མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་སུ་རུབ་རྡུང་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྡོ་རྗེ་བཀྲིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཕྱག་འཚལ་ནས་ཞི་བའི་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོ་མོར་རུབ་རྡུང་བཏང་སྟེ་ཕྱིར་རང་ཁྱིམ་དུ་ཀློད་ཡོད་འདུག

མགོན་པོ་སྐྱིད་ལགས་སུ་རྒྱ་གཞུང་ཉེན་རྟོག་པས་རུབ་རྡུང་བཏང་།

ཁ་སང་ཕྱི་ཚེས་ ༡ ཉིན་བོད་ཀྱི་གྲགས་ཅན་ཚོང་པ་དང་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས། སླར་ཡང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་གྲྭ་བཞི་བཙོན་ཁང་མདུན་དུ། རྡོ་རྗེ་བཀྲ་ཤིས་ལགས་སུ་བཙོན་ཁང་དུ་ཐུག་འཕྲད་བྱེད་སླད། ཕྱག་འཚལ་ནས་ཞི་བའི་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་གཅར་རྡུང་བྱས་ཏེ་བཙན་གྱིས་ཕྱིར་ལོག་བཏང་ཡོད་འདུག

འདི་གའི་གསར་འགོད་པར་འབྱོར་བའི་གནས་ཚུལ་ལྟར་ན། མགོན་པོ་སྐྱིད་ལགས་ཀྱིས་ཕྱག་འཚལ་ནས་ཞི་བའི་ལས་འགུལ་སྤེལ་སྐབས། ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་པས། ཕྱག་འཚལ་བ་ནི་ཁྲིམས་འགལ་ཡིན་ལུགས་བརྗོད་དེ་ཁོ་མོའི་སྟེང་དུ་རུབ་ནས་གཅར་རྡུང་བཏང་ཡོད་པ་མ་ཟད། ཡར་མར་བཙན་འཁྲིད་བྱས་ཏེ་ཕྱིར་རང་ཁྱིམ་དུ་ལོག་བཏང་ཡོད་འདུག

ཁ་སང་གི་ཞུ་གཏུགས་སྐབས་གྲྭ་བཞི་བཙོན་ཁང་མདུན་དུ་མགོན་པོ་སྐྱིད་ལགས་ཀྱིས། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བ་ལྟར། མི་སྒེར་ལ་བཙོན་པ་ཐུག་པའི་ཐོབ་ཐང་ཡོད་པའི་གནས་ལུགས་དྲངས་ཏེ། མོར་རང་ཉིད་ཀྱི་གཅེན་པོ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱེད་ཆོག་པའི་རེ་བ་ཞུས་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁོ་མོའི་རེ་བ་དང་ལེན་བྱས་མེད་པའི་ཁར། རུབ་རྡུང་བརྒྱབ་ནས་ཕྱིར་ལོག་བཏང་ཡོད་འདུག

རྡོ་རྗེ་བཀྲ་ཤིས་ལགས་ནི་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་ཟླ་བ་འགའི་རྗེས་སུ་རྒྱ་ནག་གཞུང་གིས་ངོ་རྒོལ་བར་མཐུན་འགྱུར་བསྐྲུན་པ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱབས་རྟེན་ཕུལ་ཡོད་ལུགས་སོགས་བརྗོད་དེ་འཛིན་བཟུང་བྱས་ནས་ཟླ་ ༨ ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ཉིན་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པར་གསང་བའི་ཐོག་ནས་རྒྱ་སྒོར་ཁྲི་ ༡༥༠ ཙམ་གྱི་དངུལ་བུན་གཡོ་ལེན་བྱས་ཚུལ་བརྗོད་དེ། རྡོ་རྗེ་བཀྲ་ཤིས་ལགས་ལ་ཚེ་བཙོན་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་ཆེ་ཤོས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་ཟེར་བའི་ཉེས་མིང་ཕོག་པའི་བཙོན་པ་བཅུག་སའི་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ལོ་སྟེ་ཁོང་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་དེར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པར་བརྟེན། འདས་ལོའི་ཕྱི་ཟླ་ ༡༠ ཙམ་ནས་བཟུང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་སོགས་ཀྱིས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་རྒོལ་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང་། ཉེན་རྟོག་པས་ཁོང་ཚོར་ཐེངས་མང་འདྲི་རྩད་བྱས་ཏེ་སྡིགས་ར་བསྐུལ་ཡོད་འདུག

English version: Chinese Police Officers Physically Abuse Gonpo Kyi

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཡང་བསྐྱར་ཞི་རྒོལ་བྱས་པར་བརྟེན་བཙན་འཁྲིད་བྱས་འདུག ༢༠༢༣།༠༥།༡༦
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ཡང་བསྐྱར་བཙན་འཁྲིད་བྱས་འདུག

༢༠༢༣/༠༥/༡༦
བོད་ཀྱི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཞི་བའི་འབོད་སྐུལ་བྱེད་སྐབས། ༢༠༢༣།༠༥།༡༠
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལཊ་ཀློད་ཡོད་ཀྱང་མ་འོངས་པར་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

༢༠༢༣/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese