མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡས་དྲག་པོའི་སྟོབས་ཤུགས་རྒྱ་སྐྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇོང་ཨན་ (Kim Jong Un) གྱིས་ཡུལ་དེའི་དམག་སྤྱི་ཆེན་མོ་ཞིག་ཕྱིར་འབུད་བཏང་སྟེ་དམག་རྒྱག་པར་གྲ་སྒྲིག་བྱ་དགོས་པའི་བཀའ་བཏང་ཡོད་འདུག

North Korean leader Kim Jong Un leads a meeting of the Central Military Commission in Pyongyang, North Korea, on Wednesday.

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇོང་ཨན་ (Kim Jong Un) གྱིས་བྱང་ཀོ་རི་ཡའི་དམག་སྤྱི་ཆེན་མོ་པག་སུ་ཨིལ་ (Pak Su-il) ཕྱིར་འབུད་བཏང་སྟེ། ཁོའི་ཚབ་ཏུ་ཡུལ་དེའི་རྒྱལ་སྲུང་བློན་ཆེན་རི་ཡོང་གྷིལ་ (Ri Yong-gil) ཞེས་པ་བསྐོ་གཞག་བྱས་ཡོད་འདུག ད་ལྟའི་ཆར་དམག་སྤྱི་ཆེན་མོ་དེ་ཕྱིར་འབུད་བཏང་བའི་རྒྱུ་མཚན་སོགས་ཁ་གསལ་མེད་ཀྱང་། དམག་སྤྱི་ཆེན་མོ་འཕོ་འགྱུར་བཏང་བ་དེ་དབང་ཆ་རྩོད་ལེན་དང་འབྲེལ་བ་ཡོད་སྲིད་སྐོར་བརྗོད་ཀྱི་འདུག

དབུས་དམག་སྤྱི་ལས་ཁུངས་ཀྱི་ཚོགས་འདུའི་སྟེང་། བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇོང་ཨན་གྱིས། བྱང་ཀོ་རི་ཡའི་དམག་མི་རྣམས་ཀྱིས་དམག་རྒྱག་པར་གྲ་སྒྲིག་བྱ་དགོས་པ་དང་། མེ་ཤུགས་འཕུར་མདའ་དང་མེ་སྒྱོགས་སོགས་གོ་མཚོན་མང་དུ་གཏང་དགོས་པ་མ་ཟད། དམག་དཔུང་རྒྱ་བསྐྱེད་དེ་གོ་མཚོན་གསར་པ་བེད་སྤྱོད་བྱས་ནས་དམག་སྦྱོང་སྔར་ལས་མང་དུ་གཏོང་དགོས་སྐོར་བཀའ་བསྒྲགས་ཡོད་འདུག བདུན་ཕྲག་སྔོན་མའི་ནང་བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་གྱིས་རྒྱལ་ཁབ་དེའི་གོ་མཚོན་གྱི་བཟོ་གྲྭ་དང་གོ་མཛོད་ཁག་ཏུ་ལྟ་སྐོར་དུ་ཕྱིན་ཏེ། གོ་མཚོན་ཐོན་སྐྱེད་ཇེ་མང་དུ་གཏོང་དགོས་པ་མ་ཟད། གོ་མཛོད་རྒྱ་སྐྱེད་གཏོང་དགོས་སྐོར་བརྗོད་འདུག

ཨ་རིའི་གཞུང་གིས་བྱང་ཀོ་རི་ཡས་ཨུ་རུ་སུར་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་སོགས་དྲག་པོའི་གོ་མཚོན་སྤྲད་དེ་དམག་རོགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀའི་ཕྱོགས་ནས་ངོས་ལེན་བྱས་མི་འདུག་ལ།  ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༤ བར་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་བར་ལ་དམག་སྦྱོང་བྱ་འཆར་ཡོད་པར་བརྟེན། རྒྱལ་ཁབ་སོ་སོའི་མཉམ་འབྲེལ་གྱི་དམག་སྦྱོང་དེ་ནི་རང་སྲུང་དང་ཕར་རྒོལ་བྱེད་པར་གྲ་སྒྲིག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བྱང་ཀོ་རི་ཡའི་ནང་དམག་དཔོན་ཚོའི་གོ་གནས་འཕོ་འགྱུར་མང་པོ་གཏོང་གི་ཡོད་ཀྱང་། འཕོ་འགྱུར་བཏང་བའི་རྒྱུ་རྐྱེན་ཐད་ལབ་གླེང་འདྲ་མིན་བྱུང་གི་ཡོད་པ་མ་ཟད། དམག་སྤྱི་འགའ་རེ་ཕྱིར་འབུད་བཏང་རྗེས་གར་སོང་ཆ་མེད་དུའང་འགྱུར་གྱི་ཡོད་འདུག ཨ་རིའི་ནང་གནས་སྡོད་དམག་དོན་དཔྱད་ཞིབ་པ་ཨེ་སི་ལེ་ (Easley) ཞེས་པ་ཞིག་གིས། བྱང་ཀོ་རི་ཡའི་མགོ་ཁྲིད་ཀྱིས་དམག་དཔོན་དེ་དག་རང་ཉིད་ལས་སྟོབས་ཤུགས་ཆེ་བ་མི་ཡོང་སླད། དམག་དཔོན་ཁ་ཤས་གོ་གནས་ནས་སྤར་བ་དང་། གནས་དབྱུང་བཏང་བ་སོགས་བྱས་ཏེ་དམག་དཔོན་དེ་དག་བརྗེ་ལེན་མང་པོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

ཡང་ལྷོ་ཀོ་རི་ཡའི་སེ་ཅོང་ལྟེ་གནས་(Sejong Institute)ཁང་གི་ཉམས་ཞིབ་པ་རྒན་པ་ཆོང་སོང་ཆང་(Cheong Seong-chang) ཞེས་པ་ཞིག་གིས། མགོ་ཁྲིད་ཀིམ་གྱིས་དམག་དཔོན་རྣམས་ཀྱི་ནུས་པ་དང་ལས་དོན་བྱ་ཕྱོགས་ལ་བལྟས་ནས་གོ་གནས་སྤར་བ་དང་ཕྱིར་འབུད་བཏང་བ་སོགས་བརྗེ་ལེན་བྱེད་པའི་རྒྱུ་མཚན་འདྲ་མིན་ཡོད་ཀྱང་། དེ་དག་ཉེས་ཆད་ཀྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱ་མི་འོས་པ་ཞིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese