མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་ ༧༧ འཁོར་བའི་དུས་དྲན་སྲུང་གཙི་གནང་། 

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་རང་བཙན་ཐོབ་ནས་ལོ་ངོ་ ༧༧ འཁོར་བའི་ཉིན་མོར་འཚམས་འདྲི་ཞུས་སོང་།
རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༧ འཁོར་བའི་ཉིན་མོ་བཀའ་སྤྱི་གཉིས་ནས་སྲུང་གཙི་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༨།༡༥

དེ་རིང་༹༹སྔ་དྲོའི་ཆུ་ཚོད་ ༩ །༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་མདུན་ཐང་དུ། རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་རང་བཙན་ཐོབ་ནས་ལོ་ངོ་ ༧༧ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གི་དབུས་བཀའ་བློན་རྣམ་པ་དང་སྲི་ཞུ་བ་ཁག་ཅིག་བཅས་འཛོམས་ཏེ། རྒྱ་གར་གྱི་རྒྱལ་གླུ་གྱེར་ཏེ་རྒྱལ་དར་སྒྲེང་འཛུགས་གནང་སོང་།

དུས་དྲན་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ལུང་པ་གང་འདྲ་ཞིག་ཡིན་ཡང་ལོ་རྒྱུས་ཀྱི་ཐོག་ནས་གཅིག་གིས་གཅིག་གི་འོག་ཏུ་བསྡུ་པའི་ཐབས་ཤེས་མ་འཐེན་པ་དེ་འདྲ་ཡོད་པ་མ་རེད། རྒྱ་གར་ལ་མཚོན་པ་ཡིན་ནའང་དབྱིན་ཇིའི་འོག་ཏུ་ལྷག་ནས་ལོ་བརྒྱ་ཕྲག་ཁ་ཤས་ཕྱིན་པ་དང་། ཕྱི་ལོ་ ༡༩༤༧ ལོར་རང་བཙན་ཐོབ་ནས་ད་ལྟའི་བར་དུ་ལོ་ངོ་ ༧༧ འགྲོ་བཞིན་ཡོད་པ་རེད། ལོ་ངོ་ ༧༧ རིང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་དམངས་གཙོའི་འགྲོ་ལུགས་ཚད་ལྡན་ཐོག་ཏུ་འགྲོ་ཐུབ་པ་བྱུང་བ་རེད། སྐབས་དེ་དུས་ཨེ་ཤ་ཡའི་མི་འབོར་ཆེ་ཤོས་ཨང་གཉིས་པ་ཡིན་ཞིང་། ད་ལྟའི་ཆར་འཛམ་གླིང་གི་མི་འབོར་ཆེ་ཤོས་དེ་རེད། རྒྱ་གར་རང་བཙན་ཐོབ་པའི་རྗེས་སུའང་དམངས་གཙོའི་ལམ་ལུགས་མུ་མཐུད་དུ་རྒྱུན་སྐྱོང་ཐུབ་པ་དེས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱུང་ཡོད། རྒྱལ་ཁབ་ཡར་རྒྱས་ཀྱི་ཐད་ནས་ཐོག་མར་དཀའ་ངལ་མང་པོ་འཕྲད་པ་རེད། ཕྱི་སྲིད་ཀྱི་སྲིད་ཇུས་འཛིན་སྟངས་ཐོག་ནས་བོད་དུ་རྒྱ་ནག་གི་བཙན་འཛུལ་བྱས་རྗེས། རྒྱ་ནག་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཆགས་པས། རྒྱ་ནག་གི་ངོས་ནས་རྒྱ་གར་གྱི་སྟོབས་ཤུགས་བསྐྱེད་བཅུག་མེད་པ་མ་ཟད། ག་དུས་ཡིན་ཡང་འོག་ཏུ་མནན་བསྡད་པའི་གནས་སྟངས་ཤིག་ཏུ་འགྲོ་བསྡད་པ་རེད། འདས་པའི་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་མཆོག་ནས་ཀྱང་སྤོབས་པ་ཆེན་པོའི་ངང་འབྱུང་འགྱུར་གྱི་ལོ་ལྔའི་ནང་དུ། དཔལ་འབྱོར་གྱི་ཐོག་ནས་རྒྱ་གར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཨང་གསུམ་པ་ཆགས་པར་རེ་བ་གནང་གི་ཡོད་པ་རེད། དཔལ་འབྱོར་ཡར་རྒྱས་འགྲོ་བ་ཡིན་ན་དམག་དོན་གྱི་ཐོག་ཏུའང་རང་བཞིན་གྱིས་འགྲོ་སོང་གཏོང་རྒྱུ་མང་དུ་འགྲོ་བཞིན་ཡོད་པ་རེད། དམག་དོན་གྱི་ཐོག་ཏུ་འགྲོ་སོང་མང་པོ་གཏོང་བ་དེ་གཙོ་བོ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གཞུང་གི་བྱེད་བབ་ལ་བསྟུན་བཞིན་ཡོད་པ་དང་། དེ་བཞིན་ཉི་ཧོང་དང་། ཐའེ་ཝན། ཨོ་གླིང་བཅས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ནང་དུ་སྔར་དང་མ་འདྲ་བར་གོ་མཚོན་ཐོག་ལ་འགྲོ་སོང་གཏོང་དགོས་པ་ཞིག་ཆགས་ཡོད་པ་རེད། རྒྱ་གར་གྱིས་ཀྱང་ད་ལྟའི་བར་གོ་མཚོན་མང་པོ་ཞིག་ཨུ་རུ་སུ་ནས་ཉོས་ཡོད་ཅིང་། ཨུ་ཡུག་གཉིས་ཀྱི་དམག་འཁྲུག་དང་། རྒྱལ་སྤྱིའི་གནས་བབ་ལ་བསྟུན་ནས་རྒྱ་གར་གྱིས་ཀྱང་གོ་མཚོན་མཁོ་སྒྲུབ་ཐོག་ཨ་རི་དང་། འཇར་མན། ཧྥ་རན་སི་བཅས་ལ་བསྟུན་དགོས་ཁེལ་ཡོད་པ་རེད། གང་ལྟར་འདས་པའི་ལོ་ངོ་ ༧༧ རིང་རྒྱ་གར་གཞུང་གི་དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ཡོད་པ་དང་། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོག་སྔར་དང་མ་འདྲ་བའི་ནུས་པ་ཆེ་རུ་བཏོན་ཐུབ་ཡོད་པ་རེད། རྒྱལ་ཁབ་ནང་ལོགས་སུ་རྙོག་དྲ་བཟོ་མཁན་ཏོག་ཙམ་ཡོང་བསྡད་ཀྱི་ཡོད་ཀྱང་། ཁྱོན་ཡོངས་ནས་རྒྱ་གར་ནི་འཛམ་གླིང་གི་ཆོས་ལུགས་དང་སྐད་རིགས་སོགས་མང་པོ་ཡོད་པ་དེ་མཐུན་ལམ་གྱི་ཐོག་ནས་གནས་ཐུབ་པའི་མི་འབོར་ཆེ་ཤོས་ཀྱི་ཞི་བདེའི་རྒྱལ་ཁབ་ཅིག་རེད་བསམ་གྱི་འདུག་ཅེས་གསུངས་སོང་།

རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༧ འཁོར་བའི་ཉིན་མོ་བཀའ་སྤྱི་གཉིས་ནས་སྲུང་གཙི་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༨།༡༥
དེ་བཞིན་སྲིད་སྐྱོང་མཆོག་གིས། རྒྱ་གར་རང་བཙན་ཐོབ་པའི་སྐབས་སུ་ང་ཚོའང་རང་བཙན་གྱི་ཐོག་ཏུ་གནས་བསྡད་ཡོད་པ་རེད། ལོ་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་པས་བོད་ས་ཤོར་དགོས་བྱུང་བ་རེད། རྒྱ་གར་རང་བཙན་ཐོབ་པའི་སྐབས་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡིན་པ་དང་། དེ་དུས་རྒྱལ་ཁབ་མང་པོ་ཞིག་ལ་རང་བཙན་ཐོབ་ཡོད་པ་དང་། རྒྱ་གར་རང་བཙན་ཐོབ་པ་ནས་བཟུང་ད་ལྟའི་བར་དུ་རྒྱུན་སྐྱོང་ཐོག་གནས་ཐུབ་ཡོད་པ་མ་ཟད། དམངས་གཙོའི་ལམ་ལུགས་དང་། སྤྱི་ཚོགས་ཀྱི་བཟང་སྤྱོད་ལྡན་པའི་འགྲོ་ལུགས་སྲུང་གཙི་བྱེད་ཐུབ་པར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན། རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༧ འཁོར་བའི་ཉིན་མོ་དང་སྟབས་བསྟུན་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ཀྱིས་རྒྱ་གར་གཞུང་དང་རྒྱ་གར་མི་མང་ཡོངས་ལ་རང་བཙན་ཐོབ་ནས་རང་དབང་ཐོག་ཏུ་གནས་ཐུབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། བོད་ལའང་མ་འོངས་པར་སྐྱིད་པའི་ཉི་མ་ཞིག་འཐོབ་པའི་རེ་བ་ཞུ་བཞིན་ཡོད། ཁྱེད་ཚོ་རང་བཙན་མེད་པའི་སྐབས་སུ་དཀའ་ངལ་འཕྲད་བསྡད་དུས། གཞན་གྱིས་རྒྱབ་སྐྱོར་བྱས་ཡོད་པ་བཞིན་དུ། བོད་ཀྱི་དཀའ་རྙོག་མ་སེལ་བར་དུ་མུ་མཐུད་དུ་རྒྱབ་སྐྱོར་གནང་རོགས་ཞུ་ཞེས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese