མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་འཛམ་གླིང་ཐོག་གི་ལས་ཁུངས་ཀྱི་ཁང་རྩེག་ཆེ་ཤོས་དེ་རྒྱག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་གྷུ་ཇུ་ར་ཏི་མངའ་སྡེའི་སུ་ར་ཏི་ (Surat) གྲོང་ཁྱེར་དུ་རྡོ་རྗེ་ཕ་ལམ་གྱི་ལྟེ་གནས་ཤིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དེ་ནི་འཛམ་གླིང་ནང་གི་ལས་ཁུངས་ཀྱི་ཁང་པ་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་འདུག

India is building World’s largest Diamond Bourse, Surat Diamond Bourse

སི་ཨན་ཨན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་གྷུ་ཇུ་ར་ཏི་མངའ་སྡེའི་སུ་ར་ཏི་ (Surat) གྲོང་ཁྱེར་ནང་ཐོག་རྩེག་ ༡༥ ཡོད་པའི་རྡོ་རྗེ་ཕ་ལམ་གྱི་ཚོང་དོན་ལྟེ་གནས་ (Diamond Trading Centre) ཤིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་གཞུང་འབྲེལ་ཐོག་ཚོང་དོན་ལྟེ་གནས་དེ་དབུ་འབྱེད་གནང་འཆར་ཡོད་འདུག

ཚོང་དོན་ལྟེ་གནས་དེའི་སྤྱི་ཁྱབ་འགན་འཛིན་མ་ཧེ་ཤི་གྷ་དྷ་ཝི་ (Mahesh Gadhavi) ཞེས་པ་ཞིག་གིས་སི་ཨན་ཨན་གྱི་གསར་འགོད་པར། ཚོང་དོན་ལྟེ་གནས་དེ་ནི་འཛམ་གླིང་གི་ལས་ཁུངས་ཆེ་ཤོས་ཆགས་ཀྱི་ཡོད་པ་དང་། དེའི་ནང་རྡོ་རྗེ་ཕ་ལམ་གྱི་ཚོང་ལས་གཉེར་རྒྱུ་ཡིན་ལ། མི་གྲངས་འབུམ་ ༡།༥ ཙམ་ལ་ལས་ཀའི་གོ་སྐབས་འཐོབ་སྲིད་སྐོར་དང་། ཚོང་དོན་ལྟེ་གནས་འདི་བརྒྱུད་ནས་མི་མང་པོར་ཕན་ཐོགས་ཡོང་གི་ཡོད་པ་དང་། མི་མང་པོ་ཞིག་ཚོང་དོན་ཆེད་མོམ་བྷ་ཡེ་ (Mumbai) ཁུལ་དུ་འགྲོ་དགོས་ཀྱི་མེད་སྐོར་བརྗོད་འདུག

ཡང་ཁོང་གིས། ཚོང་དོན་ལྟེ་གནས་དེ་ནི་འཛམ་བུ་གླིང་གི་ལས་ཁུངས་ཆེ་ཤོས་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་ (Pentagon) ལ་འགྲན་སྡུར་བྱ་ཆེད་དུ་འཛུགས་སྐྲུན་བྱས་པ་ཞིག་མིན་པར། རྡོ་རྗེ་ཕ་ལམ་ཚོགས་པའི་བཀའ་བཀོད་འོག་ནས་བཟོ་འགོད་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག 

རྡོ་རྗེ་ཕ་ལམ་གྱི་ཚོང་དོན་ལྟེ་གནས་འཛུགས་སྐྲུན་གྱི་ལས་གཞི་དེ་རྒྱ་གར་གྱི་འཛུགས་སྐྲུན་ཚོང་གཉེར་ཁང་ (Architecture studio Morphogenesis) ཞེས་པ་ཞིག་གིས་སུ་ར་ཏི་གྲོང་ཁྱེར་གྱི་ས་ཆ་ཨེ་ཀར་ ༣༥ (acre) ལྷག་ཡོད་པ་ཞིག་ཏུ་ལས་མགོ་བཙུགས་ཏེ་ལོ་ངོ་ ༤ འགྲོ་བཞིན་ཡོད་འདུག་ལ། ཧིན་སྒོར་ ༣༠༠༠ (crore) ལྷག་གི་འགྲོ་གྲོན་བཏང་འདུག ལྟེ་གནས་དེའི་ཁང་པའི་མཐིལ་གྱི་རྒྱ་ཁྱོན་ཧྥི་ཊི་གྲུ་བཞི་མ་ས་ཡ་ ༧།༡ (7.1 million square feet) ཡོད་པ་དང་། ལས་ཁུངས་ཀྱི་ཁང་པ་ ༤༧༠༠ ལྷག་དང་འགྱོག་འབེབ་ ༡༣༡། ལྟ་སྲུང་བརྙན་མིག་ ༤༠༠༠། རླངས་འཁོར་འཇོག་ས་དང་སྤྲོ་སྐྱིད་གཏོང་ས་རྒྱ་ཁྱོན་ཧྥི་ཊི་གྲུ་བཞི་མ་འབུམ་ ༢༠ ལྷག་ཡོད་འདུག

སུ་ར་ཏི་གྲོང་ཁྱེར་ནི་འཛམ་གླིང་གི་རྡོ་རྗེ་ཕ་ལམ་བརྒྱ་ཆ་ ༩༠ གཅོད་གཏུབ་བྱ་ཡུལ་ཆགས་ཡོད་འདུག་ལ། དུས་རབས་ ༢༠ ནང་ཡུལ་དེར་རྡོ་རྗེ་ཕ་ལམ་གྱི་ཚོང་ལས་མགོ་འཛུགས་བྱས་ཏེ། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་རྡོ་རྗེ་ཕ་ལམ་ཕྱིར་འདྲེན་དང་ནང་འདྲེན་བྱེད་བཞིན་ཡོད་པ་ལྟར། མ་འོངས་པར་རྡོ་རྗེ་ཕ་ལམ་གྱི་ལྟེ་གནས་གསར་པ་དེར་རྡོ་རྗེ་ཕ་ལམ་གྱི་ཚོང་པ་ ༦༥,༠༠༠ ལྷག་གིས་ཚོང་ལས་གཉེར་རྒྱུ་ཡིན་པ་མ་ཟད། ལས་མི་སྟོང་ཕྲག་མང་པོར་ལས་ཀའི་གོ་སྐབས་ཐོབ་པ་སོགས་གཞུང་སྒེར་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་ཐད་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

འདས་པའི་ལོ་ངོ་ ༨༠ ནང་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་ (Pentagon) ནི་འཛམ་གླིང་ནང་གི་ལས་ཁུངས་ཀྱི་ཁང་པ་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ད་ལྟ་རྒྱ་གར་གྱི་རྡོ་རྗེ་ཕ་ལམ་གྱི་ཚོང་དོན་ལྟེ་གནས་དེ་འཛམ་གླིང་གི་ལས་ཁུངས་ཀྱི་ཁང་རྩེག་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist