མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལཊ་ཀློད་ཡོད་ཀྱང་མ་འོངས་པར་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་ཉེན་རྟོག་པས་རྡོ་རྗེ་བཀྲིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་བཙན་འཁྲིད་བྱས་རྗེས་རང་ཁྱིམ་དུ་ཀློད་ཡོད་ཀྱང་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་ན་ཁོང་མོ་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་གཉིས་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

བོད་ཀྱི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཞི་བའི་འབོད་སྐུལ་བྱེད་སྐབས། ༢༠༢༣།༠༥།༡༠

བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་ཟེར་བ་དེས་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་དུ་ཁྲིམས་ཞིབ་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཁོང་མོས་ཡང་བསྐྱར་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གི་མདུན་ཐང་ནས་ཞི་བའི་འབོད་སྐུལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པ་འགས་ཁོང་མོ་བཙན་ཁྲིད་བྱས་རྗེས་གོ་ཐོས་མེད་པར་གྱུར་ཡོད་ཀྱང་། འབྲེལ་ཡོད་ནས་ད་ལྟ་མགོན་པོ་སྐྱིད་ལགས་རང་ཁྱིམ་དུ་ཀློད་ཟིན་ཡོད་ཀྱང་། མ་འོངས་པར་མུ་མཐུད་ལས་འགུལ་སྤེལ་བ་ཡིན་ན་ཁོང་མོ་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་གཉིས་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་སྐོར་བརྗོད་བྱུང་།

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། འདས་པའི་ཟླ་ཤས་རིང་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་མོ་དང་རྡོ་རྗེ་ཚེ་བརྟན་གཉིས་འཛིན་བཟུང་བྱ་རྒྱུ་ཡིན་ཟེར་ནས་ཉེན་བརྡ་ལན་མང་བཏང་ཡོད་ཀྱང་། ད་ལྟ་བར་འཛིན་བཟུང་བྱས་མེད་སྐོར་དང་། མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་ནས་ལས་འགུལ་སྤེལ་འཆར་ཡོད་པ་སོགས་གནས་སྟངས་ཛ་དྲག་ཏུ་གྱུར་འདུག་པས། རྒྱ་ནག་གཞུང་གིས་ཁོང་གཉིས་འཛིན་བཟུང་བྱེད་ཉེན་ཧ་ཅང་ཆེན་པོ་ཡོད་སྐོར་སོགས་བརྗོད་བྱུང་། 

དེའི་ཐད་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པར། ཉེ་སྔོན་མགོན་པོ་སྐྱིད་ལགས་ཀྱིས་ལས་འགུལ་སྤེལ་སྐབས། རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་གིས་ཁྲིམས་སྒྲིག་རྩེད་ཆས་བྱེད་ཀྱིན་ཡོད་ཀྱང་། དཔོན་པོ་དང་མི་མང་ཀྱི་མགོར་ཡོད་པའི་ཁྲིམས་ནི་གཅིག་མཚུངས་ཡིན་སྐོར་གླེང་སློང་ཤུགས་ཆེན་གནང་ཡོད་ཅིང་། སྔ་གཞུག་གི་གནས་སྟངས་གང་ལ་བལྟས་ཀྱང་། རྒྱ་ནག་གཞུང་གིས་ཁྲིམས་ཐོག་ནས་མི་རིགས་དབྱེ་འབྱེད་དང་།  ཁྲིམས་འགལ་ཉེས་འཛུགས་བྱས་ཡོད་པ་ཁ་གསལ་ཁུངས་དག་ཡིན་པས། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས་ཟེར་བ་དང་འགལ་ཡོད་ཀྱང་། རྡོ་རྗེ་བཀྲིས་དང་མཚུངས་པའི་བོད་མི་མང་པོ་ཞིག་ལ་ཉེས་མེད་ཉེས་འགལ་གྱི་ཐོག་ནས་ཁྲིམས་ཐག་གཅོད་ཀྱིན་ཡོད་སྐོར་སོགས་བརྗོད་བྱུང་། 

རྡོ་རྗེ་བཀྲ་ཤིས་ལགས་ནི་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་ཟླ་བ་འགའི་རྗེས་སུ་རྒྱ་ནག་གཞུང་གིས་ངོ་རྒོལ་བར་མཐུན་འགྱུར་བསྐྲུན་པ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱབས་རྟེན་ཕུལ་ཡོད་ལུགས་སོགས་བརྗོད་དེ་འཛིན་བཟུང་བྱས་ནས་ཟླ་ ༨ ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ཉིན་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པར་གསང་བའི་ཐོག་ནས་རྒྱ་སྒོར་ཁྲི་ ༡༥༠ ཙམ་གྱི་དངུལ་བུན་གཡོ་ལེན་བྱས་ཚུལ་བརྗོད་དེ། རྡོ་རྗེ་བཀྲ་ཤིས་ལགས་ལ་ཚེ་བཙོན་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་ཆེ་ཤོས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་ཟེར་བའི་ཉེས་མིང་ཕོག་པའི་བཙོན་པ་བཅུག་སའི་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ལོ་སྟེ་ཁོང་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་དེར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པར་བརྟེན། འདས་ལོའི་ཕྱི་ཟླ་ ༡༠ ཙམ་ནས་བཟུང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་སོགས་ཀྱིས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་རྒོལ་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང་། ཉེན་རྟོག་པས་ཁོང་ཚོར་ཐེངས་མང་འདྲི་རྩད་བྱས་ཏེ་སྡིགས་ར་བསྐུལ་ཡོད་འདུག

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཡང་བསྐྱར་ཞི་རྒོལ་བྱས་པར་བརྟེན་བཙན་འཁྲིད་བྱས་འདུག ༢༠༢༣།༠༥།༡༦
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ཡང་བསྐྱར་བཙན་འཁྲིད་བྱས་འདུག

༢༠༢༣/༠༥/༡༦
བོད་རྒྱལ་ཐང་རྫོང་གི་སྤྱིའི་རྣམ་པ་དང་དོན་ཁོ། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་རྒྱལ་ཐང་རྫོང་ནས་མི་གཉིས་འཛིན་བཟུང་བྱས་འདུག  

༢༠༢༣/༠༣/༣༡
ནག་ཆུ་རྩྭ་རིང་གྲོང་རྡལ་གྱི་འབྲོག་མོ་འཛུམ་དཀར།
Mobile App

༧གོང་ས་མཆོག་གི་སྐུ་པར་བཤམས་པའི་ཉེས་མིང་འོག་བུད་མེད་ཅིག་འཛིན་བཟུང་བྱས།

༢༠༢༢/༠༦/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist