མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མགོན་པོ་སྐྱིད་ལགས་ལ་གཅར་རྡུང་བཏང་སྟེ་འགུལ་སྐྱོད་མི་ཐུབ་པ་ཞིག་བཟོས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཏེ་གཅར་རྡུང་བཏང་ནས་འགུལ་སྐྱོད་མི་ཐུབ་པར་རོ་ལྟར་བཟོས་རྗེས་ཀློད་འདུག

ཨ་ཅག་མགོན་པོ་སྐྱིད་ལགས་ལ་ལྷ་ས་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་འགུལ་སྐྱོད་མི་ཐུབ་པ་བཟོས་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་ཆེས་མཐོའི་ཁྲིམས་ཁང་གི་མདུན་དུ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་སྐབས། རྒྱ་ནག་ཉེན་རྟོག་པ་ཁག་ཅིག་ཡོང་ནས་ཁོང་མོ་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཡོད་པ་དང་། དང་པོ་བཙན་འཁྲིད་བྱེད་སྐབས་བདེ་པོ་ཐང་པོ་ཡིན་ཡང་ཀློད་གྲོལ་ཐོབ་སྐབས་འགུལ་སྐྱོད་མི་ཐུབ་པར་རོ་ལྟ་དང་ལུས་ལ་གཅར་རྡུང་བཏང་བའི་སྔོ་སྨུག་གིས་ཁེངས་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་པས། དེ་སྔ་བརྙན་ཐུང་སོགས་བརྒྱབ་སྟེ་ཁྱབ་སྤེལ་བྱས་ཐུབ་ཡོད་ཀྱང་། དེང་སང་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། བརྙན་ཐུང་བརྒྱག་རྒྱུ་དང་། བརྙན་དང་པར་རིས་སོགས་བརྒྱུད་སྐུལ་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་།

ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཙམ་ནས་བཟུང་ཁོང་མོའི་གཅུང་པོ་བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་དྲང་བདེན་བྱུང་མེད་པ་དང་། ཁོང་མོ་གཅུང་པོ་ལ་ཐུག་ཏུ་འཇུག་དགོས་པའི་རེ་འདུན་བཏོན་ཏེ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་གྲྭ་བཞི་བཙོན་ཁང་སོགས་ཀྱི་མདུན་དུ་ཕྱག་འཚལ་བ་དང་སྐད་འབོད་རྒྱག་པ་སོགས་ཞུ་འབོད་ལས་འགུལ་མཚམས་མ་བཞག་པར་གནང་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་ཁོང་མོས་ཞུ་འབོད་གནང་སྐབས་ཉེན་རྟོག་པ་ཁག་ཅིག་གིས་བཙན་ཁྲིད་བྱས་ཏེ་རང་ཁྱིམ་དུ་བསྐྱལ་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་ལས་འགུལ་སྤེལ་བ་ཡིན་ན་ཁོང་མོ་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་གཉིས་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བསྐྱར་དུ་བཏང་ཡོད་པ་རེད།

བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ལ་ཕྱི་ལོ་ ༢༠༡༠ ལོར་གསང་བའི་ཐོག་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོ་སྟེ་ཁོང་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་དེར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པར་བརྟེན། འདས་ལོའི་ཕྱི་ཟླ་ ༡༠ ཙམ་ནས་བཟུང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་སོགས་ཀྱིས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་རྒོལ་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང་། ཉེན་རྟོག་པས་ཁོང་ཚོར་ཐེངས་མང་འདྲི་རྩད་བྱས་ཏེ་སྡིགས་ར་བསྐུལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist