མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་གཞོན་སྐྱེས་རྣམས་ནས་བོད་པའི་གོམས་གཤིས་དང་རིག་གཞུང་བདག་པོ་བརྒྱག་དགོས་པའི་བཀའ་སློབ་ནན་པོ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་འཛམ་གླིང་ཞི་བདེ་ཡོང་རྒྱུའི་གཙོ་བོ་ནི་སེམས་ལ་གཞན་ཕན་གྱི་བློ་ཡོད་ན། དངོས་གནས་དྲང་གནས་ཀྱིས་ཞི་བདེ་ཡོང་གི་རེད། དེར་བརྟེན། ང་རང་ཚོ་བོད་པའི་གོམས་གཤིས་དང་རིག་གཞུང་དེ་དག་བདག་པོ་རྒྱག་དགོས། ཞེས་གསུང་འཕྲིན་བསྩལ།

ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ལ་དྭགས་ཀྱི་ས་སྐམ་པོ་ཡིན་ཙང། ངོས་རང་དེར་ཡོང་བ་རེད། སྐབས་རེར་ས་མཐོ་པོ་ཡིན་དུས་གཉིད་ཏོག་ཙམ་ཁུག་མི་ཐུབ་པ་ཡོང་གི་འདུག་སྟེ། དེ་རིང་གང་ཡང་མི་འདུག བདེ་པོ་ཞེ་དྲགས་བྱུང་། ལ་དྭགས་མི་མང་དད་པ་རྩེ་གཅིག་རེད། དེ་རིང་ཁྱེད་རང་ཚོར་ཞུ་རྒྱུར་ང་ཚོ་བོད་ཀྱི་དོན་དག་དེ་ཆབ་སྲིད་ཀྱི་སྐད་ཆ་གཅིག་པོ་མ་རེད། ང་ཚོ་བོད་ཀྱི་དོན་དག་འདི་འཛམ་བུ་གླིང་འདིའི་སྒང་ལ་བསམ་བློའི་ཐོག་ནས་དངོས་གནས་དྲང་གནས་ཀྱི་ཞི་བདེ་བསྐྲུན་རྒྱུ་དང་། རྒྱུ་མཚན་ལྡན་པའི་ཐོག་ནས་སེམས་སུ་བྱམས་པ་དང་སྙིང་རྗེ། ལྷག་བསམ་སྤེལ་ནས་སེམས་ཅན་ཐམས་ཅད་ཀྱི་ནང་ཚན་གྱི་འཛམ་བུ་གླིང་འདིའི་སྒང་གི་འགྲོ་བ་མི་ཚང་མ་ལ་ཕ་མ་ལྟ་བུ་དང་། མ་ཤེས་དྲིན་དྲན་གྱི་ཐོག་ནས་ཚང་མར་གཉེན་དུ་བསྟེན་ནས། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་དུས་ཀུན་ལ་ཕན་བདེ་བསྒྲུབ་བསམ་པའི་བློ་ཞིག་དགོས་ཀྱི་ཡོད་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་གནང་། དཔལ་ན་ལེནྜའི་མཁས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་ཞིབ་ཚགས་པོའི་ཐོག་ནས་གཏན་ལ་ཕབ་པ་འདི་ང་ཚོས་རྒྱུན་འཛིན་བྱེད་ཀྱི་ཡོད་རེད། ཁ་ཡོད་ལག་ཡོད་ལ་བྱམས་པ་དང་བརྩེ་བ་གཞི་ལ་བཞག་པའི་ཆུ་ཚོད་འདི་ཉམས་ལེན་བྱས་པའི་འབྲས་བུ་ལ་རང་གི་སེམས་ཞི་བདེ་ཡོང་གི་ཡོད་པ་རེད། རྒྱ་ནག་གུང་ཁྲན་ཏང་གི་མི་ཚོ་ལའང་ང་ཚོས་ཁོང་ཁྲོ་སྐྱེ་རྒྱུའི་ཚབ་ལ་སྙིང་རྗེ་སྐྱེས་པ་མ་གཏོགས་བརྣག་སེམས་དང་གནོད་སེམས་སྐྱེ་རྒྱུ་གང་ཡང་མི་འདུག འཛམ་གླིང་ཞི་བདེ་ཡོང་རྒྱུའི་གཙོ་བོ་ནི་སེམས་ལ་གཞན་ཕན་གྱི་བློ་ཡོད་ན། དངོས་གནས་དྲང་གནས་ཀྱིས་ཞི་བདེ་ཡོང་གི་རེད། དེར་བརྟེན། ང་རང་ཚོ་བོད་པའི་གོམས་གཤིས་དང་རིག་གཞུང་དེ་དག་བདག་པོ་རྒྱག་དགོས། ཞེས་གསུངས།

ཡང་༧མགོན་པོ་གང་ཉིད་མཆོག་ནས། ཆོས་རྒྱལ་སྲོང་བཙན་སྒམ་པོ་གྱོང་པོ་ཞེ་དྲགས་མཐོང་གི་འདུག རྒྱ་ནག་གོང་མའི་སྲས་མོ་དང་ཆང་ས་བརྒྱབ་ནས་ཉེ་པོ་ཞེ་དྲགས་ཡོད་རེད། འོན་ཀྱང་བོད་པ་རང་གི་ཡི་གེ་ཞིག་བཟོ་དགོས་ཀྱི་འདུག་གསུངས་ནས་ནཱ་ག་རིའི་ཡི་གེ་མ་རྩ་ལ་བཞག་ནས་ང་རང་ཚོའི་བོད་ཡིག་ཟུར་དུ་བཟོས་པ་རེད། ཕྱིས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཕེབས་པའི་སྐབས། ང་རང་ཚོའི་བོད་པའི་སྐད་ཡིག་རང་ཚན་པ་ཞིག་ཟུར་དུ་ཡོད་པར་བརྟེན། ང་ཚོས་བསྟན་བཅོས་བསྒྱུར་རྒྱུའི་བསམ་བློ་གཏང་རྒྱུ་གལ་ཆེན་པོ་འདུག་གསུངས། སོ་སོའི་སྐད་ཡིག་རང་མགོ་ཐོན་པ་ཞིག་ཆགས་ཀྱི་ཡོད་རེད། དེར་བརྟེན་བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་ལེགས་སྦྱར་དང་པ་ལི་ནས་བོད་ཡིག་ཏུ་བསྒྱུར་བ་རེད། དེང་སང་དངོས་ཡོད་གནས་ཚུལ་ལ་འཛམ་བུ་གླིང་འདིའི་སྒང་གི་ནང་པའི་ཆོས་བསླབ་པ་གསུམ་གྱི་ཉམས་ལེན་དང་ལྟ་གྲུབ་དེ་ཚོའི་སྐོར་ཞིབ་ཚགས་ཤོས་དང་རྒྱས་ཤོས་དེ་བོད་པ་ལ་ཡོད་པ་ཕལ་ཆེར་རེད་འདུག ངོས་རང་གིས་མི་མང་པོར་ཐུག་གི་ཡོད་རེད། དེ་དག་ལ་དོ་སྣང་བྱེད་དུས་ང་ཚོ་བོད་པ་ལ་ཡོད་བསྡད་པའི་བཀའ་འགྱུར་བསྟན་འགྱུར་དེ་དག་གི་དོན་དག་བསླབ་པ་གསུམ་གྱི་ཉམས་ལེན་ལ་བྲིས། གཙོ་ཆེ་ཤོས་གཞན་ཕན་གྱི་ལྷག་བསམ་བསྐྱེད་ནས་ཀུན་ལ་ཕན་བདེ་བསྒྲུབ་རྒྱུའི་བློ་ཟེར་བ་དེ་རྩ་ཆེན་པོ་ཞེ་དྲགས་རེད་འདུག ང་ཚོ་བོད་པ་ཆུང་ཆུང་སྐབས་ནས་འབུ་མ་གསོད། སྙིང་རྗེ་ཡི་རེད་ཟེར་ནས་བཤད་རྒྱུའི་གོམས་གཤིས་ཡོད་རེད། ངོས་རང་ཆུང་སྐབས་སྐུ་འབུམ་དུ་ཡོད་དུས་ལྷ་ཁང་ཞིག་ཡོད་རེད། སྐབས་དེར་ངོས་རང་ལོ་གསུམ་བཞི་ཙམ་ཞིག་རེད། བོད་པའི་ཕྲུ་གུ་ཆུང་ཆུང་གྲྭ་ཆས་གྱོན་པ་དེ་དག་གིས་ཕྱག་འཚལ་བ་དང་ཨ་ར་པ་ཙ་བགྲང་གི་འདུག ངོས་ནས་ཀྱང་ལད་ཟློས་བྱས་ཏེ་ཨ་ར་པ་ཙ་བགྲངས་མྱོང་། ང་ཚོ་བོད་པའི་གོམས་གཤིས་ཤིག་རེད་འདུག འབུ་མ་གསོད། གཞན་ཕན་གྱི་བློ་བསྒྲུབ། དེ་བཞིན་གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། ཞེས་ང་རང་ཚོ་མ་རིག་པའི་དབང་གིས་བྱུང་བའི་བློའི་སྐྱོན་གྱི་རིགས་ཚང་མ་སེལ་རྒྱུའི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཡོང་རྒྱུ་ཟེར་བ་དེ་ང་ཚོ་བོད་པ་ཚོ་ཆུང་ཆུང་སྐབས་ནས་གོམས་གཤིས་སུ་ཡོད་པ་ཞིག་རེད། འདི་ང་ཚོ་སྐལ་བ་བཟང་པོ་རེད། ཅེས་གསུངས།

༧མགོན་པོ་གང་ཉིད་མཆོག་ནས། ང་ཚོ་མི་རབས་གསར་པ་དེ་ཚོ་ལུང་པ་གསར་པར་བསླེབས་ནས་ང་ཚོ་བོད་པའི་ཡ་རབས་ཀྱི་གོམས་གཤིས་དེ་དག་ནམ་ཡང་བརྗེད་རྒྱུ་ཡོད་པ་མ་རེད། རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚང་མས་བོད་པའི་ཆོས་དང་རིག་གཞུང་ལ་གཅེས་ཞེན་བྱ་རྒྱུའི་ལྷག་བསམ་ཞེ་དྲགས་ཡག་པོ་འདུག འདི་མུ་མཐུད་ནས་ང་རང་ཚོའི་མི་རབས་གསར་པ་ཡོང་མཁན་དེ་དག་ལ་བོད་ཀྱི་ཡ་རབས་སྤྱོད་བཟང་། གཞན་ཕན་གྱི་སྙིང་རྗེའི་བློ་ཟེར་བ་དེ་དག་ཆུང་ཆུང་ཚོ་ལ་གོ་རྟོགས་སྤེལ་རྒྱུ་དེ་ང་ཚོ་བོད་རིགས་ས་ཁུལ་ཁག་གང་དུ་ཡོད་པ་ཚང་མས་སེམས་སུ་བཞག་རོགས་བྱོས། ངའི་ངོས་ནས་ཆ་བཞག་ན། སོ་སོའི་ལས་དང་སྨོན་ལམ་གྱི་དབང་གིས་༧རྒྱལ་བ་རིན་པོ་ཆེ་ཟེར་བའི་མིང་ཐོགས་རྒྱུ་བྱུང་བ་རེད། ངའི་ངོས་ནས་ད་ལྟ་བར་དུ་ལྷག་བསམ་རྣམ་དག་བྱས་ནས་སྤྱིར་སེམས་ཅན་ཐམས་ཅད། ཡང་བསྒོས་བོད་ཁ་བ་གངས་ཅན་གྱི་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་དག་ལ་ངོས་རང་གིས་རྩེ་གཅིག་ཏུ་བསམ་བློ་བཏང་ནས་སྨོན་ལམ་འདེབས་ཀྱི་ཡོད། དེར་བརྟེན། ཁྱེད་རང་ཚོ་ཚང་མས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་དངོས་གནས་དྲང་གནས་ཀྱིས་སྤུས་དག་པོ་དང་། དད་པ་དང་རྨོངས་དད་ཀྱིས་མིན་པར་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏང་རྒྱུ་རྩ་ཆེན་པོ་ཞེ་དྲགས་རེད་འདུག ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། སེམས་པ་བཟང་པོ་དང་གཞན་ལ་ཕན་ཐོགས་བྱ་དགོས་པ་དེ་ཆོས་ལུགས་ཚང་མས་གསུང་གི་འདུག ཡག་པོ་ཞེ་དྲགས་རེད། འོན་ཀྱང་ལྟ་གྲུབ་ཀྱི་ཐོག་ནས་བཤད་ཡོང་དུས། ནང་པ་སངས་རྒྱས་པའི་དཔལ་ན་ལེནྜའི་ཆོས་བརྒྱུད་ནང་བཞིན་དངོས་གནས་དྲང་གནས་ཀྱིས་རྒྱུ་མཚན་མཐའ་ཡས་པའི་ཐོག་ནས་བསམ་བློ་བཏང་ནས་སེམས་ལ་བཟོ་བཅོས་བརྒྱག་རྒྱུ་ཞེ་དྲགས་དཀོན་པོ་རེད་འདུག ཅེས་གསུངས།

༧མགོན་པོ་གང་ཉིད་མཆོག་ནས། ང་ཚོ་བོད་པ་ལ་སྔོན་གྱི་ཆོས་རྒྱལ་དང་བྱང་ཆུབ་སེམས་པ་དེ་དག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ལ་གོམས་གཤིས་དང་སློབ་སྦྱོང་བྱ་རྒྱུའི་དམིགས་འདོད་ཡག་པོ་ཞེ་དྲགས་ཡོད་པ་དེ་ཚང་མས་སེམས་ལ་འཇགས། བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར་བློ་སྦྱོང་གི་རིགས། ང་ཚོ་བོད་པ་ཚང་མས་ཁ་ནས་སྨོན་ལམ་འདེབས་དུས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་འདེབས་པ་ལྟར་ང་ཚོས་རིམ་པས་བློ་སྦྱངས་ནས་བོད་པའི་རང་གཤིས་ལ་སྙིང་རྗེ་ཟེར་བ་དེ་ཡར་རྒྱས་གོང་འཕེལ་གཏང་དགོས། ད་ལྟའང་འཛམ་གླིང་ཤར་ནུབ་གང་ས་ནས་བོད་ཀྱི་ཆོས་ལ་དོ་སྣང་དང་དགའ་མོས་བྱེད་མཁན་ཤུགས་ཆེ་རུ་འགྲོ་ཡི་འདུག རྒྱ་ནག་ནང་དུའང་ཤུགས་ཆེ་རུ་འགྲོ་ཡི་འདུག འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་རེད། འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་མཆོག་རེད། དེའི་དགོངས་པ་དང་མཐུན་པ་ཞིག་དང་དངོས་གནས་དྲང་གནས་ཀྱིས་འགྲོ་བ་ཀུན་ལ་ཕན་བདེ་སྒྲུབ་མཁན་ཞིག་གི་མི་བཟང་པོ་ཞིག་བྱེེད་ཀྱི་ཡིན་བསམ་པའི་ཐོག་ནས་ཚང་མས་སེམས་ཤུགས་བསྐྱེད་ཤོག ཁ་ཡོད་ལག་ཡོད་ཐོག་ལ་འཛམ་གླིང་འདི་སྒང་གི་དངོས་གནས་དྲང་གནས་ཀྱིས་ཞི་བདེ་སྒྲུབ་མཁན་དེ་ང་ཚོ་སེམས་ཀྱི་ཞི་བདེའི་ཐོག་ནས་འགྲོ་དགོས་རེད། དེར་བརྟེན་ང་ཚོ་བོད་པ་ལ་རང་བཞིན་ལྷན་སྐྱེས་ཡག་པོ་ཞེ་དྲགས་འདུག འདི་ཚང་མས་སེམས་ལ་ཞོག ཧུར་ཐག་བྱེད་རོགས། ཞེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

ཆུ་ཚོད་ ༡༣ སྔོན་ལ།
Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

༢༠༢༣/༠༩/༢༥
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist