མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་ར་ཛི་ཡ་(Uzra Zeya) མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་གི་ཉན་ཞིབ་ཐོག་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་འཕྲལ་དུ་མཚམས་འཇོག་བྱེད་པར་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚང་མས་ནུས་པ་གཅིག་ཏུ་སྤུང་དགོས་སྐོར་གསུངས་འདུག

Under Secretary Zeya’s Remarks at a Congressional-Executive Commission on China Hearing on China’s Global Transnational Repression Campaign. Screenshot . 15/9/23

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་ར་ཛི་ཡ་ (Uzra Zeya) མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་(Congressional Executive Commmission on china ) གི་ཉན་ཞིབ་ཚོགས་འདུའི་ཐོག  རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་གཙོས། ཡུ་གུར། གྲངས་ཉུང་མི་རིགས་རྣམས་ལ་བཙན་གནོན་ཚད་ལས་འདས་པ་བྱེད་མུས་སྐོར་གསུངས་ཏེ། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

དེའི་ཐད་ལྕམ་སྐུ་ཨ་ཛི་ར་ཛི་ཡ་མཆོག་གིས། སྤྱིར་འཛམ་གླིང་ཁྱོན་ཡོངས་སུ་རྒྱལ་མཚམས་ལས་བརྒལ་ནས་འགྲོ་བ་མིའི་ཐོབ་ཐང་གི་ཐད་ལ་དྲག་གནོན་བྱེད་ཀྱིན་ཡོད་ཀྱང་། རྒྱ་ནག་དམར་ཤོག་སྲིད་གཞུང་གི་དཔོན་རིགས་ཚོས་ཚད་ལས་འདས་པའི་དྲག་གནོན་བྱེད་ཀྱིན་ཡོད། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་བོད་དང་ཡུ་གུར། གྲངས་ཉུང་མི་རིགས་ཁག་གི་ཆོས་པ། ཧོང་ཀོང་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་གི་ཆེད་རྒྱལ་ཁབ་གཞན་དུ་གནས་སྤོས་པའི་རྒྱ་རིགས་དང་མི་རིགས་གཞན་རྣམས་ལའང་ཚད་ལས་འདས་པའི་སུན་གཙེར་དང་དྲག་གནོན་བྱེད་ཀྱི་ཡོད་སྐོར་སོགས་གསུངས་འདུག

ལྕམ་སྐུ་མཆོག་གིས། རྒྱ་ནག་གཞུང་གིས་དྲ་ལམ་ནས་དྲག་གནོན་དང་འབྲེལ་ཡོད་ནང་མི་སོགས་བཙོན་འཇུག་བྱས་པ་ཚུད་པའི་ཐབས་ལམ་སྣ་ཚོགས་སྤྱད་ནས་དྲག་གནོན་བྱས་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་སྒྲིག་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དག་ལའང་གནོན་ཤུགས་སྤྲད་ནས་རྒྱ་ནག་སྲིད་གཞུང་གིས་ཉེས་མེད་ནག་ཉེས་གཡོགས་པའི་མི་རྣམས་བཙན་གྱིས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་འཇུག་གི་ཡོད་སྐོར་དང་། ཨ་རིས་རྒྱ་ནག་གཞུང་གི་རྒྱལ་མཚམས་ལ་བརྒལ་པའི་གནོན་ཤུགས་དང་དྲག་གནོན་དེ་དག་མཚམས་འཇོག་དང་སྣང་མེད་དུ་འཇོག་མི་ཉན། དེ་ནི་ཨ་རིའི་བདག་དབང་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་ལ། དེས་ཨ་རིའི་མི་སེར་དང་ཨ་རིར་གནས་སྡོད་བྱེད་མཁན་མི་མང་ཚུད་པའི་འཛམ་གླིང་ས་ཕྱོགས་གང་སར་ཤུགས་རྐྱེན་སྤྲོད་ངེས་ཡིན་སྐོར་སོགས་གསུངས་འདུག

ཡང་ཁོང་མོས། ང་ཚོས་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་མུས་ཡིན་པ་རྩ་ནས་ངོས་ལེན་བྱེད་ཐབས་བྲལ་བའི་ཁར། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་དེ་དག་མཚམས་འཇོག་བྱ་དགོས་ཤིང་། སླད་མར་ཡང་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་པར་མུ་མཐུད་ནས་ལྟ་ཞིབ་དང་ཁུ་སིམ་མེར་བསྡད་རྒྱུ་མིན་ལ། ཨ་རིའི་གཞུང་གཙོས་གནད་ཡོད་མི་སྣ་ཚོས་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་མུས་ཡིན་པར་གདོང་ལེན་དང་ཁ་གཏད་དུ་ལང་དགོས་པ་མ་ཟད། རྒྱ་ནག་གཞུང་གི་བཙོན་འོག་ནས་དཀའ་སྡུག་མྱངས་པའི་མི་རྣམས་ཀྱི་ལོ་རྒྱུས་སོགས་ལ་ལྟ་ཞིབ་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་ (Freedom house ) པས། ཕྱི་ལོ་ ༢༠༢༣  ལོའི་འཛམ་གླིང་གི་རང་དབང་ (Freedom in the world 2023) ཞེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་།  འདས་པའི་ལོ་གཅིག་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ཁུལ་ ༢༡༠ ཡི་སྤྱི་དམངས་རང་དབང་དང་། ཆབ་སྲིད་ཁེ་དབང་གི་གནས་སྟངས་སོགས་ཀྱི་ཐད་ཉམས་ཞིབ་བྱས་ཏེ། རང་དབང་ལྡན་པའི་རྒྱལ་ཁབ་དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ། རང་དབང་མི་ལྡན་པའི་རྒྱལ་ཁབ་བཅས་རིམ་པ་གསུམ་དུ་དབྱེ་བ་ཕྱེ་ཡོད་པའི་ཁྲོད། བོད་ནང་གི་ཆབ་སྲིད་ཀྱི་ཐོབ་ཐང་དེ་གོར་ཐིག་འོག་གི་  ༢ ལ་ཟགས་ནས་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད་པའི་སྙན་ཐོ་བཏོན་འདུག་ལ། ལྷག་པར་འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས། བོད་མི་དང་ཡུ་གུར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ལ་གནོན་ཤུགས་སྤྲོད་མུས་ཡིན་པ་བཅས་ཐེར་འདོན་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Chinese Premier Li Qiang, right, is greeted by Ireland's Prime Minister Leo Varadkar at Farmleigh House on Wednesday, Jan. 17, 2024.Photo:INDEPENDENT
Mobile App

ཨེ་རི་ལེན་ཌིའི་སྲིད་བློན་གྱིས་རྒྱ་ནག་གི་སྲིད་བློན་ལི་ཆང་ལ་བོད་དོན་གླེང་སློང་གནང་འདུག 

༢༠༢༤/༠༡/༡༨
Chinese President Xi Jinping and US President Joe Biden take a walk after their talks at the Filoli estate in the US state of California on US local time November 15, 2023. Photo: Xinhua
Mobile App

ཨ་རིའི་སྲིད་འཛིན་མཆོག་གིས་ཞི་ཅིན་ཕིང་ལ་བོད་དོན་གླེང་སློང་གནང་ཡོད་འདུག 

༢༠༢༣/༡༡/༡༧
ཨ་རིའི་རང་དབང་ཁང་པའི་དྲ་ངོས་ནས་བླངས། 
Mobile App

བོད་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་ཆགས།

༢༠༢༣/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese