མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐབས་དགུ་པའི་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོ་གཏོང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་སྐབས་དགུ་པའི་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོ་མགོ་འཛུགས་གནང་ཡོད་འདུག

བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་སྐབས་དགུ་པའི་དགེ་བཤེས་མའི་རྒྱུགས་སྤྲོད་གཏོང་བཞིན་པ། འབྲེལ་ཡོད་ཀྱི་པར།

བོད་ཀྱི་བཙུན་མའི་ལས་འཆར་ཁང་དང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཐུན་མོང་གི་གོ་སྒྲིག་འོག འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ནས་བཟུང་ཟླ་གཅིག་དང་ཉིན་གྲངས་ ༢༢ རིང་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོ་སྐབས་དགུ་པ་འཚོག་བཞིན་ཡོད་ཅིང་། ཐེངས་འདིའི་རྒྱུགས་སྤྲོད་ནང་རྒྱ་བལ་གཉིས་ནང་ཡོད་པའི་བོད་ཀྱི་བཙུན་དགོན་ཁག་ ༧ ནས་ཁྱོན་བཙུན་མ་ ༡༣༢ ཀྱིས་མཉམ་ཞུགས་གནང་སྟེ། ཐོག་མའི་ཟླ་བ་གཅིག་རིང་རང་སྦྱོང་གནང་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༢༡ ནས་ཕྱི་ཟླ་ ༨ ཚེས་ ༡༡ བར་དངོས་གཞིའི་རྒྱུགས་སྤྲོད་གཏོང་བཞིན་པ་རེད། ད་ལོ་ནི་ཕྱི་ལོ་ ༢༠༡༢ ནས་ད་བར་རྒྱུགས་སྤྲོད་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་མང་ཤོས་ཆགས་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྒྲོལ་མ་གླིང་གི་སློབ་སྤྱི་དགེ་བཤེས་ངག་དབང་བསྟན་འཛིན་ལགས་སུ། སྤྱི་ཡོངས་ནས་དགེ་བཤེས་མའི་ཡིག་རྒྱུགས་ཁྲོད་མཉམ་ཞུགས་གནང་ཕྱོགས་དང་། ཡིག་རྒྱུགས་ཀྱི་གྲུབ་འབྲས་ཐོག་འགྱུར་བ་ག་རེ་འགྲོ་ཡི་ཡོད་མེད་དྲིས་པར་ཁོང་གིས། ལོ་རེ་རེའི་ནང་དགེ་བཤེས་མའི་ཡིག་རྒྱུགས་ཁྲོད་མཉམ་ཞུགས་བྱེད་མཁན་ཇེ་མང་དུ་འགྲོ་ཡི་ཡོད་པར་བརྟེན་ཡར་རྒྱས་ཀྱི་རྣམ་པ་ཞིག་མཐོང་བྱུང་། ཡིག་རྒྱུགས་ནང་མཉམ་ཞུགས་བྱེད་མཁན་བརྒྱ་ཆ་ ༡༠༠ ནས་ལོ་ལྟར་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༧༠ ཡང་ན་ ༨༠ ཡས་མས་ཡིན་པར་བརྟེན། ཡིག་རྒྱུགས་ཀྱི་གྲུབ་འབྲས་ཡག་པོ་ཡོད་སྐོར་བརྗོད་བྱུང་།

བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་དགེ་བཤེས་མའི་རྩོད་རྒྱུགས་གཏོང་བཞིན་པ། ༢༠༢༣།༨།༨ འབྲེལ་ཡོད་ཀྱི་པར།

ཕྱི་ལོ་ ༢༠༡༢ ནས་ད་ལོ་བར་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མའི་ནང་བཙུན་དགོན་ཆེ་ཁག་དྲུག་གིས་མཉམ་ཞུགས་གནང་སྟེ། དགེ་བཤེས་མ་ ༥༣ ཐོན་ཟིན་ནས་བཙུན་དགོན་ཁག་ཏུ་དཔེ་ཁྲིད་དགེ་རྒན་སོགས་གནང་བཞིན་ཡོད་འདུག རྩ་བའི་ཆ་ནས་རྒྱུགས་སྤྲོད་ཆེན་མོའི་ནང་ཞུགས་པར་བཙུན་དགོན་ཞིག་ཏུ་ལོ་ངོ་ ༡༧ རིང་ནང་ཆོས་ལ་སློབ་གཉེར་གནང་མྱོང་བ་ཞིག་དང། ལོ་ལྟར་བརྒྱ་ཆ་ ༧༥ ལོན་དགོས་ཀྱི་ཡོད་འདུག འཛུལ་ཞུགས་གནང་མཁན་ཚོའི་འགྲོ་གྲོན་ཆ་ཚང་བཙུན་མའི་ལས་འཆར་ཁང་གིས་གཏོང་བཞིན་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཕྱི་ལོ་ ༡༩༨༧ ལོར་བཙུན་མའི་ལས་འཆར་ཁང་ཐོག་མར་མགོ་འཛུགས་ཏེ། འདས་པའི་ལོ་ངོ་ ༣༥ རིང་བཙུན་མ་རྣམས་ཀྱི་ཤེས་ཡོན་གྱི་ཐོག་ལ་རོགས་འདེགས་གནང་གི་ཡོད་པ་དང་། ད་ལྟའི་ཆར་ལས་འཆར་ཁང་དེས་རྒྱ་བལ་གཉིས་ཀྱི་བཙུན་དགོན་ཁག་བདུན་གྱི་བཙུན་མ་ ༨༠༠ ལྷག་ལ་སློབ་ཡོན་དང་འཚོ་སྣོན་གྱི་རོགས་སྐྱོར་གནང་མུས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

No Content Available

མཆན། 1

  1. Asanga says:
    ཟླ་བ། 1 སྔོན།

    So wonderful!!!
    ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཕྱི་ལོ་ ༡༩༨༧ ལོར་བཙུན་མའི་ལས་འཆར་ཁང་ཐོག་མར་མགོ་འཛུགས་ཏེ། འདས་པའི་ལོ་ངོ་ ༣༥ རིང་བཙུན་མ་རྣམས་ཀྱི་ཤེས་ཡོན་གྱི་ཐོག་ལ་རོགས་འདེགས་གནང་གི་ཡོད་པ་དང་། ད་ལྟའི་ཆར་ལས་འཆར་ཁང་དེས་རྒྱ་བལ་གཉིས་ཀྱི་བཙུན་དགོན་ཁག་བདུན་གྱི་བཙུན་མ་ ༨༠༠ ལྷག་ལ་སློབ་ཡོན་དང་འཚོ་སྣོན་གྱི་རོགས་སྐྱོར་གནང་མུས་ཡིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist