མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟམ་ཆེན་ཞིག་གློ་བུར་དུ་བརྡིབས་ནས་ཉུང་མཐར་མི་གྲངས་ ༢༦ ལྷག་རྐྱེན་འདས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༣/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་བྱང་ཤར་མངའ་སྡེ་མི་རྫོ་རམ་དུ་འཛུགས་སྐྲུན་བྱེད་བཞིན་པའི་མེ་འཁོར་ལྕགས་ལམ་གྱི་ཟམ་ཆེན་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་སྟེ་ཉུང་མཐར་མི་གྲངས་ ༢༦ རྐྱེན་འདས་སུ་ཕྱིན་འདུག

An under-construction railway bridge at Sairang area collapses, near Aizawl , Mizoram Photo: IANS

ཁ་སང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་བྱང་ཤར་མངའ་སྡེ་མི་ཛོ་རམ་ (Mizoram) གྱི་ཨེ་རྫལ་(Aizawl)རྫོང་ཁོངས་ཀྱི་བྷའེ་རཱ་བྷི་ནས་སའེ་རང་བར་གྱི་མེ་འཁོར་ལྕགས་ལམ་(Bhairbi-Sairang line railway )གྱི་ཟམ་ཆེན་དེར་གློ་བུར་དུ་རྡིབ་སྐྱོན་བྱུང་སྟེ། ཉུང་མཐར་མི་གྲངས་ ༢༦ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་མང་པོ་གར་སོང་ཆ་མེད་དང་རྨས་སྐྱོན་ཐེབས་ཡོད་འདུག

དེའི་ཐད་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས། མི་རྫོ་རམ་ནང་ཟམ་པར་རྡིབ་སྐྱོན་ཤོར་བའི་དོན་རྐྱེན་བྱུང་བར་བློ་ཕམ་ཆེན་པོ་བྱུང་བ་དང་། དོན་རྐྱེན་དེའི་ཁྲོད་རྐྱེན་འདས་སུ་ཕྱིན་པ་ཚོའི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་སྐོར་དང་། རྨས་སྐྱོན་ཕོག་པ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་ཡོད་ལ། རྒྱ་གར་གཞུང་ནས་རྐྱེན་འདས་སུ་ཕྱིན་པ་ཚོའི་ནང་མི་གཉེན་ཉེ་ལ་འབུམ་ ༢ རེ་སྤྲོད་རྒྱུ་དང་། རྨས་སྐྱོན་ཕོག་པའི་མི་རེར་སྟོང་ཕྲག་ ༥༠ རེ་སྤྲོད་རྒྱུ་ཡིན་སྐོར་གསུངས་འདུག་ལ། མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་ཛོ་རམ་ཐང་ག་ (Zoramthanga) ལགས་ཀྱིས་ཀྱང་གདུང་སེམས་མཉམ་སྐྱེད་ཡོད་སྐོར་བརྗོད་འདུག

མེ་འཁོར་ལྕགས་ལམ་གྱི་ལས་འཆར་དེ་ནི་ཕྱི་ལོ་ ༢༠༡༥ ཙམ་ལ་མགོ་འཛུགས་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༨ པའི་ནང་མཇུག་བསྡུ་འཆར་ཡོད་ཀྱང་། ལས་ཡུན་ནང་འགྲུབ་མེད་པར་མུ་མཐུད་ནས་འཛུགས་སྐྲུན་བྱེད་བཞིན་པ་ཡིན་འདུག མེ་འཁོར་ལྕགས་ལམ་དེ་མཐར་རྒྱ་གར་དང་འབར་མའི་ས་མཚམས་བར་དུ་སྐྱེལ་བའི་འཆར་གཞི་ཡོད་འདུག་ལ། རྒྱ་གར་དབུས་ལྕགས་ལམ་བཟོ་སྐྲུན་ཁང་གི་བྱང་ཤར་ཁུལ་གྱི་ལྕགས་ལམ་ལྟེ་བ་ཆགས་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་གར་གྱི་གྷུ་ཇ་ར་ཏི་མངའ་སྡེའི་ནང་ཟམ་ཆེན་ཞིག་ལ་རྡིབ་སྐྱོན་བྱུང་སྟེ་མི་གྲངས་ ༡༤༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese