མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བ་རྣམས་ཀྱི་རྒྱལ་སྤྱིའི་ཉིན་མོ་གཙི་སྲུང་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་གནས་ཉམས་ཞིབ་པ་རྣམས་ཀྱིས་རྒྱ་དམར་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་རང་གི་རྩ་ཁྲིམས་རྩིས་མེད་རྡོག་རོལ་བཏང་སྟེ་ཁྲིམས་མེད་ལུགས་མེད་ཀྱིས་མི་མང་ལ་བཙན་གནོན་དམ་དྲག་བྱེད་བཞིན་ཡོད་སྐོར་བརྗོད་སོང་།

བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བ་རྣམས་ཀྱི་རྒྱལ་སྤྱིའི་ཉིན་མོ་གཙི་སྲུང་གནང་། ༢༠༢༣།༠༨།༣༠ དུས་བབ་ཀྱི་པར།

དེ་རིང་ཞོགས་པ་ཆུ་ཚོད་ ༡༠ ཐོག་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་ཀྱི་རྒྱལ་སྤྱིའི་ཉིན་མོ་གཙི་སྲུང་ཞུས་སོང་། སྐབས་དེར་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་དང་། ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས། ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས། བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་བཅས་ཀྱིས་ཉིན་མོ་དང་འབྲེལ་བའི་གཏམ་བཤད་གནང་ཡོད་ཅིང་། ཚོགས་ཐོག་ཏུ་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སློབ་ཕྲུག་མང་པོས་མཉམ་ཞུགས་བྱས་འདུག

གསར་འགོད་པས་དེ་རིང་གི་ཉིན་མོའི་སྐོར་ལ་བོད་ཀྱི་འགྲོ་བ་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། དེ་རིང་ནི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་ཀྱི་ཉིན་མོ་རེད། འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་བཤད་ན་གར་སོང་ཆ་མེད་དུ་གྱུར་བ་དེ་གནད་འགག་ཆེན་པོ་ཞིག་ཆགས་བསྡད་ཡོད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན་ནག་ཉེས་ཚབས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་དབང་འོག་བོད་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁྲིམས་ཀྱི་བརྒྱུད་རིམ་གང་ཡང་བརྒྱུད་མི་དགོས་པར་འཛིན་བཟུང་བཙན་འཁྲིད་བྱས་ཏེ་གསང་བའི་ཐོག་བཀག་གཉེར་བྱས་ཡོད་པ་མ་ཟད། ཁོང་ཚོའི་གནས་སྟངས་ཐད་ཁྱིམ་མི་ལ་གསལ་ཁ་ཅི་ཡང་མ་བཟོས་པར་མནར་གཅོད་མང་པོ་གཏོང་བཞིན་ཡོད། དེ་ནི་ཁོང་ཚོར་ཁྲིམས་ཀྱི་སྲུང་སྐྱོབ་འོག་ཏུ་མེད་པས་རེད་ལ། རྒྱལ་སྤྱིའི་ཁྲིམས་ཐོག་ནས་རྒྱ་གཞུང་གིས་འཆར་གཞི་ཆེན་པོ་ཡོད་པའི་སྟེང་མིའི་རིགས་ལ་བཟོས་པའི་ནག་ཉེས་ཚབས་ཆེན་རྩི་ཡི་ཡོད་པ་རེད། ང་ཚོས་དེ་རིང་གི་ཉིན་མོར་འདི་དང་བསྟུན་ནས་རྒྱ་གཞུང་འོག་གདུག་རྩུབ་མནར་གཅོད་མྱོང་བཞིན་པའི་མི་ཚང་མར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། ཁོང་རྣམ་པ་རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་བྱས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གང་མགྱོགས་ཀློད་གྲོལ་གཏོང་བ་དགོས་འདུན་གཙོ་བོ་ཡིན་ཞེས་འགྲེལ་བརྗོད་བྱས་བྱུང་།

ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་ཀྱིས། ཕྱི་ལོ་ ༡༩༨༦ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པའི་སྣེ་ཤན་གྱི་ལས་ཀ་བྱས་ཡོད་པ་དང་། ཕྱི་རྒྱལ་བར་བོད་མི་མང་གི་གནས་སྟངས་སྐོར་འགྲེལ་བཤད་བྱས་པའི་གནས་ཚུལ་གྱིས་རྐྱེན་བྱས་ཏེ། ཕྱི་ལོ་ ༡༩༩༣ ལོར་རྒྱ་གཞུང་གིས་ཟླ་བརྒྱད་རིང་འཛིན་བཟུང་བཙོན་བཅུག་བྱས། ངས་རྒྱ་གར་དུ་ལོ་བརྒྱད་རིང་རྒྱ་གར་བ་དང་མཉམ་དུ་ལས་ཀ་བྱས་པ་ཡིན། རྒྱ་གར་དུ་ཁྲིམས་ཡོད་ལ་ཁྲིམས་གཏུགས་བྱེད་སའང་ཡོད་པ་རེད། བོད་ནང་དུ་རྒྱ་ནག་གཞུང་གི་ཁྲིམས་རེད་ཟེར་བ་མ་གཏོགས་ཁོང་ཚོས་ག་རེ་བྱེད་བཞིན་ཡོད་པ་དེ་ཁྲིམས་རེད། རྒྱ་གཞུང་གི་ཁྲིམས་ཟེར་བ་ཐ་སྙད་ཙམ་ཡོད་པ་ལས་ཁྲིམས་གཏུགས་བྱེད་མཁན་སོགས་ལ་ཡ་ལན་སྤྲོད་མཁན་གང་ཡང་མི་འདུག ཡིག་ཐོག་ཏུ་ཁྲིམས་ཡིན་ཟེར་བ་ཞིག་འཁོད་པ་ལས་ཁྲིམས་གཏུགས་སོགས་ཀྱི་འགྲོ་ལུགས་བསྒྲུབ་ཚེ། དེ་ལས་ལྡོག་ཏེ་ཉེས་ཆད་གཅོད་ངེས་ཡིན་སྐོར་བརྗོད་སོང་།

ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ཀྱིས།  བོད་ནང་གི་མཐོ་སློབ་འགྲིམས་བཞིན་པའི་སློབ་གཉེར་བ་རྣམས་ཀྱིས་རྒྱ་ནག་ནང་སློབ་སྦྱོང་བྱེད་བཞིན་ཡོད་ཀྱང་། ང་ཚོས་མི་རིགས་ཀྱི་ངོ་བོ་བརླག་གི་མེད་པར་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་བརྡ་ལན་འབྱོར་ཡོད་པར་བཙན་བྱོལ་སྤྱི་ཚོགས་སུ་བཤད་འདོད་བྱུང་། དེ་བཞིན་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་བརྒྱུད་རིམ་ཕྱི་ལོ་ ༡༩༥༨ ནས་བཙན་རྒོལ་རྒྱལ་སྐྱོབ་འཐབ་རྩོད་དང་། ཕྱི་ལོ་ ༡༩༨༧ མི་རབས་གསར་པའི་འཐབ་རྩོད། ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་གྱི་འཐབ་རྩོད་དུ་བགོ་བྱ་བརྒྱབ་ནས་འགྲེལ་བཤད་བརྒྱབ་ན་བོད་ཀྱི་འཐབ་རྩོད་ནི་རྒྱུན་མཐུད་པའི་འཐབ་རྩོད་ཅིག་ཡིན་པ་གསལ་བོ་ཆགས་པར་ཕན་ངེས་ཡིན་སྐོར་བརྗོད་སོང་།

ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས། ཉག་ཆུ་རྫོང་དུ་སྨན་ཁང་ནང་སྡོད་པའི་སྐབས་ཡིག་ཆ་ཞིག་ལ་བཙན་གྱིས་ས་ཡིག་བརྒྱབ་བཅུག་རྗེས་མགོ་རས་ནག་པོ་གཡོགས་ཏེ་དཀར་མཛེས་ཁུལ་བཙོན་ཁང་དུ་བཙན་འཁྲིད་བྱས་སོང་། བཙོན་ཁང་ནས་འདྲི་གཅོད་བྱེད་བཞིན་གློག་ཆས་ཀྱིས་གདུག་རྩུབ་མནར་གཅོད་བྱས་ཏེ།  ལུས་ཀྱི་ཁྲག་གི་འཁོར་བསྐྱོད་འདམ་བག་བཞིན་ཆགས་ཏེ་དབང་བོས་ལས་ཀ་བྱེད་མི་ཐུབ་པར་གྱུར་པ་མ་ཟད། ཀློད་གྲོལ་གཏོང་བར་ཁྱིམ་ནས་རྒྱ་སྒོར་ཆིག་ཁྲི་བདུན་སྟོང་སྤྲད་བཅུག་ཡོད་ཅིང་།  བཙོན་ཁང་ནས་ཀློད་གྲོལ་བྱས་ཀྱང་མནར་གཅོད་ཀྱི་བརྒྱུད་རིམ་བཤད་མི་ཆོག་པ་དང་། ཁྲིམས་ཁང་དུ་གཏུགས་བཤེར་བྱེད་མི་ཆོག་ལ། ཕྱི་རྒྱལ་ཏུ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་སོང་ཞེས་བརྗོད་སོང་།

བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དང་ཉམས་ཞིབ་པ་དབང་ལྡན་སྐྱབས་ལགས་ཀྱིས། རྒྱ་ནག་དམར་གཞུང་གིས་ཐོག་མར་དམངས་གཙོའི་ཁ་གཡང་འོག་འབྱོར་མེད་གྲལ་རིམ་གྱི་སྟོབས་ཤུགས་སྤྱད་དེ་རྒྱལ་ཁབ་བཙུགས། མའོ་ཡིས་དམངས་སེམས་བསླུ་ཕྱིར་ཐ་ན་དགྲ་བོ་གཏོར་ཕམ་བཏང་རྗེས་མི་རིགས་རང་བཙན་ལ་མོས་ན་ཆོག་ཚུལ་དང་། དེའི་རྗེས་སུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཡིན་པར་བཤད་པ་རེད། རྒྱ་དམར་གཞུང་ལ་དབང་ཆ་ཐོབ་རྗེས་གོང་གི་གནས་སྟངས་ཚང་མ་གཏམ་རྒྱུད་ཅིག་ཏུ་ལྷག་པ་མ་ཟད། དེ་ལས་ལྡོག་སྟེ་སྲིད་དབང་སྒེར་འཛིན་གྱི་ལམ་དུ་ཞུགས་པ་རེད། འདི་ནི་རྒྱ་ནག་གཞུང་དང་རྒྱ་ནག་གི་དཔོན་རིགས་ཚོས་རང་གི་ཁྲིམས་དང་ཁས་ལེན་རང་གིས་རྡོག་རོལ་གཏོང་སྟངས་ཀྱི་རིམ་པ་ཞིག་རེད། དེ་བཞིན་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གཏན་འབེབས་བྱས་པའི་ཡིག་ཆར་ངོས་ལེན་བྱས་ཏེ་མཚན་རྟགས་བརྒྱབ་ཡོད་ཀྱང་། བོད་ནང་དུ་རྒྱ་རྒོལ་བྱེད་མཁན་ཚོ་ཕར་ཞོག བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ལ་དགའ་ཞེན་དོན་གཉེར་བྱེད་མཁན་རྣམས་ཀྱང་བཙན་ཤེད་འོག་གར་སོང་ཆ་མེད་དུ་གྱུར་དང་འགྱུར་བཞིན་ཡོད།  མདོར་ན་རྒྱ་གཞུང་ལ་རྩ་ཁྲིམས་ཡོད་ལ། ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ཡོད་ཀྱང་། ཁོ་ཚོས་རྒྱལ་སྤྱིའི་སྤྱི་ཆིངས་དང་རྒྱ་ནག་གི་རྩ་ཁྲིམས། རང་སྐྱོང་བཅའ་ཁྲིམས་སྲིད་གཞུང་གི་ཁེ་ཕན་དང་ཆབ་སྲིད་ཀྱི་ལག་ཆ་ཁོ་ནར་བེད་ལོག་གཏོང་གི་ཡོད་པ་ལས། མི་མང་གི་ཐོབ་ཐང་ལ་འགན་སྲུང་བྱེད་ཀྱི་མེད་པ་དེ་རེད། དཔེར་ན་བོད་མི་འཛིན་བཟུང་ཁྲིམས་ཆད་ཕོག་མཁན་ཕལ་ཆེ་བ་ཁ་བྲལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་གཏོང་གི་ཡོད་པའི་ཉེས་འཛུགས་རྐྱང་ཆགས་ཡོད་པ་ལྟ་བུ་རེད། ད་དུང་གོ་སྐབས་འདི་བརྒྱུད་ནས་བཙན་བྱོལ་བོད་མི་ཚོར་གསལ་འདེབས་ཞུ་རྒྱུ་ཞིག་ནི། ཉེ་བའི་དུས་ནས་བཙན་བྱོལ་ནང་གི་བོད་མི་ཚོ་རང་འགུལ་ཐོག་རྒྱའི་གནོན་ཤུགས་འོག་ཤོར་གྱི་མེད་ན་བསམ་པའི་དངངས་འཚབ་ཅིག་ཡོང་གི་འདུག མང་པོ་ཞིག་ཕྱིར་བོད་དུ་སྐྱོད་སླད་དང་། ནང་མི་གཉེན་ཉེ་ཚོར་དཀའ་ངལ་སྤྲོད་དོགས། བོད་ནང་དུ་ལས་འགུལ་སྤེལ་མཁན་ཚོར་གནོད་མི་ཡོང་ངམ་བསམ་པའི་རང་འཁུམ་self-censorship གྱི་ཚད་བཀག་འོག བོད་ནང་གི་གནས་ཚུལ་རིགས་ཕྱི་ཕྱོགས་སུ་སྒྲོག་རྒྱུར་བཀག་རྒྱ་ཐེབས་བཞིན་པ་ནི། བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྟེང་སླེབས་པར་འགོག་རྐྱེན་དང་། ང་ཚོ་བཙན་བྱོལ་བ་ཚོའི་འོས་འགན་ལ་འཐུས་ཤོར་འགྲོ་བཞིན་པའི་གནས་བབ་ཅིག་ཆགས་ཡོད་པས། གནད་དོན་འདིའི་ཐད་བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་དུ་བོད་ནས་ཡོང་མཁན་ཚོས་བསྐྱར་དུ་ཐུགས་བསམ་བཞེས་དགོས་པའི་ཛ་དྲག་གི་འགྱུར་པ་ཞིག་རེད། གཞན་འདི་ལྟར་སོང་ན་རྒྱ་གཞུང་གིས་བོད་པའི་སྤྱི་ཚོགས་སུ་གནོན་ཤུགས་སྤྲོད་བཞིན་པ་མངོན་འགྱུར་འབྱུང་བཞིན་ཡོད་པ་གསལ་བོ་ཡིན་པས། བོད་དོན་འཐབ་རྩོད་ཀྱི་ལས་དོན་ཐོག་བོད་མི་ཡོད་དོ་ཅོག་གིས་རྒྱ་ཆེ་ས་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དྷ་རམ་ས་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ། ༠༡།༡༠།༢༠༢༣ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་པར།
Mobile App

བོད་ལ་བཙན་འཛུལ་བྱས་པ་དེ་འཛམ་གླིང་མི་མང་ལ་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering received a warm welcome at the Sao Paulo Legislative Assembly
Mobile App

སྲིད་སྐྱོང་མཆོག་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བཞིའི་ནང་ཕྱོགས་ཕེབས་གནང་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

༢༠༢༣/༡༠/༠༢
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

༢༠༢༣/༡༠/༠༢
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist