱི་ཉམས་མྱོང་གི་ཐོག་ནས་སེམས་བཟང་པོ་བྱས་ནས་བསྡད་ན་ལུས་བདེ་བོ་དང་། སེམས་སྐྱིད་པོ་ཡག་པོ་འབྱུང་ཐུབ་པ་སེམས་ལ་བཞག་ནས་སེམས་བཟང་པོ་བྱས། བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཡག་པོ་སྐྱེས་པ་ཡིན་ན། ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན་དངོས་གནས་དྲང་གནས་བསོད་ནམས་ཀྱི་ཚོགས་བསགས་ཐུབ་པ་དང་། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཡག་པོ་ཞིག་བཏང་ཡོང་དུས་སྟོང་ཉིད་ཀྱི་ལྟ་བ་འཁོར་ཡོང་གི་འདུག སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་བསམ་བློ་འཁོར་ནས་ཉམས་ལེན་ཡག་པོ་བྱས་ཡོང་སྐབས། དངོས་གནས་དྲང་གནས་སེམས་ལ་སྙིང་སྟོབས་དང་ཞི་བདེ་ཡོད་བསྡད་པ་དང་། དཀའ་ངལ་ག་ཚད་འཕྲད་ཀྱང་གདོང་ལེན་བྱེད་པར་ཕན་ཐོགས་ཞེ་བོ་འདུག བྱང་ཆུབ་སེམས་སྒོམ་ནས་སེམས་ལྷོད་ལྷོད་ཡོད་དུས་གཉིད་ཀྱང་སྐྱིད་པོ་ཞེ་བོ་ཁུག་གི་འདུག སེམས་ནང་དུ་གཡང་དུ་ཟགས་པ་སོགས་གང་ཡང་ཡོང་གི་མི་འདུག སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱིས་བསམ་བློ་གཏོང་བ་དང་སྟོང་ཉིད་ཀྱི་ལྟ་བ་དྲན་དུས། རྙོག་དྲ་བཟོ་མཁན་ལའང་ལྷག་པར་དུ་བརྩེ་བའི་བློ་སྐྱེས་པས་སེམས་ཀྱི་ཞི་བདེ་དཀྲུག་མཁན་མི་འདུག དེ་ངོས་ཀྱིས་ཉམས་མྱོང་སྟེང་ནས་བཤད་ཀྱི་ཡོད་ལ། ཁྱེད་ཚོས་སེམས་ལ་ངེས་པར་གྱིས། ཞེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་ཀྱིས། སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་གཙོ་བོ་རེད། ཁྱེད་ཚོས་གཙོ་བོ་སྤྱན་རས་གཟིགས་སྒོམ་ནས་སེམས་བཟང་པོ་སྡོད་དང་། མི་ཚེ་དོན་དང་ལྡན་པ་ཡོང་གི་རེད། ངོས་ཀྱིས་དུས་རྒྱུན་དུ་འཕགས་པ་སྤྱན་རས་གཟིགས་སྒོམ་གྱི་ཡོད། སྤྱིར་འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་གཙོ་བོ་ཡིན་པ་དང་། ཡང་སྒོས་བོད་གངས་ཅན་གྱི་ལྷག་པའི་ལྷ་སྐལ་ཡིན་པས། ངོས་ཀྱིས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་གཙོ་བོ་བྱེད་བཞིན་ཡོད། འཕགས་པ་སྤྱན་རས་གཟིགས་ངོས་ཀྱི་འཁྲིས་ན་ཡོད་པ་སེམས་ལ་འཁོར་བཞིན་འདུག སྤྱན་རས་གཟིགས་ཡི་དམ་དུ་འཛིན་མཁན་ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་དང་བཅས་པའི་འཕགས་པ་ཡོངས་ཀྱིས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་རྒྱུན་བགྲངས་བཞིན་ཡོད་པ་རེད། དེ་རིང་ཁྱེད་ཚོར་ཡང་མ་ཎི་ལུང་འདོན་གྱི་ཡིན། ཕྱག་སྟོང་འཁོར་ལོའི་བསྒྱུར་བའི་རྒྱལ་བོ་སྟོང་།། སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་།།གང་ལ་གང་འདུལ་དེ་ལ་དེ་སྟོན་པ།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། སྐྱོན་གྱི་མ་གོས་སྐུ་མདོག་དཀར།། རྫོགས་སངས་རྒྱས་དབུ་ལ་རྒྱན།། ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས།། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཨོཾ་མ་ཎི་པདྨེ་ཧཱུྃ། དགེ་བ་འདི་ཡི་མྱུར་དུ་བདག། སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ཡི་ས་ལ་འགོད་པར་ཤོག། ཅེས་བཀའ་སློབ་བསྩལ་སོང་།

དེ་བཞིན་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་བཞུགས་སྒར་དགའ་ལྡན་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀམ་རའོ་སྐྱེ་དགུ་ས་སྐྱ་བརྩེ་ཆེན་བསམ་སྒྲུབ་གླིང་གི་དགེ་འདུན་གཙོས་མཇལ་བ་རྣམས་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དཔེ་ཆ་ལྟ་བ་དང་ཐོས་དོན་སྒྲུབ་པར་གཞོལ་བར་ཐོས་བསམ་ཡ་མ་བྲལ་བའི་ཐོག་ནས་བྱས་ན་ཡག་པོ་རེད་མ་གཏོགས། གྲྭ་ཆས་གྱོན་པ་ཙམ་གྱིས་ངོ་མཚར་བྱེད་རྒྱུ་ཡོད་པ་མ་རེད། བསམ་གཏན་ཀློག་པའི་ལས་དག་གིས།། ལུས་ལ་སྙིང་པོ་བླང་བར་བྱ།། ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི།། བསམ་པ་ནམ་ཡང་མི་བྱའོ།། ངོས་ལ་ཆ་བཞག་པ་ཡིན་ན་རྒྱལ་བ་རིན་པོ་ཆེའི་མིང་ཡོད་པས་ལྷོད་ལྷོད་བསྡད་ཆོག་པ་རེད། ཡིན་ནའང་ངོས་ཀྱིས་ཞོགས་པ་བྱང་ཆུབ་སེམས་དང་སྟོང་ཉིད་སྒོམ་པ་དང་། ཉིན་གུང་དཔེ་ཆ་ཀློག་ནས་བསམ་བློ་གཏོང་བཞིན་ཡོད། ངོས་རང་དགེ་སློང་རེད་ལ། རྒྱལ་བ་རིན་པོ་ཆེའི་མིང་ཐོག་ཡོད་པ་ཙམ་གྱིས་ལྷོད་ལྷོད་སྡོད་ཀྱི་མེད། ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་བཞིན་ཡོད། ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི།། བསམ་པ་ནམ་ཡང་མི་བྱའོ།། ཟེར་བ་དེ་ཁྱེད་ཚོས་སེམས་སུ་ཞོག གང་ལྟར་དཔེ་ཆ་ལྟ་རྒྱུ་གལ་ཆེན་པོ་རེད། དཔེ་ཆ་བལྟས་ནས་དོན་དག་ལག་ལེན་དུ་བསྐྱལ་རྒྱུ་དེ་རེད། མདོར་ན་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། བསླབ་པ་གསུམ་གྱི་ཉམས་ལེན་དེ་དག་ང་ཚོའི་གྲྭ་བའི་ལས་འགན་ཡིན་བསམ་ནས་བྱེད་དགོས། ང་ཚོས་གྲྭ་ཆས་གྱོན་ཏེ་གྲོང་ཆོག་ཏུ་རྒྱུག་རྒྱུ་ལས་འགན་མིན་པར་བསམ་དགོས།དཔེ་ཆ་ཡག་པོ་བལྟས་ནས་ཐོས་དོན་སྒྲུབ་པར་གཞོལ་བར་སེམས་སུ་ངེས་པར་བགྱིས། ངོས་ཀྱིས་ག་ཚད་ཐུབ་ཐུབ་ཀྱིས་དཔེ་ཆ་བལྟས་ནས་བསམ་བློ་བཏང་གི་ཡོད། ཞོགས་པ་དང་དགོང་མོར་སྒོམ་རྒྱག་བཞིན་ཡོད་པ་རེད། ཁྱེད་ཚོས་གྲྭ་ཆས་གྱོན་པ་ཙམ་གྱིས་ངོ་མཚར་བྱེད་རྒྱུ་ཡོད་པ་མ་རེད། ཅེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༥ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese