མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷ་ས་ཁ་ཆེ་བ་རྣམས་ལ་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ཁོང་སྐུ་ན་ཆུང་དུས་ཁ་ཆེའི་ཕྲུ་གུ་ཆུང་ཆུང་མཉམ་དུ་སྐུ་རྩེད་མང་པོ་གནང་གི་ཡོད་ལ་ལྷ་ས་ཁ་ཆེ་བ་རྣམས་ཀྱིས་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་སེམས་སུ་བཅངས་ཡོད་པར་བཀའ་དྲིན་ཆེ་ཞེས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གླེ་རུ་ལྷ་ས་ཁ་ཆེ་བའི་ཚོགས་པར་མཇལ་ཁ་བཀའ་སློབ་བསྩལ། ༢༠༢༣།༠༨།༡ ཕོ་བྲང་གི་སྐུ་པར།

ཁ་སང་ཕྱི་ཟླ་ ༨ ཚེས་ ༡ ཉིན་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་དུ།༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷ་ས་ཁ་ཆེ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས།  ང་ཚོའི་ལྷ་ས་ཁ་ཆེ་བ་ཚོ་གཞུང་འབྲེལ་རང་བྱས་ནས་བོད་གཞུང་གི་མཛད་སྒོ་ཚང་མར་ཡོང་གི་རེད། ལྷ་ས་ཁ་ཆེ་བ་ཚོ་རྒྱ་གར་དུ་ཚོང་རྒྱག་ཏུ་འགྲོ་བཞིན་ཡོད་དུས། བོད་ཀྱི་བླ་མ་དགེ་བཤེས་དག་གིས་རྒྱ་གར་གྱི་གནས་ཚུལ་ཤེས་པའི་དོན་དུ་ཁ་ཆེའི་ཚོང་ཁང་ཕྱིན་ཏེ། རྒྱ་གར་དུ་གནས་ཚུལ་ག་རེ་ཡོད་མིན་དང་། མ་ཧཱ་དི་མ་གན་དྷིའི་གནས་ཚུལ་ག་རེ་ཡོད་མིན་སོགས་འདྲི་ཡི་ཡོད་པ་རེད། ཁ་ཆེ་ཚོང་པ་ཚོ་རྒྱ་གར་དུ་ཚོང་རྒྱག་ཏུ་འགྲོ་བཞིན་ཡོད་པས་རྒྱ་གར་གྱི་གནས་ཚུལ་ཤེས་མཁན་ཁ་ཆེ་གྲོགས་པོ་ཚོ་རེད། གང་ལྟར་ང་ཚོ་ཧ་ཅང་འཆམ་པོ་ཡོད་པ་རེད། དེ་རིང་ཁྱེད་ཚོ་ལྷ་ས་ཁ་ཆེ་ཚོགས་པ་ཞིག་དང་ཐུག་པ་རེད། ཁྱེད་ཚོ་ཚང་མར་འཚམས་འདྲི་ཡོད། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁ་ཆེ་གྲོགས་པོ་ཚོ་ལོ་མང་པོའི་རིང་བོད་གཞུང་གི་མི་ཡིན་པའི་ཟོལ་བྱས་ནས་སེམས་ཐག་ཉེ་བོ་ཞེ་དྲགས་རེད།

ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་པ་ཡིན་ན། ངོས་རང་ཟི་ལིང་ནས་ཡོང་བ་རེད། ཟི་ལིང་གི་དཔོན་པོ་ནི་ཁ་ཆེ་མཱ་པུའུ་ཧྥང་རེད། གལ་ཆེ་བ་ཞིག་ལ་ངོས་ཀྱིས་འཛམ་གླིང་སྟེང་གི་ཆོས་ལུགས་ཚང་མ་མཐུན་པོ་བྱས་ནས་དངོས་གནས་དྲང་གནས་འཛམ་གླིང་ཞི་བདེ་བསྒྲུབ་ཀྱི་ཡོད། སྐབས་རེར་ཆོས་རྒྱུ་མཚན་དུ་བྱས་ནས་རྩོད་རྙོག་བྱུང་གི་ཡོད། དཔེར་ན་ཁ་ཆེའི་ནང་དུ་ཞི་ཡ་(Shia)དང་སུན་ནི་(sunni)ཟེར་བའི་རྙོག་དྲ་དེ་འདྲའི་ཡོང་བསྡད་ཀྱི་ཡོད་པ་རེད། ང་ཚོ་ཆོས་པ་ཚོས་འཛམ་བུ་གླིང་དུ་ཞི་བདེ་ཡོང་སླད་དུ་ཚང་མས་གཅིག་སྒྲིལ་བྱེད་དགོས་པ་རེད། ང་རང་གི་ངོས་ནས་བཤད་ན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མས་མི་ལ་ཕན་གྱི་ཡོད་པ་རེད། ལྷག་པར་དུ་ཁྱེད་ཚོ་ལྷ་ས་ཁ་ཆེ་ཆགས་ཡོད་པ་རེད། དེ་རིང་ཁྱེད་ཚོ་འདིར་ལྷ་ས་ཁ་ཆེ་འཛོམས་ནས་ཐུག་པ་རེད། ངོས་རང་ཧ་ཅང་དགའ་བོ་བྱུང་། ཁྱེད་ཚོ་ཚང་མར་དམིགས་བསལ་གྱི་འཚམས་འདྲི་ཡོད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་ནས། གང་ལྟར་ང་ཚོ་བོད་པ་གཅིག་པ་རེད། ང་ཚོས་བོད་རང་བཙན་བཤད་ཀྱི་མེད། རང་སྐྱོང་ཡག་པོ་ཞིག་དགོས་ཀྱི་འདུག་བཤད་ཀྱི་ཡོད། བོད་རང་སྐྱོང་དེ་ཡང་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཞིག་དགོས་ཀྱི་འདུག་བཤད་ཀྱི་ཡོད། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ནས་ང་ཚོར་མིང་དོན་མཚུངས་བའི་རང་སྐྱོང་ཞིག་དགོས་ཀྱི་ཡོད་བཤད་ཀྱི་ཡོད། རང་སྐྱོང་དེ་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་དེ་དག་ཚང་མ་གཅིག་གྱུར་གྱི་རང་སྐྱོང་ཡག་པོ་ཞིག་འབྱུང་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། བོད་ནང་དུ་ཆོས་ལུགས་འདྲ་མིན་ཡོད་པ་དང་། ཆོས་དད་མེད་མཁན་ཚོའང་བོད་མི་རིགས་ཀྱི་རིག་གཞུང་ལ་སེམས་ཤུགས་ཆེན་པོ་རེད། ངོས་རང་གིས་བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་གཞི་ལ་བཞག་ཏེ། བོད་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པ་དང་། རང་སྐྱོང་དེའང་ཆོལ་ཁ་གསུམ་གཅིག་གྱུར་གྱི་རང་སྐྱོང་ཡག་པོ་དགོས་པ་བཤད་ཀྱི་ཡོད། རང་སྐྱོང་ཟེར་དུས་བོད་རང་གི་རིས་མེད་ཀྱི་ཆོས་དད་སོགས་ཡོད་བསྡད་པ་ཉར་ཚགས་བྱེད་པ་དང་། བོད་ནང་དུ་ཤུགས་ཆེ་བ་དེ་ནང་པ་རེད། ང་ཚོའི་ནང་པ་དེ་ནལེནྡྲའི་ཆོས་བརྒྱུད་ཆགས་བསྡད་ཡོད། ནལེནྡྲའི་ཆོས་བརྒྱུད་དེ་རིག་པའི་སྟེང་དུ་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད། ཅེས་གསུངས་སོང་།

༧ཡང་མགོན་པོ་གང་ཉིད་མཆོག་ནས། དེང་སང་གི་ཚན་རིག་པ་མང་པོས་ཀྱང་དགའ་བོ་བྱེད་ཀྱི་འདུག ཆོས་དད་མེད་ནའང་སེམས་ཁམས་རིག་པའི་ཐོག་ནས་དོ་སྣང་བྱེད་ཀྱི་འདུག ངོས་རང་ལ་ཐུག་པར་ཡོང་མཁན་མང་པོ་འདུག ནང་པ་བྱེད་རྒྱུ་ཟེར་གྱི་ཡོད་པ་མ་རེད། སེམས་ཀྱི་འགྲོ་སྟངས་ཀྱི་ཐོག་ལ་དོ་སྣང་བྱས་ནས་ང་ལ་སྐད་ཆ་འདྲི་ཡི་ཡོད་པ་རེད། དེ་ཡིན་དུས་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་རིག་གཞུང་གཏིང་ཟབ་ཅིག་ཡོད་བསྡད་པ་རེད། ཕལ་ཆེར་རྒྱ་ནག་གཙོ་བོར་གྱུར་བའི་འཛམ་བུ་གླིང་དང་། ནུབ་ཕྱོགས་རྒྱལ་ཁབ་ནང་དུ་དོ་སྣང་བྱེད་མཁན་མང་པོ་འདུག དེའི་རིགས་ཀྱིས་ནང་པ་བྱེད་ཀྱི་ཡིན་ཟེར་གྱི་ཡོད་པ་མ་རེད། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་ཆོས་ལུགས་དང་། ཁྱེད་ཚོའང་གཅིག་གྱུར་ཆགས་བསྡད་ཡོད་པ་རེད། ཁྱེད་ཚོས་ཧུར་ཐག་བྱེད་རོགས། ངོས་རང་ཆུང་ཆུང་ཡིན་པའི་སྐབས་སུ་རྩེད་མོ་རྩེད་རོགས་ཁ་ཆེ་ཕྲུ་གུ་ཆུང་ཆུང་དེ་འདྲ་ཡོད། དེ་དུས་རྩེད་མོ་ཞེ་དྲགས་རྩེས་ཀྱི་རེད། བྱས་ཙང་ཁྱེད་ཚོ་དམིགས་བསལ་འཚམས་འདྲི་ཞུ་ཡི་ཡོད། དེ་རིང་འདིར་ཐུག་ནས་ཡག་པོ་ཞེ་དྲགས་བྱུང་། ཁྱེད་ཚོས་ཀྱང་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་སེམས་སུ་བཅངས་ནས་བསྡད་ཀྱི་ཡོད་པ་རེད། བཀའ་དྲིན་ཆེ། ཞེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལི་བྷི་ཡའི་མི་མང་ལ་ཐུགས་གསོ་མཛད། 

༢༠༢༣/༠༩/༡༣
His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གསུང་ཆོས་ཞུ་མཁན་གྱི་དད་ལྡན་མང་ཚོགས། ༢༠༢༣།༠༩།༠༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་ཀྱི་ཆོས་དེ་དད་པ་གཅིག་པོ་མིན་པར་རང་རྒྱུད་ཀྱི་སྐྱོན་རྣམས་ངོ་ཤེས་པ་བྱས་ཏེ་ཉུང་དུ་གཏོང་དགོས་པ་དེ་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༠༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་གཤམ་མཁར་རྩེ་རུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ། ༢༠༢༣།༨།༡༨ བོད་ཀྱི་དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

མཁར་རྩེ་རུ་དད་ལྡན་སེར་སྐྱ་མི་མང་ལ་བཀའ་སློབ་བཀའ་དྲིན་བསྐྱངས།

༢༠༢༣/༠༨/༡༨
ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ། ༸གོང་ས་མཆོག་ནས་ལ་དྭགས་དབུ་སྐྱོང་དང་ཨ་རུ་ན་ཅལ་སཱི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་བསྩལ། ༢༠༢༣།༠༨།༡༠ དགའ་ལྡན་ཕོ་བྲང་གི་པར།
༸གོང་ས་མཆོག གསར་འགྱུར།

རྡུལ་ཕྲན་མཚོན་ཆ་དངོས་གནས་བེད་སྤྱོད་ཤུགས་ཆེན་པོ་བྱས་ན་རང་གཞན་གཉིས་མེད་ཡིན་པའི་བཀའ་སློབ་བསྩལ།

༢༠༢༣/༠༨/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist