མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ཆུ་ཤོད་ཁ་ཆེའི་ལྷ་ཁང་དུ་ཕེབས། 

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp
ཆུ་ཤོད་ཁ་ཆེའི་ལྷ་ཁང་དུ་ཕེབས། དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་ལ་དྭགས་ཆུ་ཤོད་འོག་མར་ལ་དྭགས་ཁ་ཆེའི་མཐུན་ཚོགས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཉིན་གུང་གསོལ་ཚིགས་ཕུལ་ཡོད་ཅིང་། སྐབས་དེར་མགོན་པོ་གང་ཉིད་ཀྱིས་ཆོས་ལུགས་ཚང་མའི་བར་ཕན་ཚུན་མཐུན་སྒྲིལ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་ཀྱི་བཀའ་སློབ་བཟང་པོ་བསྩལ་སོང་།

སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་གིས་ནམ་རྒྱུན་ནས་མི་སུ་ལ་ཐུག་པ་ཡིན་ནའང་ང་ཚོ་གཅིག་པ་ཡིན་བསམ་པ་ཞིག་མ་གཏོགས། ང་ཏཱ་ལའི་བླ་མ་ཟེར་ནས་མི་འདྲ་བ་ཞིག་ཡིན་ཅི་དྲན་གྱི་མེད། མི་དུང་ཕྱུར་བདུན་བརྒྱད་ཅིག་ཡོད་པ་ཚང་མ་མ་ཡི་མངལ་ནས་མར་བཙས། ང་ཚོ་ཚང་མ་ཨ་མའི་འོ་མས་གསོས་བཞག་པ་གཅིག་པ་རེད། ང་ཚོའི་མི་ཚེ་དང་པོ་ཚུགས་དུས་ཨ་མའི་བརྩེ་བས་ང་ཚོ་བསྐྱངས་པ་གཅིག་པ་རེད་འདུག ངོས་རང་གིས་རྟག་པར་ང་ཚོའི་མི་ཚེ་མགོ་ཚུགས་པའི་ཁ་ཐུག་དེར་མའི་བྱམས་སྐྱོང་དང་བརྩེ་བའི་འོག་ནས་འཚོ་བ་ཞིག་དྲན་བསྡད་ཀྱི་ཡོད། བྱས་ཙང་མི་ཚེ་གང་བོར་མི་སུ་ལ་ཡིན་ནའང་མི་གཅིག་གིས་གཅིག་ལ་བརྩེ་བ་བྱས། གཅིག་གིས་གཅིག་ལ་རོགས་བྱས་ན། ཤི་བའི་ཁ་ཐུག་ལའང་དངོས་གནས་དྲང་གནས་བྱམས་བརྩེ་ལྡན་པའི་གྲོགས་པོ་ཚོས་སྐོར་ནས་བསྡད་པའི་ངང་ནས་ཤི་ཡ་ཞིག དེ་དཔེ་གལ་ཆེན་པོ་རེད་འདུག ང་ཚོ་བློ་ཕམ་ཡ་ཞིག་ལ་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་མི་འདྲ་བ་དང་ལུང་པ་མི་འདྲ་བའི་ཐོག་ནས། ང་དང་ཁྱོད་ཟེར་བ་དེ་ཤུགས་ཆེན་པོ་བྱས་ནས་འཛམ་བུ་གླིང་འདིའི་སྒང་ལ་དམག་ཆེན་དང་པོ། དམག་ཆེན་གཉིས་པ་དེ་འདྲ་བྱུང་བ་རེད། དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། མི་གཅིག་པ་ཡིན་པ་ཞིག་ལ་ཕན་ཚུན་གསོད་རེས་བཏང་ནས་ཆག་སྒོ་བློ་ཡུལ་ལས་འདས་པ་རེད་འདུག ད་འདས་པའི་ལོ་རྒྱུས་དེ་ཚར་བ་རེད། འདས་པའི་ལོ་རྒྱུས་དེའི་རྒྱུ་དང་རྐྱེན་གོ་བསྡུར་བྱ་རྒྱུ་རེ་མ་གཏོགས་འདས་པའི་བྱུང་བ་དེ་ཚར་བ་རེད། འབྱུང་འགྱུར་གྱི་འཛམ་བུ་གླིང་དེ་མིའི་ལྷན་སྐྱེས་རང་བཞིན་མཐུན་པའི་ཞི་བདེ་ཞིག་ལ་བསལ་བློ་གཏང་རྒྱུ་དཔེ་གལ་ཆེན་པོ་རེད། དེ་རིང་ཁ་སང་གནས་ཚུལ་གསར་པ་ཞིག་ནི་འཛམ་གླིང་ཚ་དྲོད་ཆེ་རུ་ཆེ་རུ་ཕྱིན་ནས། ང་རང་ཚོའི་དཔེ་ཆའི་ནང་སྐལ་བ་མེ་འཇིག་ཟེར་བ་དེ་སླེབས་ཀྱི་འདུག་ག ཚན་རིག་པ་ཚོས་ཚ་དྲོད་ཆེ་རུ་ཆེ་རུ་འགྲོ་བསྡད་པ་དེ་བཤད་ཀྱི་ཡོད་རེད། དངོས་ཡོད་གནས་ཚུལ་ལའང་ཚ་དྲོད་ཆེ་རུ་ཆེ་རུ་འགྲོ་ཡི་འདུག ང་ཚོའི་མངོན་པ་མཛོད་ལས་སྐལ་བ་མེ་འཇིག་ཆུ་འཇིག་ཟེར་བའི་མེ་འཇིག་སྒང་ལ་མགོ་ཞིག་ཚུགས་ཀྱི་ཡོད་པའི་ཟོོལ་ཞིག་འདུག བྱས་ཙང་། ང་ཚོས་འདས་པའི་ལོ་རྒྱུས་ནང་ལ་མི་དང་མི་འཁྲུག་པ་བརྒྱབ་ནས་གསོད་རེས་གཏོང་བའི་གནས་ཚུལ་དེ་ནམ་ཡང་མ་ཡོང་བ་ཞིག ང་རང་ཚོ་སྐྱེས་པའི་ཁ་ཐུག་ནས་ཨ་མའི་འོ་མས་བསྐྱངས་ནས་གཅིག་པ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་རང་ཚོའི་མི་ཚེ་མགོ་བཙུགས་ཡ་དེ་ཨ་མའི་བརྩེ་བའི་ཐོག་ནས་མགོ་ཚུགས་པ་ཞིག་རེད། གསོན་པའི་རིང་ལ་ང་དང་ཁྱོད་ཅེས་གསོད་རེས་གཏང་ཡ་དེ་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། མི་དང་མི་འཁྲུག་པ་བརྒྱབ་པ་དེ་ནམ་ཡང་མ་ཡོང་བ་ཞིག་བྱོས། ང་ཚོ་ཚང་མ་མི་གཅིག་གྱུར་འདུ་ཤེས་ཀྱི་ཐོག་ནས་ང་ཚོ་ཚང་མས་གཅིག་གིས་གཅིག་ལ་བརྩེ་བ་བྱོས། གཅིག་གིས་གཅིག་ལ་རོགས་པ་བྱོས། འཛམ་བུ་གླིང་སྤྱི་དེ་དངོས་གནས་དྲང་གནས་མི་དུང་ཕྱུར་བདུན་བརྒྱད་ཅིག་ཡོད་པ་དེ་དག་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས། ང་ཚོས་དགའ་དགའ་སྐྱིད་སྐྱིད་བྱས་ནས་བསྡད་ཐུབ་པ་ཞིག་བྱ་དགོས་རེད། འཛམ་གླིང་ཤར་ནུབ་ལྷོ་བྱང་ཚང་མ་འཁྲུག་པ་བརྒྱག་རྒྱུར་ཡིད་ཐང་ཆད་ནས། ང་ཚོ་ཚང་མར་ཞི་བདེ་ཡག་པོ་ཞིག་ཡོང་རྒྱུར་ཚང་མས་འབད་བརྩོན་དང་འདོོད་པ་བྱེད་བསྡད་ཡ་ཞིག་ཆགས་བསྡད་འདུག་གང་ཚོ་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བ་ཞིག་རྒྱུ་མཚན་དུ་བྱས་ནས། མི་གསོད་རེས་གཏོང་བསྡད་རྒྱུ་རྒྱུ་མཚན་གཏན་ནས་ཡོད་མ་རེད། ང་རང་ཚོ་ཁྱིམ་ཚང་གཅིག་གི་ནང་གི་དཀའ་ངལ་ཕྲན་བུ་ཕྲན་བུ་སྐབས་སུ་སྐད་ཆ་བཤད་ནས། དཀའ་ངལ་སེལ་གྱི་ཡོད་རེད། འཛམ་བུ་གླིང་ཁྱིམ་ཚང་གཅིག་ལ་བལྟས་ནས། ང་ཚོར་དཀའ་ངལ་ག་རེ་བྱུང་ནའང་གཅིག་གིས་གཅིག་ལ་ནང་ཚགས་བརྩིས་ནས། དཀའ་ངལ་གསལ་རྒྱུའི་སྐད་ཆ་བྱ་རྒྱུ་མ་གཏོགས་གོ་མཚོན་ཐོག་ནས་འཁྲུག་པ་བརྒྱག་རྒྱུའི་དུས་ཚོད་དེ་ཡོལ་བ་རེད། མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། ང་ཚོ་སྐྱེས་པའི་ཁ་ཐུག་ལ་མའི་བརྩེ་བས་བསྐྱངས་པ་རེད། ང་ཚོའི་མི་ཚེ་འདི་བརྩེ་བ་དང་ལྡན་པ་ཞིག་གི་ཐོག་ནས། གཅིག་གིས་གཅིག་ལ་འཁྲུག་པ་བརྒྱག་རྒྱུ་དང་གསོད་རེས་གཏང་རྒྱུ་ནམ་ཡང་མ་ཡོང་བ་ཞིག་གི་སྨོན་ལམ་རྒྱག་གི་ཡོད་ལ། འབད་བརྩོན་ཡང་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་ཀྱིས། སྐབས་སུ་བབ་པ་འདིར་ལ་དྭགས་ཁ་ཆེ་ལྷ་ཁང་འདིར་འཛོམས་ནས། ང་ཚོ་ཆོས་ལུགས་ཚང་མ་སྤྲུན་ཟླ་ནང་བཞིན་གྱི་འདུ་ཤེས་སྐྱེས་དགོས་པ་དེ་དཔེ་གལ་ཆེན་པོ་རེད། ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་པ་དེ་ཧ་ཅང་གི་ཐབས་སྐྱོ་བོ་རེད། ངོས་རང་ནང་པ་རེད། ངོས་རང་གིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བསྡད་ཀྱི་ཡོད། ཆོས་ལུགས་ཚང་མའི་དངོས་གནས་དྲང་གནས་ཀྱི་བསླབ་བྱ་ངོ་མ་ཉམས་ལེན་བྱས་ན། སེམས་བཟང་པོ་བྱ་རྒྱུ། གཅིག་གིས་གཅིག་ལ་བརྩེ་བ་བྱ་རྒྱུ་དེ་ཆོས་ལུགས་ཚང་མའི་བསླབ་བྱ་རེད་འདུག་ག ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཟེར་ནས། དཔེར་ན་ང་ཚོའི་བོད་ལ་ཆ་བཞག་ན་སྤྱི་ཡོངས་ཀྱི་ཐོག་ནས་ནང་པ་གཅིག་གྱུར་རེད་དེ། བཀའ་བརྒྱུད་ཟེར་ཡ། རྙིང་མ་ཟེར་ཡ། དགེ་ལུགས། ཇོ་ནང་ཟེར་ནས་ཆུང་ཚགས་ཤིག་ནས་འཐེན་འཁྱེར་བྱ་རྒྱུ་འདྲ་བོ། དེ་དག་ཚང་མ་རྦད་དེ་ནོར་བ་རེད། དེ་རིང་ངོས་རང་ཁ་ཆེ་ལྷ་ཁང་ལ་ཡོང་བ་རེད། དངོས་གནས་དྲང་གནས་ང་ཚོ་ཚང་མའི་ཆོས་དད་མི་འདྲ་བ་རེད་དེ། ང་ཚོ་ཚང་མ་གཅིག་གྱུར་གྱི་སེམས་པ་བཟང་པོ་བྱ་རྒྱུ། མིས་མི་ལ་བརྩེ་བ་བྱ་དགོས་རྒྱུ་དེ་ཆོས་ལུགས་ཚང་མས་གསུང་གི་ཡོད་རེད། དེ་རིང་ང་ཚོ་ཁ་ཆེ་གྲོགས་པོ་ཚོ་དང་མཉམ་དུ་འཚོགས་ནས་དཔེ་དགའ་པོ་བྱུང་། ལ་དྭགས་སུ་སྤྱིར་བཏང་ཆོས་ལུགས་མཐུན་སྒྲིལ་ཡག་པོ་ཡོད་པའི་ཟོལ་འདྲ་བོ་ཞིག་འདུག ད་དུང་ཚང་མའི་དོ་སྣང་བྱས་ནས་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས། འཐེན་འཁྱེར་བྱས་བསྡད་པ་ཧ་ལས་པའི་སེམས་སྐྱོ་བོ་རེད། ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲིས།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese