མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཁར་རྩེ་རུ་དད་ལྡན་སེར་སྐྱ་མི་མང་ལ་བཀའ་སློབ་བཀའ་དྲིན་བསྐྱངས།

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཁར་རྩེའི་དད་ལྡན་སེར་སྐྱ་མི་མང་ལ་སེམས་རྒྱུད་འདུལ་བར་དོ་སྣང་དམིགས་བསལ་བྱས་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་བཀའ་སློབ་བསྩལ་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་གཤམ་མཁར་རྩེ་རུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ། ༢༠༢༣།༨།༡༨ བོད་ཀྱི་དུས་བབ་ཀྱི་པར།

ལ་དྭགས་ཀྱི་གཤམ་ལྗོངས་མཁར་རྩེའི་དད་ལྡན་སེར་སྐྱ་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༧།༣༠ ཙམ་ལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གནམ་ལམ་བརྒྱུད་མཁར་རྩེ་རུ་ཞབས་སོར་བདེ་བར་བཀོད་དེ། ཟེར་ཐང་གསུང་ཆོས་ར་བ་དང་ཟེར་ཐང་རྒྱལ་བའི་ཕོ་བྲང་གསར་བཞེངས་དབུ་འབྱེད་མཛད་དེ་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཕེབས་བསུའི་དགའ་སྟོན་ཟབ་རྒྱས་ཞུས་སོང་ལ། དོ་དགོང་ཞག་བཞུགས་མཛད་དེ་སང་ཉིན་སྔ་དྲོར་སྒྲོལ་དཀར་ཚེ་དབང་གནང་གྲུབ་རྗེས་ཕྱིར་གླེ་རུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

མཛད་སྒོའི་ཐོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཆེན་མོ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། གཤམ་ལྗོངས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་ནོར་བུ་ལགས་ཀྱིས་མགོན་པོ་གང་ཉིད་མཆོག་གི་ཆིབས་བསྒྱུར་འདི་ནི་མཁར་རྩེའི་དད་ལྡན་སེར་སྐྱ་མི་མང་གི་མི་ལོ་བཞི་བཅུའི་རིང་གི་རེ་འདོད་མངོན་གྱུར་བྱུང་བ་ཞིག་ཡིན་པ་སོགས་ཀྱི་གསུང་བཤད་གནང་བ་དང་། ལམ་སྒྲོན་འཇམ་དབྱངས་སློབ་གྲྭ་དང་དྷ་ཧ་ནུའི་ཡུལ་མི་གྷུ་རི་སི་ཡི་མི་རྒྱུད་ཨརྱན་པ་སོགས་ཡུལ་མིའི་གྲོང་སྡེ་ཁག་ཅིག་གིས་རིམ་པར་འཁྲབ་གཞས་གཟིགས་འབུལ། དེ་བཞིན་ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་འདུས་ལགས་དང་། ལ་དྭགས་རྫོང་ཁག་ཡོངས་ཀྱི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་།  ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཆེན་མོ་བཀྲ་ཤིས་རྒྱལ་མཚན་ལགས་བཅས་ཀྱིས་ཟེར་ཐང་གསུང་ཆོས་ར་བ་འདི་བཞིན་ཡུལ་མི་རྣམས་ཀྱིས་ཟླ་གསུམ་རིང་དཀའ་སྤྱད་འབད་བརྩོན་བྱས་ཏེ་གསར་བཞེངས་གྲུབ་པ་ཞིག་ཡིན་སྐོར་དང་། ད་ལན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཤམ་མཁར་རྩེ་རུ་ཆིབས་བསྒྱུར་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་ཡང་ཡང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུར་གསོལ་འདེབས་ཞུས་སོང་།

ཕེབས་བསུའི་དགའ་སྟོན་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་ས་གནས་འདིར་ཆོས་ལུགས་རིས་མེད་དང་ཆོས་དད་ཡོད་མེད་ལ་མ་ལྟོས་པར། ངོས་རང་ལ་སེམས་ཐག་ཉེ་བོའི་ཐོག་ནས་དགའ་བོའི་ངང་འདིར་ཡོང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་མི་ཞིག་ཆགས་བསྡད་ཡོད་རེད་ལ། འཛམ་གླིང་ས་ཕྱོགས་གང་སར་སླེབས་བསྡད་ཡོད་རེད། མི་དང་མིའི་བརྩེ་བ་དེ་ཞེ་དྲགས་རྩ་ཆེན་པོ་རེད་འདུག ངོས་རང་འཛམ་གླིང་ཤར་ནུབ་ལྷོ་བྱང་ཚང་མར་སླེབས་ནས་མི་མང་པོ་ཞིག་ལ་ཐུག་གི་ཡོད་རེད། ཚང་མས་མིའི་བརྩེ་བའི་ཐོག་ནས་འཛུམ་ཤིག་ཤིག་གིས་ངོས་རང་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་ཡོང་དུས། ངོས་རང་གི་སེམས་ལའང་དངོས་གནས་དྲང་གནས་ང་ཚོ་མི་གཅིག་གྱུར་རེད་ལ། ང་ཚོ་ཚང་མ་སྐྱེས་པའི་ཉིན་མ་དང་པོ་ནས་མ་ཡི་བྱམས་བརྩེས་བསྐྱངས་པ་གཅིག་གྱུར་རེད། ཆུང་དུས་ནས་མའི་བྱམས་བརྩེས་བསྐྱངས་པའི་ཚོར་བ་དེས། དུས་རྒྱུན་དུ་ཐུག་པའི་སྐབས་སུ་མི་གཅིག་གིས་གཅིག་ལ་བརྩེ་བ་བྱ་རྒྱུ་དེ་ངོས་རང་གིས་གལ་ཆེན་པོ་ཞེ་དྲགས་མཐོང་གི་འདུག་ལ། འཛམ་གླིང་འདིའི་སྒང་ལའང་དོ་སྣང་ཤུགས་ཆེན་པོ་ཞིག་ཡོང་གི་འདུག བར་སྐབས་དངོས་པོ་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ནས། ཕྱིའི་དངོས་པོ་ཡར་རྒྱས་ལ་ཡིད་འཕྲོག་ནས་ངའི་ལུང་པ་དང་ཁོང་ཚོའི་ལུང་པ་ཟེར་ནས་ཆགས་སྡང་ཕྱོགས་རིས་ཤུགས་ཆེ་རུ་ཕྱིན། དེ་འདྲའི་ཐོག་ནས་གོ་མཚོན་ལ་དང་འདོད་བྱས་ནས་འཛམ་བུ་གླིང་འདིའི་སྒང་ལ་མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་ཕྲད་པ་རེད། ད་ཆ་འཛམ་གླིང་འདིའི་སྒང་ལ་མི་མང་ཆེ་བ་གོ་མཚོན་གྱི་ཐོག་ནས་ང་དང་ཁྱོད་ཟེར་བ་དེར་ཧ་ལམ་ཡིད་ཐང་ཆད་པའི་ཟོལ་འདྲ་བོ་ཞིག་ཆགས་ཀྱི་འདུག ང་ཚོ་སྐྱེས་པའི་ཁ་ཐུག་ནས་མའི་བརྩེ་བས་བསྐྱངས་ནས་གཅིག་གིས་གཅིག་ལ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་བརྩེ་བ་ཡོད་པ་དེ། དེ་རིང་ཁ་སང་ཏོག་ཙམ་ཤུགས་ཆེ་རུ་འགྲོ་ཡི་འདུག་པས་དེ་ཞེ་དྲགས་གལ་ཆེན་པོ་རེད། ཁྱེད་ཚོའི་དད་པ་ད་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་ངོས་རང་བསྡད་སའི་ཁང་པ་ཞིག་འཛུགས་སྐྲུན་བྱས་པ་རེད། དེ་རིང་ངོས་རང་འདིར་བསྡད་རྒྱུ་ཡིན། ཞེས་གསུངས་སོང་།

གཤམ་མཁར་རྩེ་རུ་ཡོད་པའི་ཟེར་ཐང་ཆོས་རའི་ནང་དུ་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འཛོམས། ༢༠༢༣།༠༨།༡༨

ཡང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཁྱེད་རང་ཚོའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་རེད། ཆོས་ཞེས་པ་སེམས་རྒྱུད་ལ་བཟོ་བཅོས་བརྒྱབ་ནས། ཉོན་མོངས་དུག་གསུམ་རགས་པའི་གཞན་དབང་དུ་འགྲོ་བསྡད་པ་དེ། ག་ཚོད་ཐུབ་ཐུབ་ཀྱིས་བློ་ཞི་བ་དང་འདུལ་བ་ཡོང་རྒྱུ་ཞིག དཔེར་ན་ངོས་རང་ལ་ཆ་བཞག་ན་ཆུང་དུས་ནས་དཔེ་ཆ་བསླབས། སེམས་འདུལ་རྒྱུར་དོ་སྣང་དམིགས་བསལ་བྱས། གཙོ་བོ་ངོས་རང་གིས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཞེ་དྲགས་གཏོང་གི་ཡོད་རེད། དེའི་རྐྱེན་གྱིས་ངོས་རང་གི་ལུས་ཀྱི་འབྱུང་པ་དེ་ཆ་སྙོམས་པོ་བྱས་ནས་བསྡད་ཡ་ཞིག་དང་གཟུགས་པོ་ཡང་བདེ་པོ། སེམས་ཀྱི་ཞི་བདེ་ཡོང་བསྡད་པ་ཞིག་འདུག ཕྱི་ལོགས་སུ་སྨོན་ལམ་བརྒྱབ། ཚོགས་འཚོག་རྒྱུ་དེ་ཚོ་ཆོས་ཕྱོགས་ཀྱི་བྱ་བ་རེད་དེ། གཙོ་བོ་སོ་སོའི་སེམས་རྒྱུད་དེ་འདུལ་པོ་བྱ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག ངོས་རང་གིས་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དེ་གལ་ཆེན་པོ་རྩིས་ནས་སྒོམ་བསྡད་ཀྱི་ཡོད། ཅེས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་ནས། སང་ཉིན་ཞོགས་པ་སྒྲོལ་དཀར་ཚེ་དབང་དབུལ་རྒྱུ་ཡིན། ཚེ་སྒྲུབ་གཙོ་བོ་ནི་སེམས་ཀྱི་ཞི་བདེ་རེད། སེམས་ཆགས་སྡང་གི་དབང་དུ་མ་སོང་བར་སེམས་ལྷོད་ལྷོད་ཞི་བདེ་བྱུང་ན་ཚེ་རིང་པོ་ཏན་ཏན་ཡོང་གི་རེད། ཚེ་སྒྲུབ་ཡག་ཤོས་ནི་སྔགས་བགྲངས་པས་ཕན་ཐོགས་ཡོང་གི་ཡོད་ཀྱང་། གཙོ་བོ་བརྩེ་བ་ལ་དོ་སྣང་ཡག་པོ་དང་། སེམས་ཀྱི་ཞི་བདེ་བྱུང་ན་ཚེ་སྒྲུབ་ཡག་ཤོས་རེད། ངོས་རང་གི་ཉམས་མྱོང་ཐོག་ནས་བཤད་ན་ངོས་ཀྱིས་ཚེ་སྒྲུབ་མང་པོ་བྱེད་ཀྱི་ཡོད། ཡིན་ནའང་། ཚེ་སྒྲུབ་གཙོ་བོ་ནི་སེམས་ལྷོད་ལྷོད་སྡོད་པ་དང་། བྱམས་བརྩེའི་དབང་གིས་སེམས་ཀྱི་ཞི་བདེ་གནས་པ་ནི་ཚེ་སྒྲུབ་ཡག་ཤོས་རེད། ཅེས་བཀའ་སློབ་གནང་སོང་།

གསར་འགོད་པ། དོན་འགྲུབ་བཀྲིས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལི་བྷི་ཡའི་མི་མང་ལ་ཐུགས་གསོ་མཛད། 

༢༠༢༣/༠༩/༡༣
His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གསུང་ཆོས་ཞུ་མཁན་གྱི་དད་ལྡན་མང་ཚོགས། ༢༠༢༣།༠༩།༠༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་ཀྱི་ཆོས་དེ་དད་པ་གཅིག་པོ་མིན་པར་རང་རྒྱུད་ཀྱི་སྐྱོན་རྣམས་ངོ་ཤེས་པ་བྱས་ཏེ་ཉུང་དུ་གཏོང་དགོས་པ་དེ་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༠༦
ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ། ༸གོང་ས་མཆོག་ནས་ལ་དྭགས་དབུ་སྐྱོང་དང་ཨ་རུ་ན་ཅལ་སཱི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་བསྩལ། ༢༠༢༣།༠༨།༡༠ དགའ་ལྡན་ཕོ་བྲང་གི་པར།
༸གོང་ས་མཆོག གསར་འགྱུར།

རྡུལ་ཕྲན་མཚོན་ཆ་དངོས་གནས་བེད་སྤྱོད་ཤུགས་ཆེན་པོ་བྱས་ན་རང་གཞན་གཉིས་མེད་ཡིན་པའི་བཀའ་སློབ་བསྩལ།

༢༠༢༣/༠༨/༡༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷ་ས་ཁ་ཆེ་བ་རྣམས་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist