མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེར་གཟེངས་བསྟོད་ཕྱག་འཁྱེར་ཕུལ།

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དབྱིན་ཇིའི་རྒྱལ་ས་ལི་ཊོན་གྱི་  (SOAS) གཙུག་ལག་སློབ་གྲྭ་ཆེན་མོས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་གཟེངས་བསྟོད་ཕྱག་འཁྱེར་ཞིག་ཕུལ་ཡོད་འདུག

པར་མཁྱེན་བརྩེ་ཐེབས་རྩ་ཁང་གི་ངོ་དེབ་ལས་བླངས།

དེ་འབྲེལ་མཁྱེན་བརྩེ་ཐེབས་རྩ་ཁང་གི་ངོ་དེབ་སྟེང་། ལི་ཊོན་གྱི་(SOAS)གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཐོན་མཛད་སྒོའི་སྐབས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེར་གཟེངས་བསྟོད་ཕྱག་འཁྱེར་ཕུལ་བར་རྟེན་འབྲེལ་ཞུ། ང་ཚོས་དགའ་འོས་པའི་དུས་སྐབས་འདི་ལ་རོལ་བ་དང་ལྷན་དུ། རིན་པོ་ཆེའི་དགོངས་བཞེད་ལྟར་མཁྱེན་བརྩེ་ཐེབས་རྩ་ཁང་གིས་སངས་རྒྱས་ཀྱི་ཆོས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་མངོན་འགྱུར་ཡོང་བར་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

གཟེངས་བསྟོད་ཕྱག་འཁྱེར་བཞེས་པའི་མཛད་སྒོ་དེའི་སྟེང་རྫོང་སར་རིན་པོ་ཆེ་མཆོག་གིས། ངས་རེ་བ་ཙམ་ལ་ནུབ་ཕྱོགས་པས་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་སློབ་སྦྱོང་ལ་ཡི་རངས་བྱེད་ཆོག་ཨ དེ་ནི་སྟོབས་འབྱོར་གྱི་ཕྱོགས་ཙམ་ནས་མ་ཡིན་པར་དོན་དངོས་ཀྱིས་ཡི་རངས་བྱེད་ཆོག་ཨ། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན། ནུབ་ཕྱོགས་པའི་སློབ་གསོའི་ངོ་བོར་སྙིང་བོ་གཞན་ཞིག་བསྟེར་སྲིད་པ་རེད། ཅེས་བརྗོད་འདུག

ལི་ཊོན་གྱི་ (SOAS)གཙུག་ལག་སློབ་གྲྭ་ཆེན་མོས། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ལགས་ནི་རྒྱལ་སྤྱིའི་ངོས་འཛིན་ལྡན་པའི་ནང་པའི་མཁས་པ་དང་དགེ་རྒན་ཞིག་ཡིན། རིན་པོ་ཆེས་གླིང་ཕྲན་ནས་གླིང་ཕྲན་བརྒྱུད་ནང་པའི་ལྟེ་གནས་ཁང་དང་སྒོམ་སྒྲུབ་ཁང་སོགས་བཙུགས་ཏེ་ནང་ཆོས་འཆད་ཁྲིད་དང་དར་སྤེལ་ཐད་བཞག་པའི་བྱས་རྗེས་ཀྱིས་འགྲོ་བ་མིའི་རིན་ཐང་གོང་མཐོར་དང་མིའི་རིགས་ཀྱི་བསམ་བློ་གོ་ལ་རང་བཞིན་ཅན་དུ་བསྒྱུར་གྱིན་ཡོད། ཁོང་གིས་ད་སྔ་བར་རྒྱལ་སྤྱིའི་བཅོམ་ལྡན་འདས་ལྟེ་གནས་ཁང་དང་མཁྱེན་བརྩེ་ཐེབས་རྩ་ཁང་། དེ་བཞིན་བརྒྱད་ཁྲི་བཞི་སྟོང་ལས་གཞིའི་ཁྲོད་སངས་རྒྱས་ཀྱི་གསུང་ཚང་མ་དབྱིན་བསྒྱུར་བྱེད་བཞིན་པའི་ལས་གཞི་སོགས་ཡོད། རིན་པོ་ཆེའི་དེང་དུས་ནང་བསྟན་ཆོས་བརྒྱུད་ཐད་བཞག་པའི་བྱས་རྗེས་བསམ་གྱི་མི་ཁྱབ་པ་ཡིན་པས། ངེད་ལི་ཊོན་ (SOAS) གཙུག་ལག་སློབ་གྲྭ་ཆེན་མོས་ཁོང་ཉིད་ལ་ཆེ་བསྟོད་ཕྱག་འཁྱེར་ཕུལ་བ་ཡིན་ཞེས་བརྗོད་འདུག

ལི་ཊོན་ (SOAS) གཙུག་ལག་སློབ་གྲྭ་མོའི་གཟེངས་བསྟོད་ཕྱག་འཁྱེར་བཞེས་མཁན་ཁྲོད། གཞན་ཡང་། རྒྱ་གར་གྱི་སྒྱུ་རྩལ་རྩོམ་རིག་ཐོག་འབུམ་རམས་པ་ཨག་ཊར (Javed Akhtar) ལགས་དང་ལི་ཊོན་གྱི་འབུམ་རམས་པ་ (Asma Khan)ལགས། དེ་བཞིན། གཙུག་ལག་སློབ་གྲྭ་ཆེན་མོ་དེའི་སློབ་དཔོན་གེ་ཝིན་ (Kevin Fenton) ལགས་བཅས་ཡོད་པ་རེད།

རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ལགས་ནི། ཕྱི་ལོ་ ༡༩༦༡  ཟླ་ ༧ པའི་ཚེས་ ༦ ཉིན་འབྲུག་རྒྱལ་ཁབ་ཏུ་རྙིང་མ་དང་འབྲུག་པ་བཀའ་བརྒྱུད་སོགས་ཀྱི་ཆོས་བརྒྱུད་སྣ་ཚོགས་འདུས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་ཐོག་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་དང་། ས་སྐྱ་གོང་མ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་གསུམ་གྱིས་ས་སྐྱ་བའི་བླ་མ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྤྲུལ་དུ་ངོས་བཟུང་ཞིང་ཁྲིར་འཁོད། ཁོང་གིས་སངས་རྒྱས་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་མང་པོ་གནང་བའི་ཞོར་དུ་གློག་བརྙན་སྒྱུ་རྩལ་ཐད་ཕྱག་ལེན་གནང་བའི་ཁྲོད། གློག་བརྙན་《སྤྲུལ་སྐུ་ཆུང་ཆུང》(Little Buddha) དང་《ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང》དེ་བཞིན་《ཕོར་བ》སོགས་འཁྲབ་ཁྲིད་མཛད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist