མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་མོ་རོ་ཁོ་ནང་ས་ཡོམ་བྱུང་བར་ཐུགས་གསོ་མཛད།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བྱང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མོ་རོ་ཁོའི་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་གཞུང་མང་གཉིས་ལ་ཐུགས་གསོ་མཛད་འདུག

༧གོང་ས་མཆོག་གིས་མོ་རོ་ཁོའི་གཞུང་མང་གཉིས་ལ་ཐུགས་གསོ་མཛད།
དགའ་ལྡན་ཕོ་བྲང་གི་སྐུ་པར། ༡༡།༠༩།༢༠༢༣

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱང་ཨ་ཧྥེ་རི་ཁ་གླིང་ཆེན་གྱི་མོ་རོ་ཁོ་རྒྱལ་ཁབ་ནང་དུ་ས་ཡོམ་ཚད་རིམ་ ༦།༨ ཅན་ཞིག་བརྒྱབ་སྟེ་གནོད་འཚེ་ཚབས་ཆེན་བྱུང་བར། རྒྱལ་ཁབ་དེའི་སྲིད་བློན་གྱི་ཨ་ཛི་ཨ་ཁན་ནུ་ཆི་( Aziz Akhannouch ) མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་དུ། ངོས་ཀྱིས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཆེན་པོའི་ཁྲོད་དུ་ཚེ་སྲོག་ཤོར་མཁན་དང་། གནོད་འཚེ་ཐེབས་པའི་ཁྱིམ་མི་ཉེ་འབྲེལ་ཡོངས་ལ་སེམས་གསོ་དང་སྐྱབས་འཇུག་ཞུ་བཞིན་ཡོད། ཁྱེད་ཀྱི་སྲིད་གཞུང་གིས་གནོད་འཚེ་ཐེབས་པའི་ས་ཁུལ་དུ་གང་ཅིའི་ཐད་ནས་མྱུར་སྐྱོབ་ཀྱིས་རོགས་རམ་བྱེད་བཞིན་པ་ངོས་ནས་ཤེས་རྟོགས་བྱུང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ས་ཡོམ་གྱི་གནོད་སྐྱོན་ཐེབས་ཁུལ་དུ་རོགས་རམ་བྱེད་བཞིན་པ་ནི་དགའ་སྤོབས་འོས་པ་ཞིག་རེད་འདུག ཐེངས་འདིའི་ས་ཡོམ་གོད་ཆག་ཁྲོད་ཀྱི་མོ་རོ་ཁོའི་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ངོས་ཀྱིས་དགའ་ལྡན་ཕོ་བྲང་གི་ཐེབས་རྩ་བརྒྱུད་ཉེན་སྐྱོབ་དང་ངལ་སེལ་ལས་དོན་ཆེད་ཞལ་འདེབས་འབུལ་དགོས་པའི་སྐུལ་མ་བཏང་ཡོད། ཅེས་གསུངས།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡ །༡༡ ཐོག་བྱང་ཨ་ཧྥེ་རི་ཁ་གླིང་ཆེན་དུ་ཚད་རིམ་ ༦།༨ ཅན་གྱི་ས་ཡོམ་བརྒྱབ་སྟེ།  ད་ལྟའི་བར་དུ་མི་གྲངས་ ༢༡༠༠ ལྷག་རྐྱེན་འདས་སུ་ཕྱིན་པ་དང་། མི་གྲངས་༢༤༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་གྲངས་འབུམ་ ༣ གྱི་སྡོད་ཁང་དང་ལམ་ཁ་སོགས་སུ་གཏོར་བཤིག་ཐེབས་ཏེ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་འདུག ཐེངས་འདིར་ས་ཡོམ་ཐེངས་གཉིས་བརྒྱབ་ཡོད་ཅིང་། ས་ཡོམ་ཐེངས་དང་པོར་ཚད་རིམ་ ༦།༧ དང་རིམ་པ་གཉིས་པར་ཚད་རིམ་ ༤།༩ ཅན་ཞིག་བཅས་བརྒྱབ་འདུག

ཐེངས་འདིའི་ས་འགུལ་ཁྲོད་གནོད་འཚེ་ཐེབས་པའི་ས་ཁུལ་གཙོ་བོ་ནི་བྱང་ཨ་ཧྥེ་རི་ཁའི་རི་བོ་མཐོ་ཤོས་ཐུའུ་བྷེ་ཀཱལ་(Toubkal) དང་། ཨོ་ཁེ་མེ་ཌེན་(Oukaimeden) གཉིས་ཀྱི་འགྲམ་རྒྱུད་ཀྱི་ཨ་ཏི་ལཱ་སི་རི་བོའི་འདབས་འབྲེལ་གྱི་སྤྱི་ལེ་ ༧༠ མཚམས་སུ་ཁེལ་འདུག གནས་དེ་ནི་མོ་རོ་ཁོའི་མི་གྲངས་མང་པོ་འཚོ་གནས་བྱེད་ཡུལ་དང་དཔལ་འབྱོར་གྱི་ལྟེ་གནས་ཤིག་ཡང་ཆགས་ཡོད་འདུག

ཕྱི་ལོ་ ༡༩༠༠ ལོ་ནས་ད་བར་མོ་རོ་ཁོའི་ནང་ས་ཡོམ་ཐེངས་དགུ་ཙམ་བརྒྱབ་ཡོད་ཀྱང་། ད་སྔ་བར་ས་ཡོམ་ཚད་རིམ་ ༦ ཡན་བརྒྱབ་མྱོང་མེད་པས། ད་རེས་ནི་ཕྱི་ལོ་ ༡༩༦༠ རྗེས་ནས་མོ་རོ་ཁོའི་ལོ་རྒྱུས་ནང་ཆེས་ཚབས་ཆེ་བའི་ས་འགུལ་ཞིག་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༦༠ ལོར་མོ་རོ་ཁོའི་གྲོང་ཁྱེར་(Agadir) ནང་ ༥།༨ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས་ ༡༢༠༠༠ ནས་ ༡༥༠༠༠ རྐྱེན་འདས་དང་མི་གྲངས་ ༣༥༠༠༠ ལྷག་གི་འཚོ་གནས་ལ་གནོད་སྐྱོན་བཟོས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འཛམ་གླིང་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist