མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཉི་ཧོང་གི་དགོན་པ་དགུས་བོད་དོན་ཆེད་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་གི་དགོན་པ་དགུས་ཨ་རིའི་གཞུང་ལྟར་ཉི་ཧོང་གཞུང་གིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་སྐོར་ལ་བསྒྲགས་གཏམ་ཞིག་སྤེལ་གལ་ཆེ་བའི་སྐོར་འབོད་སྐུལ་ཞུས་འདུག

ཉི་ཧོང་གི་དགོན་ཁག་དགུ་ཡི་སྐུ་ཚབ་ཀྱིས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་མཇལ་བ། ༢༠༢༣།༠༩།༡༢ དོན་གཅོད་ཀྱི་པར།

ཁ་སང་ཕྱི་ཚེས་ ༡༢ ཉིན་ཉི་ཧོང་གི་དགོན་པ་དགུའི་སྐུ་ཚབ་རྣམས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་བཅར་གྱིས། དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་དབུས་ཚང་མ་ལྷན་འཛོམས་ཐོག རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོང་ཐང་དང་ཆོས་དད་རང་མོས་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་སོགས་ཀྱི་དོན་ཚན་བདུན་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག

འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་ཁ་པར་བརྒྱུད་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་དེའི་སྐོར་བཀའ་འདྲི་བྱས་པར་ཁོང་གིས། ཉི་ཧོང་ལ་མཚོན་ན་ཆོས་ལུགས་ཁག་བཅོ་བརྒྱད་ཙམ་ཡོད། ཐེངས་འདིར་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ་ཛིན་ནང་བསྟན་གྱི་རྗེས་འབྲངས་ཀྱི་དགོན་པ་དགུའི་སྐུ་ཚབ་གྲྭ་པ་ ༦ ཕེབས་བྱུང་། ཁོང་ཚོའི་འགན་འཛིན་གཙོ་བོ་ཧཱ་ཡཱ་ཤི་སིན་སི་(Hayashi Shuei)་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ལ་རྩིས་མེད་རྡོག་རོལ་ཤུགས་ཆེན་གཏོང་བཞིན་ཡོད་པར་སེམས་འཚབ་ཆེན་པོ་བྱུང་སོང་། ང་ཚོའི་ངོས་ནས་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་ནམ་རྒྱུན་བོད་དོན་ཆེད་ལས་འགུལ་སྤེལ་བཞིན་ཡོད་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་ལ། དེ་རིང་ང་ཚོས་བོད་ནང་གི་བོད་མིའི་དཀའ་ངལ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པས་སྤྱན་འབུལ་ཞུ་རྒྱུ་ཡིན་ཞེས་གནང་བྱུང་། དེའི་ཐོག་ཏུ་ཁོང་ནས་རྒྱ་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ཐོག་རྡོག་རོལ་གཏོང་བཞིན་ཡོད་པའི་ཐད། རང་དབང་ལུང་པའི་ནང་དུ་ཡོད་པའི་མི་ཚང་མས་སྐད་འབོད་རྒྱག་དགོས་པ་དང་། སྐད་ཆ་བཤད་དགོས་པ་གལ་ཆེན་པོ་རེད་གསུངས་སོང་། བསྒྲགས་གཏམ་སྤེལ་མཁན་གྱི་དགོན་པ་དེ་དག་ལས་མང་ཆེ་ཤོས་ནི་ཊོག་ཡོ་(Tokyo) དང་། ནཱ་གྷ་ནོ།(Nagano) ཨེ་བྷ་རཱ་གྷི།(Ibaragi) བཅས་ནས་རེད་འདུག

ཉི་ཧོང་གི་དགོན་ཁག་དགུ་ཡིས་མཉམ་དུ་སྤེལ་བའི་བོད་དོན་སྐོར་གྱི་བསྒྲགས་གཏམ། དོན་གཅོད་ཀྱི་པར།

ཁོང་ཚོ་ཚང་མའི་ངོས་ནས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་བྱེད་པའི་ཐོག་རྒྱ་ནག་དམར་པོའི་གཞུང་གིས་ཆོས་ལ་དད་པ་ཁྱོན་ནས་བྱེད་ཀྱི་མེད་ཀྱང་། ཆོས་ལུགས་ཀྱི་བྱ་འགུལ་དང་། དམིགས་བསལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་གྱིས་མཚོན་པའི་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ཐད་ཐེ་གཏོགས་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་།ད་དུང་གདུང་སེམས་མཉམ་བསྐྱེད་གསལ་བོ་མཚོན་ཆེད་དུ། བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་བར་གཟིགས་སྐོར་དུ་ཕེབས་འཆར་ཡོད་སྐོར་གསུངས་བྱུང་།

དོན་གཅོད་ཀྱི་ངོས་ནས་ཁོང་རྣམ་པས་བོད་ཀྱི་ཛ་དྲག་གི་གནས་སྟངས་ཐོག་ཐུགས་འཁུར་ཆེན་པོ་བཞེས་པར་ཐུགས་རྗེ་ཆེ་ཞུས་ཤིང་།  ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་དུ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་རྩ་མེད་བཟོ་བའི་ཆེད་དགོན་སྡེ་ཁག་ཏུ་དམ་དྲག་ཤུགས་ཆེན་བྱེད་པ་དང་། བོད་ཀྱི་བྱིས་པ་རྣམས་བཙན་གྱིས་གཏན་འཇགས་སློབ་གྲྭར་གཏོང་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་ཞུས་ཡོད། སྐབས་དེར་ཉི་ཧོང་བྷུ་ཀོ་དུས་བབ་(Bukkyo Times) གསར་ཁང་གི་གསར་འགོད་པས་བཅར་འདྲི་ཡང་བྱས་སོང་། ཞེས་བརྗོད་བྱུང་།

བསྒྲགས་གཏམ་གྱི་ནང་དོན་སྐོར་ལ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཉི་ཧོང་ཡི་གེའི་ནང་དུ་བྲིས་པའི་བསྒྲགས་གཏམ་དོན་ཚན་བདུན་གྱི་ནང་དུ། གཙོ་བོ་གཅིག་ནི་རྒྱ་ནག་གཞུང་གིས་སོ་སོས་གཏན་འབེབས་བྱས་པའི་རྩ་ཁྲིམས་ངོས་ལེན་བྱེད་ཀྱི་མི་འདུག རྒྱ་ནག་གི་རྩ་ཁྲིམས་ནང་དུ་རང་སྲིད་རང་སྐྱོང་དང་མཉམ་དུ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སོགས་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བཀོད་ཡོད་པ་ལྟར་ཐོབ་ཐང་དེ་དག་ཆ་ཚང་སྤྲོད་དགོས། གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་གསལ་བཤད་བྱ་དགོས་པ་དང་། རྒྱ་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གཞུང་ནས་༧སྐུའི་ཡང་སྲིད་ངོས་འཛིན་སྐོར་ལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་བཞིན། ཉི་ཧོང་གཞུང་ནས་ཀྱང་༧སྐུའི་ཡང་སྲིད་ངོས་འཛིན་བསྒྲགས་གཏམ་སྤེལ་གལ་ཆེ་སྐོར་འབོད་སྐུལ་ཞུས་པ་དེ་ཞེ་དྲགས་ཡག་པོ་བྱུང་ཡོད་སྐོར་དང་།  ཉི་ཧོང་ལ་མཚོན་ན་སོ་ཏོ་ཤུ་(Sotoshu) ཆོས་ལུགས་ཀྱི་དགོན་པ་མང་པོ་ཡོད་སྟབས། ད་ལན་གྱི་ལས་འགུལ་བརྒྱུད་ནས་དགོན་པ་གཞན་ལའང་སེམས་ཤུགས་སྐྱེ་བར་ཕན་སྲིད་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist