མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་སློབ་མའི་དད་པ་དང་དམ་ཚིག་ཇི་ཙམ་སྟོབས་ཆེ་བའི་ཚོད་ཀྱིས་བླ་མ་སྐུ་ཚེ་རིང་པོར་བཞུགས་རྒྱུ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་སྐོར་སོགས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གླེ་གསུང་ཆོས་ར་བའི་ནང་དུ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༣།༠༧།༢༤ དུས་བབ་ཀྱི་པར།

དེ་རིང་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཁ་སང་ཁེ་ཉིན་ཆོས་འབྲེལ་བྱས་ནས་ལེགས་འགྲུབ་བྱུང་བ་རེད། དེ་རིང་ཁྱེད་རང་ཚོས་བརྟན་བཞུགས་ཕུལ་གནང་གི་ཡོད་རེད། སློབ་མའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་འདི་འདྲ་ཞིག་ཡོད་དུས། དེའི་རྟེན་འབྲེལ་གྱི་མཐུ་ལ་བརྟེན་ནས་བླ་མ་ཡང་ཚེ་རིང་པོ་བསྡད་རྒྱུ་ཕལ་ཆེར་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་ཆགས་ཡོང་གི་ཡོད་རེད། ངོས་རང་གི་རྨི་ལམ་ལ་བལྟས་ཡོང་དུས་ཕལ་ཆེར་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་ཐུབ་རྒྱུ་ཡིན་ཚོད་འདུག  ཁྱེད་རང་ཚོས་ངོས་རང་གི་གདོང་ལ་བལྟས་ན་ངོས་རང་ལོ་བརྒྱད་ཅུ་གྱ་གྲངས་ཤིག་གི་ཟོལ་ཞིག་མཐོང་གི་མི་འདུག་ག ད་ལྟ་གཞོན་ནུ་ཞིག་འདུག་ག གང་ལྟར་ངོས་རང་ལ་དངོས་གནས་དྲང་གནས་བོད་གངས་ཅན་གྱི་ལྗོངས་ཀྱི་རྒྱ་ཆེ་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་བྱེད་ཀྱི་ཡོད་རེད། ས་གནས་འདི་(ལ་དྭགས) ལ་ཆ་བཞག་ན། ཁྱེད་རང་ཚོས་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། འཛམ་གླིང་ཤར་ནུབ་ལྷོ་བྱང་གི་ནང་པ་ཡིན་མིན་ལ་མ་ལྟོས་པའི་ཏཱ་ལའི་བླ་མ་ཟེར་དུས་དངོས་གནས་དྲང་གནས་དགའ་པོ་བྱེད་མཁན་མང་པོ་ཞེ་དྲགས་ཤིག་འདུག དེ་འདྲ་ཡིན་དུས་ཕྱི་ནང་གི་རྟེན་འབྲེལ་འཛོམས་ཡོང་དུས་ངོས་རང་ཚེ་རིང་པོ་སྟེ་ལོ་བརྒྱ་དང་བཅུ་གྲངས་ཤིག་གཏན་གཏན་བསྡད་ཐུབ་ཀྱི་རེད། ཁྱེད་རང་ཚོར་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་རེད། ངོས་རང་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་གིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཙོ་བོ་ཉམས་ལེན་བྱེད་ཀྱི་ཡོད་རེད། བྱས་ཙང་ཁྱེད་རང་ཚོས་ངོས་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡིན་དུས། ཁྱེད་རང་ཚོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་ཐོངས། དེས་ཚེ་རབས་ནས་ཚེ་རབས་བདེ་ཞིང་སྐྱིད་པ་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་ཐུབ་པ་ཡོང་རྒྱུར་བརྒྱ་ཆ་བརྒྱ་ཐག་ཆོད་པ་རེད། བླ་མ་དང་སློབ་མ་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་དུས། བླ་མའི་ཚེ་རིང་པོར་བསྡད་རྒྱུར་རྟེན་འབྲེལ་འགྲིག་གི་རེད། དེ་རིང་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ། ཞེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་ཀྱིས། མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་རེད། སློབ་མའི་དད་པ་དང་དམ་ཚིག་ཇི་ཙམ་སྟོབས་ཆེ་བའི་ཚོད་ཀྱིས་བླ་མའི་ཚེ་རིང་པོར་གནང་རྒྱུ་རྟེན་འབྲེལ་གྱི་ཆོས་ཉིད་རེད། མི་མང་གིས་རྩེ་གཅིག་པའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་རེད། དེའི་མཐུ་ལས་བླ་མའི་ཚེ་རིང་པོར་གནས་རྒྱུར་ངོས་རང་ལ་ཚད་མ་ཡོང་གི་འདུག ཕལ་ཆེར་ངོས་རང་ལོ་བརྒྱ་དང་བཅུ་བསྡད་རྒྱུར་ཚད་མ་ཡོང་གི་འདུག དེ་འདྲ་ཡིན་དུས་ད་བར་མིག་མཐོང་ལག་ཟིན་གྱིས་བསྟན་པ་དང་འགྲོ་བའི་དོན་བྱས་ཡོད་རེད། ད་དུང་འབྱུང་འགྱུར་ལོ་ཉི་ཤུ་སྐོར་མུ་མཐུད་ནས་ངོས་རང་གིས་བསྟན་པ་དང་འགྲོ་བའི་དོན་བྱ་རྒྱུའི་ཕྱི་ནང་གི་རྟེན་འབྲེལ་འཛོམས་ཀྱི་ཡོད་པའི་ཟོལ་འདྲ་བོ་ཞིག་འདུག གཙོ་ཆེ་བ་ང་རང་ཚོ་ཚང་མས་ཕྱི་ཆོས་པའི་གཟུགས་སུ་སྣང་བ། ནང་ཉོན་མོངས་དུག་གསུམ་གྱི་གཞན་དབང་ལ་བཏང་ནས་སྣང་ལ་མ་ངེས་བ་དེ་འདྲ་བྱ་རྒྱུ་ཡོད་མ་རེད། ང་རང་ཚོ་དངོས་གནས་དྲང་གནས་ཆོས་ལ་དད་པ་ཡོད་པ་ནང་བཞིན་གྱི་ནང་བསམ་བློའི་ཐོག་ནས་ཡིན་ནའང་སེམས་པ་བཟང་པོ་བྱོས། ཀུན་ལ་ཕན་སེམས་བྱོས། གནག་སེམས་གནོད་སེམས་ཟེར་བའི་བསམ་བློ་དེ་འདོར་བྱ་བྱོས། དངོས་གནས་ལྷག་བསམ་རྣམ་དག་གིས་རྒྱལ་བ་སྲས་དང་བཅས་པར་དགྱེས་པ་སྐྱེས་རྒྱུ་ཞིག་སོ་སོས་བྱ་དགོས་རེད་ལ། ཁྱེད་རང་ཚོ་ཚང་མས་བྱེད་ཀྱི་ཡིན་བསམ་པའི་སེམས་ཤུགས་སྐྱེད་ཤོག་ཨ། ང་རང་གི་ངོས་ནས་བཤད་ན། ཁ་སང་ཁར་ཉིན་ཞུས་ཡོད་རེད། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ། སྟོད་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ། དེ་དག་ངོས་རང་གིས་ཉིན་རེ་བཞིན་ཆད་མེད་སྒོམ་བསྡད་ཀྱི་ཡོད། དེ་འདྲ་ཡིན་དུས། ཁྱེད་རང་ཚོས་ཉིན་རེ་བཞིན་དེ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས། སྟོད་ཉིད་ཀྱི་ལྟ་བ་ག་ཚོད་ཐུབ་ཐུབ་ཀྱིས་སྒོམས་ཤོག ཅེས་དང་། ཆོས་ཟེར་བ་དེ་ཁ་ཙམ་ཚིག་ཙམ་ཞིག་མ་རེད། སོ་སོའི་སྒོ་གསུམ་གྱི་སྤྱོད་པ་དེ་ཆོས་ནས་བཤད་པ་བཞིན་ཡག་པོ་ཞིག་ལག་ལེན་བསྟར་ཐུབ་པ་ཞིག་བྱུང་ན། སོ་སོའི་སེམས་སྐྱིད་པ། ལུས་བདེ་བ། ཀུན་དང་མཛའ་བ། དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་ཕན་ཐོགས་བྱ་ཐུབ་རྒྱུ་ཞིག་ཡོང་གི་རེད། ཚང་མས་ཧུར་ཐག་གནང་ཤོག ཉིན་ཤས་རིང་ཆོས་འབྲེལ་བྱེད་པའི་སྐབས། ས་གནས་གཞུང་གི་ལས་བྱེད་པ་ཚོས་ཧུར་ཐག་གནང་ནས་བཀའ་དྲིན་ཆེན་པོ་བྱུང་སོང་། ཐུགས་རྗེ་ཆེ་་ཞུ་ཡི་ཡིན། མི་མང་ཚོ་ལ་ཆ་བཞག་ན་དད་པ་གཡོ་བ་མེད་པ་ཞིག་ཡོད་པ་རེད། ངོས་རང་ཡང་སེམས་ཤུགས་ཡར་འཕར་ནས་འབྱུང་འགྱུར་ལོ་མང་པོ་ཞིག་གི་རིང་ལ་དབྱར་ཁ་འཆར་ཅན་ཚ་གཡོལ་ཆེད་ལ་དྭགས་སུ་ཡོང་ཐུབ་རྒྱུར་བསམ་བློ་གཏོང་གི་ཡིན། ང་ཚོ་ཚང་མ་ཡང་བསྐྱར་ཐུག་ཆོག་གི་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཚོག་གི་ལ་དྭགས་ཁུལ་གྱི་མཛད་འཆར་ནང་གསལ་ལྟར་ན།  གནངས་ཉིན་ཕྱི་ཚེས་ ༢༦ ཉིན་ལ་དྭགས་བོད་ཁྱིམ་དུ་བོད་མི་གཙོས་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ་དཔལ་ལྡན་དང་དོན་གྲུབ་བཀྲིས་གཉིས་ཀྱིས་ལ་དྭགས་རྒྱལ་ས་གླེ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

The abbot of Namgyal Monastery Thomthog Rinpoche offering long life pills to His Holiness the Dalai Lama during the Long Life Prayer Offering at His Holiness’s residence in Dharamsala, HP, India on February 14, 2024, Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༤/༠༢/༡༥
མཛོད་དགེའི་སེར་སྐྱ་མི་མང་ཐུན་མོང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༣།༧།༥ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

མཛོད་དགེའི་སེར་སྐྱ་མི་མང་ཐུན་མོང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༣/༠༧/༠༥
༸གོང་ས་མཆོག གསར་འགྱུར།

ཀཿཐོག་སེར་སྐྱ་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༣/༠༤/༡༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་རྒྱ་ཧོར་གསུམ་ནང་སངས་རྒྱས་བསྟན་པར་ཞབས་འདེགས་གང་འཚམ་སྒྲུབ་ཐུབ་པའི་གདེང་སྤོབས་ཡོད་ཅེས་གསུངས།

༢༠༢༣/༠༤/༠༥
༸གོང་ས་མཆོག གསར་འགྱུར།

བོད་གཞིས་བྱེས་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༣/༠༣/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese