མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དཔོན་རིགས་གསུམ་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས་མཚོ་སྔོན་དུ་ཡུན་རིང་དམར་ཤོག་ཚོགས་པའི་བྱ་བ་སྒྲུབ་མྱོང་བའི་རྒྱའི་དཔོན་རིགས་གསུམ་བཀག་ཉར་འོག་བཞག་སྟེ་འདྲི་རྩད་གཅོད་ཀྱི་ཡོད་འདུག

དེ་རིང་རྒྱ་ནག་གིས་བཅད་བགོ་བྱས་པའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  ད་ལྟའི་མཚོ་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་འདོམ་པ་ཝང་ཕིང་དང་། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འགན་འཛིན་གཞོན་པ་མཱ་ཡོན་ཀོ དེ་བཞིན་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པའི་འཐུས་མི་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲུང་ཡིག་ཁྲན་ཧེ་མེན་བཅས་ལ་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་དང་འགལ་བའི་བྱ་བ་ཚབས་ཆེན་སྒྲུབ་པའི་དོགས་གཞིའི་འོག་འདྲི་གཅོད་གཏོང་གི་ཡོད་སྐོར་བསྒྲགས་འདུག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲ་བའི་གནས་ཚུལ་ལྟར་ན། མཚོ་སྔོན་གྱི་དམར་ཤོག་དཔོན་རིགས་ཝང་ཕིང་དང་མཱ་ཡོན་ཀོ ཁྲན་ཧེ་མེན་བཅས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ཞིབ་བཤེར་འདྲི་གཅོད་དང་ལེན་བྱས་ཡོད་པ་དང་ད་ལྟ་འདྲི་ཞིབ་བྱེད་བཞིན་ཡོད་འདུག དཔོན་རིགས་གསུམ་གྱིས་སྒྲིག་འགལ་ཚབས་ཆེན་བྱས་ཡོད་ཟེར་བ་ཙམ་ལས། དོན་དངོས་ཐོག་ཁོ་ཚོའི་ནག་ཉེས་ཅི་ཡིན་མིན་སོགས་རྒྱལ་ལྗོངས་ཀྱི་གནས་ཚུལ་གསལ་ཁ་མི་འདུག

མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་བཀོད་འདོམ་པ་ཝང་ཕིང་ནི་ཕྱི་ལོ་༡༩༦༡ ཟླ་ ༤ ནང་ཅང་སུའུ་ནན་ཅིང་དུ་སྐྱེས་པ་ཡིན་ཞིང་སློབ་ཆེན་འགྲིམས་རྗེས།  ཕྱི་ལོ་ ༡༩༨༤ ལོའི་ཟླ་ ༡༠ པར་གུང་ཁྲན་ཏང་ནང་ཞུགས། དེ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་དམར་ཤོག་ཚོགས་པའི་ལས་དོན་འདྲ་མིན་ཐོག་ལས་ཀ་བྱས་མྱོང་བ་དང་། ཕྱི་ལོ་༢༠༢༡ ལོའི་ཟླ་ ༧ པ་ནས་ད་བར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་འདོམ་པ་བྱས་ཡོད་འདུག

མཱ་ཡོན་ཀོ་ཕྱི་ལོ་་༡༩༦༤ ལོར་ཞོན་ཧཱ་རུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༠ ལོར་དམར་ཤོག་ཏང་གི་ནང་ཞུགས། ཕྱི་ལོ་ ༡༩༩༨ ནས་ ༢༠༠༥ བར་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་གཞོན་པ་དང་ལྐོག་ཟ་རུལ་སུངས་འདྲི་ཞིབ་ཁང་གི་འདྲི་རྩད་པ་བྱས་པ་དང་། ཕྱི་ལོ་ ༢༠༢༠ ནས་ད་བར་མཚོ་སྔོན་གྱི་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འགན་འཛིན་གཞོན་པ་སོགས་བྱས་མྱོང་འདུག

ཁྲན་ཧེ་མེན་ཕྱི་ལོ་ ༡༩༧༧ ལོར་ཟི་ལིང་དུ་སྐྱེས། ཕྱི་ལོ་ ༡༩༩༩ ལོར་དམར་ཤོག་ཚོགས་པའི་ནང་ཞུགས། ཕྱི་ལོ་ ༢༠༠༦ ལོར་ཟི་ལིང་གྲོང་ཁྱེར་གྱི་མགོ་ཁྲིད་གཞོན་པ་བྱས་པ་དང་། ཕྱི་ལོ་ ༢༠༡༦ ནས་ ༢༠༢༢ བར་མཚོ་སྔོན་ཞིང་མི་དམངས་དངུལ་ཁང་གི་འགན་འཛིན་བྱས། ཕྱི་ལོ་ ༢༠༢༢ ཟླ་ ༥ པ་ནས་ད་བར་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འཐུས་མིར་གྱུར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist