མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མཛད།

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྔགས་བགྲང་ན་ཕན་ཐོགས་ཕྲན་བུ་ཡོད་ཀྱང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ན་ཁ་ཡོད་ལག་ཡོད་ཐོག་ཚེ་སྒྲུབ་ཀྱི་མཆོག་དེ་ཡིན་ཞེས་གསུངས་སོང་།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་ཆོས་དབུ་འཛུགས་མཛད། ༢༠༢༣།༠༩།༠༥

དེ་རིང་ཕྱི་ཟླ་ ༩ ཚེས་ ༥ ནས་ཉིན་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་གནང་སོང་བ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་འདིར་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་མཁན་རིས་སུ་མ་ཆད་པའི་ཆོས་པ་ཚོས་སྨོན་ལམ་རྒྱག་བཞིན་ཡོད་པ་རེད། ང་ཚོས་སྨོན་ལམ་རྒྱག་བཞིན་པ་དེ་སྟོན་པ་བཅོམ་ལྡན་འདས་ཀྱི་ལམ་སྟོན་གནང་སྟེ།  ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།། མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།། ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ།།ཞེས་པ་ལྟར། སྟོན་པ་བཅོམ་ལྡན་འདས་རྟག་པ་རང་བྱུང་གི་སྐྱེས་བུ་མ་ཡིན་པ་དང་། རྒྱུ་ཚོགས་མང་པོ་ལ་བསླབ། མཐར་གྲངས་མེད་གསུམ་ཚོགས་བསགས་ནས་མངོན་པར་རྫོགས་པར་སངས་རྒྱས་པ་རེད། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ་ཟེར་བ་བཞིན་རྒྱུ་ཚོགས་གྲངས་མེད་པའི་ཐོག་ནས་འབྲས་བུ་མངོན་དུ་མཛད་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱུ་ཚོགས་མང་པོར་དགོངས་པ་བཞེས་ཏེ་སེམས་སྟེང་གི་དྲི་མ་བག་ཆགས་དང་བཅས་པ་སྦྱངས་པ་རེད། དེ་འདྲའི་ཉམས་མྱོང་གི་ཐོག་ནས་ང་ཚོར་མར་བསྟན་ཏེ། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་བཞིན་འདུལ་བྱ་བློ་རབ་འབྲིང་ཐ་མ་གསུམ་ལ་གང་འདོད་ལྟར་གསུང་གི་འཕྲིན་ལས་རྒྱས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་ཆོས་དད་མེད་མཁན་ཞིག་ཡིན་ཡང་བསླབ་བྱ་བཟང་པོ་དང་། སེམས་རྒྱུད་བཟང་པོ། གཞན་ཕན་བྱེད་པར་གསུང་བསྡད་ཀྱི་ཡོད་པ་རེད། ཆོས་དད་ཡོད་མཁན་ནང་དུའང་འདྲ་མི་འདྲ་ཡོད་བསྡད་དུས། ཁམས་དང་མོས་པར་འཚམ་པའི་གཞན་ཕན་གྱི་བློ་བཟང་པོ་ཞིག་བསྟན་པ་རེད། བློ་མཆོག་ཡིན་ན་བཅོམ་ལྡན་འདས་ཁོང་རང་ཉིད་ཀྱི་ལམ་གང་འདྲ་ཞིག་གི་ཐོག་ནས་ཡར་མངོན་པར་རྫོགས་པར་སངས་རྒྱས་པ་རེད། ང་ཚོའི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་པོ་ཟེར་བ་བཞིན་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་མང་པོ་ཡོད་ཀྱང་། དེ་དག་གི་གཞི་རྩ་གང་ཟག་གི་བདེན་འཛིན་དང་། ཆོས་ཀྱི་བདེན་འཛིན་ཐོག་ནས་ཡོང་གི་ཡོད་དུས། བདག་མེད་ལ་ཏོག་ཙམ་བསམ་བློ་བཏང་ཚེ། བདག་འཛིན་གཉིས་ག་ལེར་ཞི་ཐུབ་པ་ཞིག་རེད། ངོས་རང་ལ་ཆ་བཞག་ན་ཡང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཀྱི་དགེ་སློང་ཞིག་རེད། ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བཞིན་ཡོད། གང་ལྟར་སེམས་ལ་འགྱུར་བ་ཞེ་བོ་འགྲོ་བསྡད་ཀྱི་འདུག ཕྱི་ནང་གི་ཆོས་གང་ཡིན་ཡང་ང་ཚོས་སྣང་ངོར་ཡོད་པར་སྣང་ཡོང་གི་ཡོད་ཀྱང་། སྣང་བ་དེ་གྲུབ་མེད་བསམ་པའི་མིང་རྐྱང་བཏགས་ཡོད་ཙམ་ཟེར་བ་དེ་ཤུགས་ཆེན་པོ་སེམས་ལ་འཁོར་ཐུབ་ཀྱི་འདུག ཅེས་བཀའ་སློབ་བསྩལ་སོང་།

ཡང་༧གོང་ས་མཆོག་ནས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། ། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས༑ ༑ ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཞེས་རྗེ་རིན་པོ་ཆེའི་ཐུགས་སྨོན་གནང་བ་ལྟར། ངོས་རང་ལ་ཆ་བཞག་ནའང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་པ་ཞིག་ཡིན་པས། དབུ་ཚད་ཀྱི་གཞུང་ལ་མང་པོ་བལྟས་ཡོད་པ་རེད་ལ། སངས་རྒྱས་བཅོམ་ལྡན་གྱིས་རིག་པའི་ལམ་ལ་བསམ་བློ་བཏང་ཡོད་པ་དེ་ཞེ་བོ་ཡག་པོ་རེད། དེ་རིང་འདིར་ང་ཚོ་ཆོས་གྲོགས་ཚོ་ཐུག་པ་རེད། དུས་སྙིགས་མ་ཆགས་ཀྱི་ཡོད་ཀྱང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་དུས་སྙིགས་མའི་ནང་དུ་ཕན་ཐོགས་མེད་པ་རྩ་བ་ནས་ཆགས་ཀྱི་མ་རེད། དུས་སྙིགས་མ་ཆགས་ཡོད་དུས་དེ་དག་གི་ནུས་པ་ཆེ་རུ་འགྲོ་རྒྱུ་ཡིན་འདུག བྱས་ཙང་ཚང་མས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉིན་རེ་བཞིན་བསམ་བློ་བཏང་ནས་གནང་ཤོག དེ་ནས་བསྟན་པའི་དགྲ་བོ་དང་། གདོན། དགེགས། ལོག་འདྲེན་ཟེར་བ་ཚང་མར་སྙིང་རྗེ་སྐྱེ་བ་མ་གཏོགས། དེར་འཇིགས་སྣང་སྐྱེ་བ་དང་། དགེགས་ཟློག་གཏོང་བ་སོགས་གང་ཡང་དགོས་ཀྱི་མི་འདུག བདག་ཏུ་སོང་བའི་བདེན་འཛིན་དང་། རང་གཅེས་འཛིན་གྱི་གཞན་དབང་དུ་སོང་བསྡད་པར་མཐའ་གཅིག་ཏུ་བརྩེ་བ་འབའ་ཞིག་སྐྱེ་བ་ལས། དེར་གདོན་དང་། དགེགས། འབྱུང་བོ་ཟེར་ནས་ཕར་སྤྲད་རྒྱུ་ཞིག་རེད་མི་འདུག གང་ལྟར་སངས་རྒྱས་པའི་ཆོས་ནི་ཐམས་ཅད་ལ་བརྩེ་བའི་བློ་སྐྱེ་བ་ཞིག་རེད་ཅེས་བཀའ་སློབ་སྩལ་སོང་།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་ཆོས་དབུ་འཛུགས་མཛད། ༢༠༢༣།༠༩།༠༥

མགོན་པོ་གང་ཉིད་མཆོག་ནས། ངོས་རང་གིས་གང་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་སྒོམ་བཞིན་ཡོད། དེས་སེམས་ལ་ཞེ་བོ་ཕན་ཐོགས་ཡོང་གི་འདུག སེམས་ལ་ཕན་ཐོགས་པའི་ཚོད་ཀྱིས་ལུས་ཀྱི་བདེ་ཐང་ལའང་ཕན་ཐོགས་ཞེ་བོ་འདུག ཚེ་སྒྲུབ་ཟེར་ནས་སྔགས་བགྲང་ན་ཕྲན་བུ་ཕན་ཐོགས་ཀྱི་ཡོད་ཀྱང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ན་ཁ་ཡོད་ལག་ཡོད་ཐོག་ཚེ་སྒྲུབ་ཀྱི་མཆོག་དེ་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ན་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་གཞན་ལ་ཕན་བདེ་ཡོང་ཐུབ་པ་ཞིག་རེད་འདུག ང་ཚོ་ནི་རྣམ་འདྲེན་བཞི་བ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པའི་རྗེས་སུ་ཞུགས་བསྡད་མཁན་ཞིག་རེད། ང་ཚོས་དམིགས་ཡུལ་འཛིན་ས་ནི་སྟོན་པ་བཅོམ་ལྡན་འདས་ནང་བཞིན་བྱེད་ཀྱི་ཡིན་བསམ་པའི་སེམས་ཤུགས་བསྐྱེད་དེ། བྱང་ཆུབ་སེམས་པ་དང་སྟོང་ཉིད་ཀྱི་ལྟ་བར་གང་ཐུབ་ཀྱིས་འབད་བརྩོན་བྱེད་རྒྱུ་དཔེ་གལ་ཆེན་རེད། ཅེས་བཀའ་སློབ་བསྩལ་སོང་།

ཡང་མགོན་པོ་གང་ཉིད་མཆོག་ནས། ངོས་རང་ད་ཅི་འདིར་ཡོང་དུས། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ་ཟེར་གྱི་འདུག ངོས་རང་རྗེ་རིན་པོ་ཆེ་འཁྲུངས་ས་དང་ཐག་ཉེ་བོ་རེད། དུས་རབས་མང་པོ་ཞིག་གི་གོང་དུ་རྗེ་ཙོང་ཁ་བ་འཁྲུངས་བ་རེད། ད་ལྟའི་དུས་རབས་འདིར་ངོས་རང་ལ་རྗེ་ཙོང་ཁ་བའི་དགེ་ཕྲུག་ཟེར་ཆོག་ལ། བློས་ཁེལ་བའི་ཆོས་གྲོགས་ཤིག་ཏུ་ཆགས་བསྡད་ཡོད། ངོས་ཀྱི་སེམས་ནང་དུ་སྤོབས་པ་ཞིག་བྱུང་། ད་ལྟ་བར་དུ་ངོས་ཀྱིས་ཧུར་ཐག་བྱས་ཡོད་ཅིང་། ད་དུང་ལོ་བཅུ་བརྒྱ་ཕྲག་ལྷག་ལ་བསྟན་པའི་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད། རྗེ་རིན་པོ་ཆེའི་དུས་སྐབས་ལ་ཚན་རིག་ཡོད་པ་མ་རེད། ངོས་ཀྱི་དུས་སྐབས་འདིར་ཚན་རིག་ཡར་རྒྱས་ཞེ་བོ་འགྲོ་བསྡད་པ་རེད། ངོས་ཀྱིས་དབུ་མའི་གཞུང་དང་ཚད་མ་རིག་པའི་འགྲོ་སྟངས་སེམས་ཁམས་རིག་པའི་ཐོག་ནས་ཚན་རིག་པ་དང་གྲོགས་པོ་བསྒྲིགས་པ་རེད། ཚན་རིག་པ་མང་པོས་ངོས་རང་ཚན་རིག་པར་མཐོང་གི་ཡོད་པ་རེད། དེང་སང་ཚན་རིག་ལབ་དུས་བདེན་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་རྡུལ་ཕྲ་རབ་ཀྱི་སྐོར་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་དུས། ཚན་རིག་པས་ཀྱང་དགའ་བོ་བྱེད་ཀྱི་འདུག ངོས་རང་རྗེ་རིན་པོ་ཆེའི་འཁྲུངས་ཡུལ་དུ་སྐྱེས་ཏེ། རྗེ་ཙོང་ཁ་བའི་དབུ་ཚད་ཀྱི་གཞུང་རྣམས་སློབ་སྦྱོང་དང་ཉམས་ལེན་བྱས་ཡོད་པ་རེད། རང་ཉིད་ཀྱི་ཉམས་མྱོང་གཞན་བཤད་དུས་ཕན་གྱི་འདུག ཅེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese