མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀྱིལ་འཁོར་སོགས་བཙན་གྱིས་གཏོར་ཏེ་དུས་འཁོར་དབང་ཆེན་གློ་བུར་དུ་བཀག་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ཞིང་ཆེན་མང་རྫོང་མགོ་མང་གྲོང་ཚོ་ས་རྨད་བཞི་སྡེ་བར༧སྐྱབས་རྗེ་ཨ་ཐིས་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་གིས་དཔལ་དུས་འཁོར་ལོའི་དབང་ཆེན་གནང་བར་རྒྱ་ནག་གཞུང་གིས་ཆོག་མཆན་རྩིས་མེད་བཏང་སྟེ་བཀག་ཡོད་པ་མ་ཟད་དུས་དབང་གོ་སྒྲིག་པ་རྣམས་འདྲི་རྩད་བཀག་ཉར་འོག་བཞག་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༤ བར་དུ་བོད་མཚོ་སྔོན་ཞིང་ཆེན་མང་རྫོང་མགོ་མང་གྲོང་ཚོ་ས་རྨད་བཞི་སྡེ་བ་རུ་དུས་དབང་གནང་རྒྱུ་གློ་བུར་དུ་བཀག པར་འབྲེལ་ཡོད་ནས་དུས་བབ་ལ་མཁོ་སྤྲོད་གནང་།་༢༠༢༣།༠༧།༡༩

ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༣ བར་དུ་བོད་མཚོ་སྔོན་ཞིང་ཆེན་མང་རྫོང་མགོ་མང་གྲོང་ཚོ་ས་རྨད་བཞི་སྡེ་བ་རུ། ༧སྐྱབས་རྗེ་ཨ་ཐིས་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་གིས་དཔལ་དུས་འཁོར་ལོའི་དབང་ཆེན་གནང་གཏན་འཁེལ་ཏེ། བླ་མ་གདན་འདྲེན་ཞུས་ཏེ་ཆོས་ཞུ་བ་ཁྲི་ཕྲག་འགའ་འཛོམས་ཀྱི་ཡོད་ཀྱང་། ཁ་སང་ཞོགས་སྔ་ནམ་ལངས་མ་ལངས་ཙམ་ལ་ས་གནས་མགོ་འཁྲིད་དང་ཉེན་རྟོག་པ་སོགས་ཡོང་སྟེ། བླ་མ་བཙན་གྱིས་ཕྱིར་ཕེབས་བཅུག་ཡོད་པ་མ་ཟད། དུས་དབང་གོ་སྒྲིག་པ་རྣམས་འདྲི་རྩད་བཀག་ཉར་འོག་བཅུག་སྟེ། དུས་དབང་གི་དཀྱིལ་འཁོར་ཐོག་ཆུ་བླུགས་ཏེ་གཏོར་བཤིག་གཏོང་སྐབས། ཆོས་ཞུ་བ་མང་པོས་བཀག་འགོག་དང་། མུ་མཐུད་དུ་དུས་དབང་འཚོགས་བཅུག་པའི་རེ་སྐུལ་ཞུ་སྐབས་མི་མང་ལ་གཅར་རྡུང་བཏང་བ་དང་། དེ་ནས་མི་མང་གི་སྡོད་གུར་ཁུལ་དུ་ཕྱིན་ཏེ་དུས་དབང་འཚོགས་རྒྱུ་མིན་པས། མི་མང་ཚང་མར་རང་ཡུལ་དུ་ལོག་དགོས་པའི་བཙན་བཀའ་བཏང་ནས་དུས་དབང་གློ་བུར་དུ་འཚོགས་བཅུག་མི་འདུག

དེའི་སྐོར་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། ༧སྐྱབས་རྗེ་ཨ་ཐིས་རིན་པོ་ཆེའི་དུས་འཁོར་དབང་ཆེན་དེ་ནི་དེ་གའི་མི་མང་གིས་ལོ་མང་པོའི་སྔོན་ནས་རྒྱ་ནག་གཞུང་ལ་རེ་ཞུ་བྱས་ཏེ་ཆོག་མཆན་ཐོབ་པ་བརྒྱུད་གོ་སྒྲིག་ཞུས་པ་ཞིག་ཡིན་ལ། ད་ལན་ཉིན་གྲངས་ལྔ་རིང་གི་དུས་འཁོར་དབང་ཆེན་གྲ་སྒྲིག་ཆ་ཚང་ཞུས་ཚར་བ་དང་། ཐག་རིང་གི་ཆོས་ཞུ་བ་ཕལ་ཆེར་བ་འབྱོར་ཚར་བའི་གནས་སྟངས་ཆགས་ཡོད་ལ། ཁ་སང་ཁེ་ཉིན་དུས་འཁོར་དབང་ཆེན་གྱི་སྟ་གོན་ཡིན་ཡང་། ཁ་སང་ཞོགས་པ་ནམ་ལངས་མ་ལངས་ཙམ་ལ་རྒྱ་ནག་གཞུང་གིས་དུས་འཁོར་དབང་ཆེན་འཚོག་མི་ཆོག་པའི་བཀའ་བསྒྲགས་པར་བརྟེན། དད་ལྡན་རོང་འབྲོག་མང་ཚོགས་ཁྲི་ཁ་ཤས་ཀྱི་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། དུས་དབང་གི་སྐབས་སུ་གུར་སོགས་ཀྱི་གྲ་སྒྲིག་ཚང་མ་བྱས་ཟིན་ཡོད་པས། དཔལ་འབྱོར་གྱི་གྱོང་གུད་ཀྱང་ཆེན་པོ་ཐེབས་ཀྱི་འདུག དུས་འཁོར་དབང་ཆེན་ཞུ་སའི་ས་ཆ་གཅིག་པུར་རྒྱ་སྒོར་ཁྲི་ ༢༠༠ ལྷག་སྤྲད་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་།

བོད་མཚོ་སྔོན་ཞིང་ཆེན་མང་རྫོང་མགོ་མང་གྲོང་ཚོ་ས་རྨད་བཞི་སྡེ་བའི་དུས་དབང་སྒར་ས། པར་འབྲེལ་ཡོད་ནས་དུས་བབ་ལ་མཁོ་སྤྲོད་བྱས། ༢༠༢༣།༠༧།༡༩

ཡང་ཁོང་གིས་རྒྱ་ནག་གཞུང་གིས་སྤྱིར་ཆོས་ལུགས་དད་མོས་རང་དབང་ཡོད་ཟེར་གྱི་ཡོད་ཀྱང་། དང་པོ་བླ་མ་དང་བཅས་པར་དུས་དབང་འཚོགས་ཆོག་ལུགས་བཤད་དེ་མགོ་བསྐོར་བཏང་ཡོད་པ་དང་། སང་ཉིན་དུས་དབང་གཏན་འཁེལ་བའི་དེ་རིང་བཀག་འགོག་བྱས་པ་ཡིན་ན་ཆོས་ལུགས་དད་མོས་རང་དབང་གཏོར་བཤིག་བཏང་བ་རེད། རྒྱ་ནག་གཞུང་གི་ཁྲིམས་ཐོག་ནས་ཆོག་མཆན་ཐོབ་ཡོད་པ་ཡང་རྩིས་མེད་བཏང་བ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

འབྲེལ་ཡོད་ཁག་ཅིག་གིས། སྤྱིར་བཏང་ད་ལན་གྱི་དུས་དབང་གནང་རྒྱུར་ཞིང་ཆེན་ནས་ཆོག་མཆན་སྤྲད་ཡོད་ཀྱང་། དུས་དབང་གི་བླ་མ་ཕེབས་བསུའི་བརྙན་སོགས་སྤྱི་ཚོགས་དྲ་ལམ་དུ་ཤུགས་ཆེན་ཁྱབ་པར་བརྟེན། གློ་བུར་དུ་བརྙན་ཐུང་རྣམས་སྤྱི་ཚོགས་དྲ་ལམ་ནས་བཀག་ཡོད་པ་མ་ཟད། དབུས་གཞུང་རང་ནས་དུས་དབང་གནང་མི་ཆོག་པའི་བཀའ་ཕབ་ཡོད་སྐོར་དང་། ཡང་མང་ཚོགས་ནང་དུ་དུས་དབང་བཀག་པ་དེ་བོད་ཁུལ་གྱི་བླ་མ་ཕན་ཚུན་བར་གྱི་དཀའ་རྙོག་རེའང་ཡིན་སྲིད་པའི་དཀྲོག་གཏམ་ཞིག་ཀྱང་སྤེལ་བཞིན་ཡོད་འདུག

༧སྐྱབས་རྗེ་ཨ་ཐིས་རིན་པོ་ཆེ་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་ནི་བོད་མཚོ་སྔོན་པོའི་རྐང་ཚ་རྫོང་ཆོས་ཚ་སྡེ་བ་རུ་སྐུ་འཁྲུངས་ཞིང་། དགུང་ལོ་ཆེ་ཙམ་ཕེབས་རྗེས་ཨ་ཐིས་རིན་པོ་ཆེ་སྐུ་ཕྲེང་བདུན་པར་ངོས་འཛིན་ཞུས་ཏེ་ཕྱི་ལོ ༡༩༩༢ ལོར་ཨ་ཐི་དགོན་དུ་ཁྲི་སྟོན་མཛད་དེ།  སྔ་རྗེས་སུ་སྐུ་འབུམ་དགོན་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་བསླབ་པ་སློབ་གཉེར་གནང་ཡོད་འདུག ཁོང་ནི་མདོ་སྨད་མང་རྫོང་གི་བློ་རྒྱ་དང་། ཚ་ནག ཇོ་སེར། རུ་སྔོན་བཅས་སྡེ་བ་བཞིའི་དུད་ཚང་ ༢༠༠༠ ཡས་མས་ཀྱི་རྩ་བའི་བླ་མ་ཡིན་འདུག ད་ལན་དུས་དབང་ཞུ་པར་བོད་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་གྱི་ཁོངས་ནས་དད་ལྡན་དོན་གཉེར་ཅན་ཁྲི་ ༤ ཡས་མས་འཛོམས་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག་ལ། ཚོང་ལས་འདྲ་མིན་གཉེར་མཁན་གྱི་ཚོང་གུར་ཁོ་ན་སྟོང་ཕྲག་གཅིག་བརྒལ་བ་ཡོད་སྟབས། གློ་བུར་དུ་དུས་དབང་བཀག་འགོག་བྱས་རྗེས་སྤྱི་ཚོགས་དྲ་ལམ་སོགས་ན། དུས་དབང་ཆེད་བག་ལེབ་དང་ཞོ་འོ་མ། ཚོང་རྫས་སྣ་ཚོགས་འབོར་ཆེན་གྲ་སྒྲིག་བྱས་པ་རྣམས་འཕྲོ་བརླག་ཏུ་ཕྱིན་ཏེ་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་སྐོར་གླེང་སློང་བྱེད་ཀྱི་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༦ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༡ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. ཐུབ་བསྟན་ says:
    ལོ་ 3 སྔོན།

    ད་རེས་བོད་ནང་དུས་འཁོར་དབང་ཆེན་གློ་བུར་བཀག་འགོག་གི་གནས་ཚུལ་འདི་ནི་བོད་ནང་གི་རྒྱའི་ལས་བྱེད་ཉེན་རྟོག་པ་རྣམས་དྲང་བདེན་གཏན་ནས་མེད་པ་དང་ཐུབ་ཚོད་རང་གཏོང་གི་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་འདུག་ན་རང་ཅག་ཕྱིར་གནས་བསྡོད་བཙན་བྱོལ་བོད་མི་གཞུང་སྒེར་རྣམས་ཀྱིས་བོད་ནང་གི་རྒྱ་ཆེའི་མི་མང་རྣམས་ཀྱི་རེ་འདོད་ཇི་ལྟར་སྐོང་ཐུབ་བམ། བོད་ནང་དམ་དྲག་དང་བཙན་བཀའ་དེ་ལྟ་བུ་ཡོད་ན་༧རྒྱལ་བ་རིན་པོ་ཆེ་མཆོག་ཕྱུག་ཙམ་བོད་ནང་ཇི་ལྟར་ཕེབས་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese