མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྡུལ་ཕྲན་མཚོན་ཆ་དངོས་གནས་བེད་སྤྱོད་ཤུགས་ཆེན་པོ་བྱས་ན་རང་གཞན་གཉིས་མེད་ཡིན་པའི་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

སཱི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་དམིགས་བསལ་མཇལ་ཁ་བསྩལ་སྐབས་དམག་འཁྲུག་གི་དོན་དུ་རྡུལ་ཕྲན་མཚོན་ཆར་དོ་སྣང་ཞེ་དྲགས་བྱེད་ཀྱི་འདུག་པས་དེ་བེད་སྤྱོད་ཤུགས་ཆེན་པོ་བྱས་ན་རང་གཞན་གཉིས་མེད་ཡིན་སྐོར་བཀའ་སློབ་བསྩལ།

ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ། ༸གོང་ས་མཆོག་ནས་ལ་དྭགས་དབུ་སྐྱོང་དང་ཨ་རུ་ན་ཅལ་སཱི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་བསྩལ། ༢༠༢༣།༠༨།༡༠ དགའ་ལྡན་ཕོ་བྲང་གི་པར།

དེ་རིང་ཕྱི་ཚེས་ ༡༠ ཉིན་ལ་དྭགས་ལྕོག་ལམ་སར་ཞི་བའི་ཚལ་ཕོ་བྲང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལ་དྭགས་དབུ་སྐྱོང་དང་ཨ་རུ་ན་ཅལ་སཱི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་ང་ཚོ་གྲོགས་པོ་ཚོ་ཐུག་ནས་གོ་བསྡུར་བྱ་རྒྱུའི་གོ་སྐབས་བྱུང་བ་རེད། ངོས་རང་དགའ་པོ་ཞེ་དྲགས་བྱུང་། ང་ཚོ་རྒྱ་གར་དུ་བསླེབས་ཚར་བའི་རྗེས་ལ། རྒྱ་གར་དངོས་གནས་དྲང་གནས་དམངས་གཙོ་དང་ཆོས་ལུགས་རིས་མེད་ཡོད་བསྡད་པ་ཞིག་རེད། དེ་དང་ཆབས་ཅིག་ཆོས་དད་མེད་པ་དེ་འདྲའང་མང་པོ་ཞིག་ཡོང་གི་ཡོད་རེད། གང་ལྟར་དངོས་ཡོད་ཀྱི་གནས་ཚུལ་ལ་འཛམ་བུ་གླིང་གི་མི་དུང་ཕྱུར་བདུན་བརྒྱད་ཅིག་ཡོད་པ་ཚང་མ་ཆོས་པ་ཆགས་ཐུབ་ཀྱི་མ་རེད། ཡང་ཕྱོགས་གཅིག་ནས་ཆོས་པའི་ནང་ལའང་ལྟ་གྲུབ་འདྲ་མི་འདྲ་བྱས་ནས། ཆོས་ལུགས་མི་འདྲ་བའི་ཐོག་ནས་རྙོག་གྲ་ཡོང་གི་འདུག བྱས་ཙང་ང་ཚོ་བོད་དེ་སྤྱི་ཡོངས་ཀྱི་ཐོག་ནས་ནང་པའི་ལུང་པ་རེད། ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་ཐོག་ནས་འཁྲུག་པ་རྒྱག་བསྡད་ཡ་དེ་འདྲའང་ཡོང་བསྡད་ཀྱི་འདུག ཆོས་ཀྱི་དད་པ་དེ་ཕྱོགས་གཅིག་ནས་སེམས་རྒྱུད་འདུལ་བའི་ཆེད་དུ་ཡག་པོ་ཡོང་གི་ཡོད་རེད། ཡང་ཕྱོགས་གཅིག་ནས་ང་ཚོའི་ཆོས་དང་ཁོང་ཚོའི་ཆོས་ཟེར་ནས་བསྡད་པ་ཞིག་ཡོང་གི་འདུག བྱས་ཙང་ངོས་རང་གིས་བོད་ཀྱི་ས་སྐྱ་དང་། བཀའ་བརྒྱུད། རྙིང་མ། དགེ་ལུགས་སོགས་ཆོས་བརྒྱུད་ཚང་མའི་དབང་ལུང་མན་ངག་ཞུས་ནས། ངོས་རང་གིས་ཆོས་བརྒྱུད་ཚང་མར་ཉམས་ལེན་བྱེད་བསྡད་ཀྱི་ཡོད། ཅེས་གསུངས་སོང་།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས།  འཛམ་གླིང་འདིའི་སྒང་མི་གྲངས་དུང་ཕྱུར་བདུན་བརྒྱད་ཅིག་ཡོད་པ་ཆ་ཚང་ཆོས་པ་ཆགས་ཐུབ་ཀྱི་མ་རེད། བྱས་ཙང་ང་ཚོས་ཆོས་དང་མ་འདྲེས་པའི་ཡ་རབས་དང་བསམ་བློ་བཟང་པོ་གཏང་རྒྱུ་དེར་འབད་བརྩོན་བྱ་དགོས་པ་ཞིག་རེད་འདུག ངོས་རང་གི་འབད་བརྩོན་བྱ་རྒྱུ་དེ་དམིགས་བསལ་ཆོས་དང་མ་འདྲེས་པའི་ཐོག་ནས། རང་བཞིན་ལྷན་སྐྱེས་ཀྱིས་མི་ལ་བརྩེ་བ་ཟེར་བ་ཞིག་ཡོད་པ་དེ་ཡར་རྒྱས་གཏོང་རྒྱུ་ཞིག་རེད། དཔེར་ན། ཕྲུ་གུ་སྐྱེས་མ་ཐག་ནས་ཨ་མས་འོ་མ་སྤྲད་ནས་ཨ་མའི་བརྩེ་བ་ཞེ་དྲགས་འདུག དེ་ཆོས་ཀྱི་སྐད་ཆ་མིན་པར། ཕྲུ་གུའི་ངོས་ནས་ཨ་མར་བརྩེ་བ་ཞེ་དྲགས་ཡོད་རེད། ཆགས་པ་དང་འབྲེལ་བའི་བརྩེ་བ་ཞིག་ཡོད་རེད་དེ། ཆགས་པ་དང་མ་འདྲིས་པའི་བརྩེ་བ་ཞིག་ཡོང་གི་འདུག བྱས་ཙང་ཆོས་དད་དང་མ་འདྲིས་པའི་མི་གཅིག་གིས་གཅིག་ལ་རང་བཞིན་ལྷན་སྐྱེས་ཀྱི་བརྩེ་བ་བྱས་པ་དེ། འཛམ་བུ་གླིང་འདིའི་སྒང་ལ་ཡར་རྒྱས་གཏང་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད་འདུག འཛམ་བུ་གླིང་འདིའི་སྒང་ལ་དམག་འཁྲུག་ག་ཚོད་བརྒྱབ་སོང་། དམག་ཆེན་དང་པོ་དང་གཉིས་པར་མི་མང་པོ་ཞིག་བསད་པ་རེད། བསད་རྨས་བཏང་བ་རེད། ད་ལྟ་དམག་འཁྲུག་བརྒྱག་རྒྱུའི་ཐོག་ལ་དོ་སྣང་ཡོང་མཁན་ཚོས་དམག་ཆེན་གསུམ་པའང་གྲ་སྒྲིག་བྱེད་ཀྱི་ཡོད་རེད། དམག་འཁྲུག་གི་དོན་དུ་རྡུལ་ཕྲན་མཚོན་ཆར་དོ་སྣང་ཞེ་དྲགས་བྱེད་ཀྱི་འདུག དངོས་གནས་དྲང་གནས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་ཤུགས་ཆེན་པོ་བྱས་ན་རང་གཞན་གཉིས་མེད་རེད། ཅེས་གསུངས་སོང་།

ཡང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཆོས་མི་དགོས་པ་བྱས་ནས་མི་ལ་རང་བཞིན་ལྷན་སྐྱེས་ཀྱི་སྙིང་རྗེ་ཞིག་ཡོད་པ་དེ་ཡར་རྒྱས་བཏང་ནས། ཆོས་དད་ཡོད་ན་རེད། ཆོས་དད་མེད་ནའང་རེད། ང་ཚོར་བརྩེ་བ་དེ་ཞེ་དྲགས་གལ་ཆེན་པོ་རེད་འདུག བརྩེ་བ་ཡོད་ན་ཡ་རབས་ཡོང་ཡོང་པ་རེད། འཛམ་བུ་གླིང་འདིའི་སྒང་ལ་དམག་འཁྲུག་དེ་དག་བྱུང་བ་རེད། ནང་འཁྲུག་ཞེ་དྲགས་བརྒྱབ་བསྡད་ཀྱི་འདུག དེ་དག་བརྩེ་བས་འཕོངས་པ་ཞིག་རེད་འདུག ངོས་རང་ཆོས་པ་ཞིག་རེད། ཡིན་ཡང་ངོས་རང་གིས་ཆོས་སྤེལ་གྱི་མེད། ཆོས་ཕྱོགས་ནས་གསུངས་པའི་བརྩེ་བ་དེ་ང་རང་ཚོ་མི་ཚང་མར་ཡོད་བསྡད་པ་ཞིག་རེད། ཆོས་ཡོད་ན་རེད། མེད་ནའང་རེད། ཕར་ངོ་སྤྲོད་བྱེད་ཀྱི་ཡོད། གང་ལྟར་མི་དང་མིའི་བར་གྱི་བརྩེ་བ་དེ་ལྷན་སྐྱེས་ཀྱིས་ཡོད་བསྡད་པ་ཞིག་རེད། ངོས་རང་གིས་དེར་ཤུགས་བརྒྱབ་ནས་ཡར་རྒྱས་གཏོང་ཐུབ་ན་བསམ་ནས་འབད་བརྩོན་བྱེད་ཀྱི་ཡོད། ཆོས་དང་མ་འདྲེས་བའི་ (secular ethics) ཟེར་བ་དེ་ང་རང་ཚོ་སྐྱེས་པ་ཐག་ནས་ཆོས་ཡོད་མ་རེད། ཡིན་ཡང་། ཨ་མས་བུ་ལ་བརྩེ་བ་དང་བུས་ཨ་མར་བརྩེ་བ་དེ་ཡོད་ཡོད་པ་རེད། དེ་ང་ཚོས་ཡར་རྒྱས་གཏོང་དགོས་ཀྱི་འདུག དུད་འགྲོ་ཚོ་ལ་ཆོས་ཡོད་མ་རེད། ཡིན་ཡང་གཅིག་གིས་གཅིག་ལ་བརྩེ་བ་བྱེད་ཐུབ་ཀྱི་འདུག འཛམ་བུ་གླིང་འདིའི་སྒང་མི་དུང་ཕྱུར་བདུན་བརྒྱད་ཅིག་ཡོད་པ་དེ་དག་ཨ་མའི་ཁོག་པ་ནས་སྐྱེས་པ་གཅིག་པ་རེད། ཨ་མའི་འོ་མས་གསོས་པ་གཅིག་པ་ཡིན་པས། མི་དང་མིའི་བར་ལ་རང་བཞིན་ལྷན་སྐྱེས་ཀྱི་བརྩེ་བ་ཡོད་པ་དེ་ཡར་རྒྱས་གཏང་རྒྱུ་མ་གཏོགས། ཆོས་ཀྱི་སྐད་ཆ་ཞིག་མི་དགོས་པ་ངོས་རང་གིས་འབད་བརྩོན་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲིས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལི་བྷི་ཡའི་མི་མང་ལ་ཐུགས་གསོ་མཛད། 

༢༠༢༣/༠༩/༡༣
His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གསུང་ཆོས་ཞུ་མཁན་གྱི་དད་ལྡན་མང་ཚོགས། ༢༠༢༣།༠༩།༠༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་ཀྱི་ཆོས་དེ་དད་པ་གཅིག་པོ་མིན་པར་རང་རྒྱུད་ཀྱི་སྐྱོན་རྣམས་ངོ་ཤེས་པ་བྱས་ཏེ་ཉུང་དུ་གཏོང་དགོས་པ་དེ་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༠༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་གཤམ་མཁར་རྩེ་རུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ། ༢༠༢༣།༨།༡༨ བོད་ཀྱི་དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

མཁར་རྩེ་རུ་དད་ལྡན་སེར་སྐྱ་མི་མང་ལ་བཀའ་སློབ་བཀའ་དྲིན་བསྐྱངས།

༢༠༢༣/༠༨/༡༨
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷ་ས་ཁ་ཆེ་བ་རྣམས་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist