མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་མ་ཤི་བར་དུ་བྱམས་བརྩེའི་ངང་ནས་འཚོ་དགོས་པ་དཔེ་གལ་ཆེན་པོ་ཡིན་པའི་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་གངས་ཅན་གྱི་ལྗོངས་དང་། ལ་དྭགས་ཀྱི་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་སྔོན་མ་ནས་བོད་གངས་ཅན་གྱི་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དར་སྲོལ་ཡོད་པ་དེ་དག་གི་བསམ་བློའི་འགྲོ་སྟངས་ག་འདྲ་ཡིན་མིན་ཐད་དོ་སྣང་བྱས་ནས་སེམས་ལ་ཞི་བདེ་ཡོང་བ་དང་། དངོས་གནས་དྲང་གནས་སེམས་ཁམས་རིག་པའི་ཐོག་ནས་ཡར་རྒྱས་གཏོང་དགོས་པ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལ་དྭགས་དབུས་འཛིན་སྐྱོང་མང་གཞུང་ནས་ལྗགས་སྨིན་འདེགས་འབུལ་ཞུས། ༢༠༢༣།༠༨།༡༦ དུས་བབ་ཀྱི་སྐུ་པར།

ལ་དྭགས་དབུས་འཛིན་སྐྱོང་མངའ་གཞུང་གི་གོ་སྒྲིག་ལྟར། དེ་རིང་ཕྱི་ཚེས་ ༡༦ ཉིན་ལ་དྭགས་གླེ་སེང་གེ་གཙང་བོའི་འགྲམ་སིན་དུ་གྷ་ཊ་རུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཉིན་གུང་ལྗགས་སྨིན་འདེགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། འདི་ནས་ཕར་ཁ་སྤྲོད་དེར་ཐུབ་པའི་དབང་བོའི་སྐུ་ཡོད་པས་ཚོར་བ་མི་འདྲ་བ་ཞིག་ཡོང་གི་འདུག ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ།  དེ་རིང་གཞན་པ་མང་པོ་བཤད་རྒྱུ་གང་ཡང་མི་འདུག ཚིག་གསུམ་ཞུ་སྙིང་འདོད་བྱུང་། དང་པོ་དེ་ངོས་རང་མི་ཞིག་ཡིན་པའི་ངོས་ནས་སྤྱིར་སེམས་ཅད་ཐམས་ཅད་དང་། ཡང་སྒོས་འཛམ་བུ་གླིང་འདིའི་སྒང་གི་འགྲོ་མིའི་རིགས་ལ་རྙོག་དྲ་མང་པོ་ཞིག་རྒྱུན་མ་ཆད་པར་ཡོང་བསྡད་ཀྱི་ཡོད། ཐོག་མར་མངལ་ནས་བཙས་བའི་སྐབས་སུ། ཨ་མ་ཡིས་བྱམས་བརྩེའི་བསྐྱངས་ཞིང་བྱམས་བརྩེའི་ངང་ནས་འཚོ་བསྡད་པ་ཞིག་ཆགས་ཡོད། འཛམ་གླིང་སྟེང་གི་མི་གྲངས་དུང་ཕྱུར་བདུན་བརྒྱད་ཙམ་ཡོད་པའི་མི་ཚང་མ་ཨ་མའི་བྱམས་བརྩེའི་སྐྱོང་བཞིན་པ་ཤ་སྟག་ཡིན་དུས། ང་ཚོའི་མི་ཚེའི་ནང་དུ་འཚར་ལོངས་བྱུང་སྐབས་མིའི་རྒྱུད་ཀྱི་བརྩེ་བ་དེ་མ་བརླག་པ་དང་མ་བརྗེད་པ་བྱས། ང་ཚོའི་སྤྱི་ཚོགས་ནང་དུ་བརྩེ་བ་དེ་གང་ཐུབ་ཀྱིས་ཡར་རྒྱས་གཏོང་དགོས། ངོས་རང་གིས་བརྩེ་བ་ཡར་རྒྱས་གཏོང་བར་ཡིད་ཆེས་ཀྱང་བྱེད་བཞིན་ཡོད། བརྩེ་བ་ཟེར་བ་ཡོད་ན་སེམས་སྐྱིད་པ་དང་ལུས་བདེ་བ་འབྱུང་གི་ཡོད། མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བརྩེ་བ་ཟེར་བ་དེ་རེད་འདུག འདིར་ང་ཚོ་དངོས་སུ་འཛོམས་བསྡད་པའི་མི་ཚང་མ་གཙོས། འཛམ་བུ་གླིང་གི་མི་གྲངས་དུང་ཕྱུར་བདུན་བརྒྱད་ཙམ་ཡོད་པ་ཚང་མར་བྱམས་བརྩེ་དགོས་པ་གལ་ཆེན་པོ་རེད། དེ་ནི་ཆོས་ཀྱི་སྐད་ཆ་གང་ཡང་མ་རེད། ང་ཚོ་དང་པོ་ནས་བྱམས་བརྩེའི་ངང་འཚོ་བསྡད་པ་ཡིན་པས། མ་ཤི་བར་དུ་བྱམས་བརྩེའི་ངང་ནས་འཚོ་དགོས་པ་དཔེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་ནས་རིམ་པ་གཉིས་པ་དེ་ངོས་རང་ཆོས་པ་ཞིག་རེད། ཆོས་ལུགས་མཐུན་པོ་བྱེད་རྒྱུ་དེ་ཞེ་བོ་གལ་ཆེན་པོ་རེད། ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་སྐབས་རེར་འཁྲུག་པ་རྒྱག་གི་ཡོད་པ་རེད། ཐབས་སྐྱོ་བོ་ཞེ་དྲགས་རེད། ང་ཚོའི་མི་ཚེ་འདིའི་ནང་དུ་དཔལ་འབྱོར་ལོངས་སྤྱོད་བསམ་པ་གཅིག་པོ་མ་ཡིན་པར། རྣམ་གཞག་གཏན་གྱི་འདུན་མ་བསྒྲུབ་པའི་ཆོས་ཀྱི་བསམ་བློ་བཏང་སྟེ། ལྟ་གྲུབ་ཀྱི་ཐོག་ནས་འཇིག་རྟེན་བཀོད་པ་པོ་ཁས་ལེན་ཡང་མི་ལེན་རུང་། ཆོས་ལུགས་ཚང་མས་བརྩེ་བའི་སེམས་དང་གཞན་ཕན་གྱི་བློ་དགོས་པ་རེད་གསུངས་ཀྱི་ཡོད། དེ་འདྲ་ཡིན་དུས་ཆོས་ལུགས་ཚང་མ་མཐུན་པོ་བྱེད་དགོས། ངོས་རང་ལ་ཆ་བཞག་ན་ནང་པ་ཡིན་ཡང་། ངོས་རང་གིས་ཆོས་ལུགས་ཚང་མར་གུས་པ་བྱེད་བསྡད་ཀྱི་ཡོད། འཛམ་གླིང་གི་ས་ཆ་འདྲ་མིན་གྱི་ཆོས་མི་འདྲ་བའི་ལྷ་ཁང་ག་པར་ཡོད་ཀྱང་། ངོས་རང་ལྷ་ཁང་ཁག་ཏུ་ཕྱིན་ཏེ་ཆོས་ལུགས་དེ་ཉམས་སུ་ལེན་མཁན་ཚོ་སེམས་པ་བཟང་པོ་ཞིག་ཡོང་བར་སྨོན་ལམ་བརྒྱབ་བསྡད་ཡོད། གང་ལྟར་ཆོས་ལུགས་ཚང་མ་མཐུན་པོ་བྱ་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་རེད། ལྟ་གྲུབ་ཐོག་ནས་ཆ་བཞག་ན་ནང་པ་རང་ལ་མཚོན་ནའང་། བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་ཡོད། ནང་གསེས་སུའང་མི་འདྲ་བ་ཡོང་གི་ཡོད་པ་རེད། ཡིན་ནའང་། དེ་ཐམས་ཅད་སངས་རྒྱས་དང་། ཆོས། དགེ་འདུན་ལ་སྐྱབས་སུ་འགྲོ་མཁན་ཤ་སྟག་རེད། ནང་པ་རང་ལ་མཚོན་ནའང་ལྟ་གྲུབ་མ་འདྲ་ཡོད་པ་རེད་དེ། སྟོན་པ་བཀའ་དྲིན་ཅན་གཅིག་གི་རྗེས་སུ་འབྲངས་ཀྱི་ཡོད་ལ། སེམས་བཟང་པོ་བྱེད་པ་དང་ཀུན་ལ་ཕན་སེམས་བྱེད་པ་ཚང་མ་གཅིག་པ་རེད། ལྟ་གྲུབ་འདྲ་མིན་དགོས་ཀྱི་ཡོད་པ་རེད། མིའི་ཁམས་དང་མོས་པ། དེ་བཞིན་བློའི་འགྲོ་སྟངས་ལ་ཁྱད་པར་ཞེ་བོ་འདུག དེ་འདྲ་ཡིན་དུས་མི་མང་པོར་ཕན་པ་ལྟ་གྲུབ་མི་འདྲ་བ་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལ་དྭགས་རང་སྐྱོང་རི་ལྗོངས་དབུས་གཞུང་ནས་ལྗགས་སྨིན་འདེགས་འབུལ་ཞུས། ༢༠༢༣།༠༨།༡༦ དུས་བབ་ཀྱི་སྐུ་པར།

༧མགོན་པོ་གང་ཉིད་མཆོག་གིས། དོན་ཚན་གཞན་གཅིག་འདིར་ཞུ་སྙིང་འདོད་བྱུང་། ངོས་རང་བོད་པ་རེད། བོད་དུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་དེ་དཔལ་ནལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་རེད། ང་ཚོས་དཔེ་ཆར་ལྟ་སྐབས་ཚད་མ་རིག་པ་དང་འབྲེལ་ནས་ལྟ་བཞིན་ཡོད་པ་རེད། རྩ་བ་དེའང་དབུ་ཕར་གྱི་གཞུང་ནས་སེམས་ཁམས་རིག་པའི་གཞུང་ཞིབ་ཚགས་ཡོད་པའི་སྟེང་དུ། ཚད་མ་རིག་པའི་ཐོག་ནས་དཔྱད་པ་བྱས་ཡོད། དཔེར་ན་སངས་རྒྱས་ཀྱི་གསུང་ལ་ཆ་བཞག་ནའང་དཔྱད་པ་བྱས་ཡོད། སངས་རྒྱས་ཀྱི་གསུངས་དེ་དྲང་དོན་དགོངས་པ་ཞིག་རེད། སངས་རྒྱས་ཀྱི་གསུངས་འདི་ངེས་དོན་དུ་ཁས་བླངས་ཆོག་པ་ཞིག་རེད་ཟེར་ནས་རིག་པས་དཔྱད་པ་བྱས་ནས་འགྲོ་བ་ཞིག་ཡོང་གི་འདུག

དེང་སང་འཛམ་གླིང་དུ་སྔོན་མ་ནང་པའི་ཆོས་མ་ཁྱབ་སའི་ལུང་པའི་གྲས་སུའང་ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་། ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་གཏོང་བའི་སྐོར་ལ་དོ་སྣང་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་འདུག ཡིན་གཅིག་མིན་གཅིག་ཆོས་བྱེད་དགོས་ཟེར་རྒྱུ་ཡོད་པ་མ་རེད། སོ་སོའི་ཁམས་དང་མོས་པར་བལྟས་ནས་འགྲོ་རྒྱུ་རེད། མི་མང་པོ་ཞིག་ལ་ཆོས་དད་མེད་ཀྱང་། མིའི་བཟང་སྤྱོད་དང་ཕན་སེམས་བྱེད་པར་ལག་ལེན་བསྟར་མཁན་མང་པོ་འདུག དམིགས་བསལ་ཆོས་དད་མེད་པ་ཡིན་ན་ཡང་། དབྱིན་ཡིག་ཏུ་ secular ethics ཟེར་བ་དེར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེ་དཔེ་གལ་ཆེན་པོ་རེད། ཨོ་་མདུན་གྱི་གངས་རི་དེ་དག་གིས་གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་ཟེར་བ་དེ་དྲན་ཡོང་བ་ཞིག་བྱེད་ཀྱི་འདུག དེང་སང་ནང་པ་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་ཚང་མ་སྦྱངས་བ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཕྱོགས་ཀྱི་གླང་པོ་ལ་སོགས་པའི་ལམ་སྟོན་གནང་ཡོད་པའི་རྗེས་སུ་འབྲངས་ཏེ། དེ་དག་ལ་རིག་པའི་ལམ་ནས་དཔྱད་པ་བྱེད་རྒྱུ་དེ་ཚན་རིག་པ་དང་སེམས་ཐག་ཉེ་བོའི་གྲོགས་པོ་ཆགས་ཡོད་པ་རེད།

བྱས་ཙང་ང་ཚོ་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་དངོས་གནས་རིག་པའི་ལམ་ནས་དཔྱད་པ་བྱེད་རྒྱུ་དང་། གྲུབ་དོན་དེ་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ཐུབ་ཞིག་རེད། དམིགས་བསལ་ཆོས་དད་མེད་མཁན་ཚོས་སེམས་ཁམས་རིག་པའི་ཐོག་ནས་སེམས་ཞི་བདེ་ཡོང་བར་དོ་སྣང་བྱེད་མཁན་ཡོང་གི་ཡོད་པ་མ་ཟད། མི་ལ་ཕན་ཐོགས་བྱེད་ཐུབ་ཀྱི་འདུག ང་ཚོ་བོད་གངས་ཅན་གྱི་ལྗོངས་དང་། ལ་དྭགས་ཀྱི་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་སྔོན་མ་ནས་བོད་གངས་ཅན་གྱི་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དར་སྲོལ་ཡོད་པ་རེད། དེ་དག་ཆོས་བྱེད་ཟེར་ནས་འདོན་པ་འདོན་རྒྱུ་དང་། སྨོན་ལམ་རྒྱག་རྒྱུ་གལ་ཆེན་མ་རེད། བསམ་བློའི་འགྲོ་སྟངས་ག་འདྲ་ཡིན་མིན་ཐད་དོ་སྣང་བྱས་ནས་སེམས་ཀྱི་ཞི་བདེ་ཡོང་བ་དང་། དངོས་གནས་དྲང་གནས་སེམས་ཁམས་རིག་པའི་ཐོག་ནས་ཡར་རྒྱས་གཏོང་དགོས།

ངོས་རང་གི་ངོས་ནས་བསྟན་པ་དང་འགྲོ་བའི་ཆེད་དུ་གང་ཡོང་ཞིག་བྱས་ཡོད་པ་རེད། གྲུབ་འབྲས་གང་ལ་གང་འཚམ་བྱུང་ཡོད་པ་རེད། བོད་ཀྱི་གནས་སྟངས་དཀའ་ངལ་དམིགས་བསལ་ཅན་ཞིག་ཆགས་པའི་གནས་སྐབས་སུ། ངོས་རང་གིས་ཞུམ་པ་མེད་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་ཡག་པོ་བརྒྱབ་ཡོད་པ་མ་ཟད། ཚན་རིག་པའི་རིག་གནས་སྣོན་འཕར་རྒྱག་བསྡད་ཀྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་དོ་སྣང་གནང་བཞིན་ཡོད་པ་རེད། ངོས་རང་ལ་ཁྱེད་ཚོས་མོས་པ་དང་ཡིད་ཆེས་ཤུགས་ཆེན་པོ་བྱེད་ཀྱི་འདུག ཐུགས་རྗེ་ཆེ། རྒྱ་གར་གཏིང་དུ་ཆར་ཤོད་ཆེན་པོ་ཡིན་པའི་སྐབས་སུ་ལ་དྭགས་སུ་ས་སྐམ་པོ་ཡིན་པས་ངོས་རང་ལ་འཕྲོད་པོ་ཞེ་བོ་འདུག ལོ་མང་པོའི་སྔོན་ནས་ཆར་ཞོད་ཀྱི་དཀའ་ངལ་འཕྲད་ནས་ངོས་རང་ལ་དྭགས་སུ་ཡོང་བཞིན་ཡོད་ལ། འབྱུང་འགྱུར་རྒྱ་གར་གཏིང་དུ་ཆར་ཞོད་མགོ་ཚུགས་སྐབས་ངོས་རང་ལ་དྭགས་སུ་ཡོང་བར་དགའ་བོ་ཡོད། ཁྱེད་ཚོ་ལ་དྭགས་མི་མང་བློ་སེམས་བརྩེ་གཅིག་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese