མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་རྒྱ་གར་གྱི་འཕུར་གྲུ་ཟླ་བའི་ཐོག་བདེ་ལེགས་ངང་བབས་པར་འཚམས་འདྲི་མཛད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་འཕུར་གྲུ་ཅན་དྷ་ར་ཡན་གསུམ་པ་(Chandrayaan-3) ཟླ་བའི་ཐོག་བདེ་ལེགས་ངང་བབས་ཏེ་ཟིན་ཐོ་གསར་པ་ཞིག་བསྐྲུན་པར་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་འཕུར་གྲུ་ཅན་དྷ་ར་ཡན་གསུམ་པ་ཟླ་བའི་གོ་ལའི་ཐོག་བབས་པར་འཚམས་འདྲི་གནང་། ༢༠༢༣།༨།༢༣

ཁ་སང་ཕྱི་དྲོར་རྒྱ་གར་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་ (Indian Scientific Research Organisation)བཟོ་བསྐྲུན་བྱས་པའི་འཕུར་གྲུ་ཅན་དྷ་ར་ཡན་གསུམ་པ་(Chandrayaan-3)བདེ་ལེགས་ངང་ཟླ་བའི་ལྷོ་སྣེ་རུ་བབས་ཡོད་པར་བརྟེན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་བློན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། རྒྱ་གར་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་མ་འོངས་པར་ཚན་རིག་གི་བྱ་བཞག་ཐོག་སྣེ་ཁྲིད་ཐུབ་པའི་སྟོབས་ཤུགས་རྒྱུན་སྐྱོང་ཐུབ་པར་ཡིད་ཆས་ཡོད་སྐོར་གསུངས་འདུག

ཡང་༧མགོན་པོ་གང་ཉིད་མཆོག་ནས། ངོས་ནས་རྒྱ་གར་གྱི་ཚན་རིག་ཞིབ་འཇུག་ཚོགས་པའི་ (Indian Scientific Research Organisation) ཚོགས་གཙོ་དང་ཚོགས་མི་རྣམས་ཀྱིས་བློས་གཏོང་འབད་བརྩོན་བྱས་པའི་དམིགས་ཡུལ་ལེགས་འགྲུབ་བྱུང་བར་དགའ་བསུ་ཞུ་ཡི་ཡོད། ཁོང་ཚོས་རྒྱ་གར་གྱི་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་རྣམ་པ་གསལ་སྟོན་བྱས་ཡོད། རྒྱ་གར་ནང་གནས་སྡོད་རྒྱུན་རིང་ཤོས་བྱེད་མཁན་གྱི་མགྲོན་པོ་ཞིག་ཡིན་པའི་ཆ་ནས། ངོས་ནས་རླབས་ཆེ་བའི་གྲུབ་འབྲས་འདི་ལ་དགའ་པོ་བྱེད་ཀྱི་ཡོད། རྒྱ་གར་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་མ་འོངས་པར་ཚན་རིག་གི་བྱ་བཞག་ཐོག་སྣེ་ཁྲིད་ཐུབ་པའི་སྟོབས་ཤུགས་རྒྱུན་སྐྱོང་ཐུབ་པར་ཡིད་ཆས་ཡོད། ཅེས་གསུངས་འདུག

གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཊུ་ཝི་ཊར་སྟེང་། རྒྱ་གར་གྱི་ཅན་དྷ་ར་ཡན་གསུམ་པ་ཟླ་བའི་སྟེང་བབས་ཏེ་ཟིན་ཐོ་གསར་པ་བསྐྲུན་པར་དགའ་ཚོར་ཆེན་པོ་བྱུང་། རྒྱ་གར་གྱི་གཞུང་དང་རྒྱ་གར་གྱི་ཚན་རིག་ཞིབ་འཇུག་ཚོགས་པའི་ཚན་རིག་པ། དེ་བཞིན་མཐུན་སྦྱོར་བྱེད་མཁན་ཡོངས་ལ་འཚམས་འདྲི་གྲངས་མེད་ཡོད། ཅེས་གསུངས་འདུག

དེ་འབྲེལ་ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་མཆོག་དང་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་སི་རིལ་མཆོག དེ་བཞིན་ཨ་རིའི་མཁའ་དབྱིངས་ཚོགས་པའི་ (NASA) འཛིན་སྐྱོང་པ་བྷིལ་ནེལ་སོན་ (Bill Nelson) དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན། དབྱིན་ཡུལ་གྱི་མཁའ་དབྱིངས་ཚན་པ་སོགས་ཀྱིས་རྒྱ་གར་གྱི་ཅན་དྷ་ར་ཡན་གསུམ་པ་དངོས་སུ་ཟླ་བའི་ལྷོ་སྣེ་རུ་བདེ་ལེགས་ངང་བབས་པར་འཚམས་འདྲི་ཞུས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་རྒྱ་གར་གྱི་ཚན་རིག་ཞིབ་འཇུག་ཚོགས་པ་དེས་ཅན་དྷ་ར་ཡན་གསུམ་པ་དེ་དངོས་སུ་ཟླ་བའི་གོ་ལའི་ལྷོ་སྣེ་རུ་གཏོང་མགོ་བརྩམས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༣ སྟེ་ཟླ་གཅིག་དང་ཉིན་དགུའི་རྗེས་སུ་དངོས་སུ་ཟླ་བའི་ལྷོ་སྣེ་རུ་བབས་ཐུབ་པ་བྱུང་ཡོད་སྟབས། རྒྱ་གར་ནི་ད་སྔ་བར་ཟླ་བའི་ལྷོ་སྣེ་རུ་བབས་པའི་འཛམ་གླིང་རྒྱལ་ཁབ་ཐོག་མ་དེ་ཆགས་ཀྱི་འདུག་ལ། ཉེ་ལམ་ཨུ་རུ་སུའི་ (Luna-25 craft) ཞེས་པ་ཟླ་བའི་ལྷོ་སྣེ་རུ་འབབ་ཐབས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད་པ་རེད། ད་སྔ་བར་འཛམ་གླིང་རྒྱལ་ཁབ་མང་པོས་ཟླ་བའི་གོ་ལར་ཞིབ་འཇུག་གི་ཆེད། ཟླ་བའི་སྟེང་བསྐྱོད་ཐབས་གང་མང་བྱས་ཡོད་པ་ལས་ད་ལྟ་ཨུ་རུ་སུ་དང་ཨ་རི། རྒྱ་ནག་དང་རྒྱ་གར་བཅས་རྒྱལ་ཁབ་བཞིའི་ཟླ་བའི་སྟེང་བབས་ཐུབ་པ་བྱུང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist