མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་གཞི་རིམ་མི་མང་རེ་འབོད་ཚོགས་པ་དང་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་གཉིས་ནས་གྲོས་ཚོགས་ལ་ཞུ་འབོད་ལས་འགུལ་སྤེལ་སོང་།

གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།

དེ་རིང་ཆར་བ་སིམ་སིམ་ཞིག་འབབ་བཞིན་པ་དང་བསྟུན། སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་རྭ་བའི་ནང་ཉིན་གྲངས་དགུའི་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་བ་དང་། ཚོགས་དུས་དྲུག་པའི་སྟེང་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང་རྡོ་རྗེ་ཚེ་བརྟན་ལགས་གཉིས་ལས་ཉིན་དང་པོའི་སྐབས་མཉམ་ཞུགས་གནང་ཐུབ་མེད་པ་དང་། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་ལགས་ཚོགས་ཐུན་ཧྲིལ་པོའི་རིང་དགོངས་པ་ཞུས་ཡོད་འདུག་ལ། བོད་མི་མང་སྤྱི་ཟུར་ཚུལ་ཁྲིམས་བསྟན་འཛིན་ལགས་འདས་གྲོངས་སུ་ཕྱིན་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གཅིག་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བདུན་གྱི་སྐོར་ལ་གླེང་མོལ་གནང་བཞིན་པ་རེད་འདུག

ཡང་གྲོས་ཚོགས་དང་ཐག་ཉེ་བའི་གངས་སྐྱིད་ལག་སྤོལ་རྩེད་ཐང་དུ་རྒྱ་བལ་གཉིས་དང་ཨ་རི། ཡུ་རོབ་སོགས་ནས་ཕེབས་པའི་གཞི་རིམ་མི་མང་ལྔ་བརྒྱ་ཙམ་གྱིས། མང་གཙོའི་ཀ་བ་གསུམ་གྱི་ལྗིད་མཉམ་སྟངས་འཛིན་དང་འབྲེལ། ད་ལྟའི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཡོང་སླད་ཞི་འབོད་ལས་འགུལ་སྤེལ་གྱིན་འདུག་པ་དང་། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་སྤྱི་འཐུས་རྣམས་ལ། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ཁྱབ་ཁོངས་སུ་ཆོས་བརྒྱུད་སྤྱི་མཚུངས་བཞིན་ཐོབ་ཐང་འདྲ་མཉམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཡིག་ཕུལ་གྱིན་འདུག

དེ་བཞིན། དེ་རིང་སྔ་དྲོར་གསར་འགོད་པ་རྣམས་གྲོས་ཚོགས་ཀྱི་ནང་དུ་བསྐྱོད་པར་འགག་སྲུང་ནན་མོ་བྱེད་བཞིན་པ་མ་ཟད། སྙན་ཞུ་ཕུལ་བ་བཞིན་ཚོགས་དྲུང་ལས་ཁུངས་ནས་ཟུར་ཉན་ལག་འཁྱེར་ཞིག་གནང་བའི་ནང་། གསར་འགྱུར་བརྒྱུད་ལམ་ཁག་གི་ཟུར་ཉན་པས་བརྙན་པར་འདེབས་རྒྱུ་དང་། སྒྲ་འཇུག་བཅས་བྱ་དགོས་ཚེ་ཚོགས་གཙོའི་བཀའ་འཁྲོལ་ཞུ་ཐོབ་དགོས་ཞེས་བྲིས་འདུག་ལ། ཚོགས་དྲུང་ལས་ཁུངས་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་བཀའ་ཕེབས་པ་ཞིག་ཕྱི་དྲིལ་ལས་ཁུངས་བརྒྱུད་གསར་འགོད་པ་རྣམས་ལ་འབྱོར་བའི་བརྡ་ཐོ་ཞིག་གི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦  པའི་སྐབས་གསར་འགོད་པ་དང་ཟུར་ཉན་རྣམས་སྒྲིག་གསལ་བཞིན་གྲོས་ཚོགས་སུ་བཅར་ཆོག ཡིན་ནའང་གྲོས་ཚོགས་ནང་བརྙན་ལེན་པར་ཆས་རིགས་བསྣམ་མི་དགོས་པར། སྔར་ལྟར་པར་དང་བརྙན་ཐུང་ཁག་བོད་ཀྱི་སྒྲ་བརྙན་ཚན་པས་བརྒྱབ་པའི་པར་དང་བརྙན་ཐུང་ནས་ལེན་བེད་གནང་ཞེས་བཀའ་ཕེབས་སོང་བ་དེ་དོན་དགོངས་འཇགས་ཞུ། ཞེས་གསལ་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་གསུང་བཤད་གནང་སྐབས། ང་ཚོས་ལས་དོན་གང་དང་གང་བརྩམས་ཀྱང་། སྡེ་ཚན་ཁག་གསུམ་དུ་བསམ་བློ་གཏོང་དགོས་ཏེ། གཅིག་ནི་བོད་ནང་གི་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་དང་།  གཉིས་པ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས། གསུམ་པ་རྒྱལ་སྤྱིའི་སྡེ་ཚན་ཁག་ཏུ་བོད་དོན་ལས་དོན་བྱེད་ཕྱོགས་ཐད་གོ་སྐབས་འཛིན་སྟངས་རེད། གནད་འགག་འདི་གསུམ་ལ་བརྟེན་ནས་བོད་དོན་ལས་འགུལ་བྱེད་ཕྱོགས་གལ་ཆེན་དུ་མཐོང་གི་ཡོད། བོད་ནང་དུ་ཡ་ང་བའི་གནས་སྟངས་ཆགས་ཡོད་པ་བཞིན་དུ། ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། འགྲོ་འདུག་སྤྱོད་གསུམ་ཐོག་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་ལ། རྩོམ་པ་པོ་དང་ཤེས་ཡོན་ཅན་གྱི་གནད་ཡོད་མི་སྣ་མང་པོ་མ་ཉེས་ཁ་གཡོགས་ཀྱིས་བཙོན་འཇུག་མནར་གཅོད་ཀྱི་དཀའ་ངལ་མང་པོ་ཡོང་བཞིན་ཡོད་ཅིང་། གནད་དོན་འདི་དག་རྒྱ་ནག་གཞུང་གི་སྲིད་ཇུས་འཛིན་སྟངས་དང་། ས་གནས་ཀྱི་དཔོན་རིགས་ཁག་གིས་སྟངས་འཛིན་བྱེད་སྟངས་དང་འབྲེལ་བ་ཡོད་པ་ཞིག་རེད། རྒྱ་གཞུང་གིས་དོན་དངོས་ཐོག་བོད་ནང་གི་གནས་སྟངས་ལ་ལྟ་རྒྱུ་གལ་ཆེན་པོ་ཆགས་ཡོད་ཀྱང་། བོད་དོན་ཟུར་དུ་བཞག་ནས་རྒྱལ་སྤྱིའི་ཐོག་འདྲ་མཉམ་གླེང་བཞིན་པ་ནོར་འཁྲུལ་ཆེན་པོ་ཡིན་པ་མ་ཟད། བོད་ནང་གི་བོད་མིའི་མངོན་འདོད་སྦས་སྐོང་བྱས་ཏེ་དྲིལ་བསྒྲགས་བྱེད་བཞིན་པ་རྒྱལ་སྤྱིའི་ཐོག་ནས་ཤེས་རྟོགས་བྱུང་ཡོད་པ་དང་། ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་འཛིན་ལས་ཡུན་གསུམ་པ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་ནང་ཁུལ་གྱི་དཔོན་རིགས་མང་པོའི་གནས་ཚུལ་ཕྱི་གསལ་ནང་གསལ་མིན་པའི་གནས་སྟངས་ཆགས་ཡོད་ཅེས་གསུངས་སོང་།

ཡང་ཁོང་གིས། གྲོས་ཚོགས་ནང་གི་ལས་རིམ་དང་སྤྱི་ཚོགས་ནང་གི་གླེང་སློང་ལ་བགྲོ་གླེང་བྱེད་སྐབས། སྤྱི་འཐུས་རྣམས་ཀྱིས་ཚིག་རྩུབ་དང་། ཟུར་ཟ། ང་རྒྱལ་སོགས་ཀྱི་རྣམ་པ་མི་འབྱུང་བར་བྱ་རྒྱུ་གལ་ཆེན་པོ་ཞེ་བོ་རེད།  རྒྱུ་མཚན་ཡོད་ཚེ་ཅི་ཡང་བཤད་ཆོག་པའི་གོ་སྐབས་ཡོད་ཀྱང་། རྒྱུ་མཚན་མེད་ཚེ་གྲོས་ཚོགས་ནང་དུ་ཕན་ཚུན་བར་དུ་ཟུར་ཟ་བྱས་བསྡད་ན་གྲོས་ཚོགས་ཀྱི་ཆེ་མཐོང་དང་། ང་ཚོའི་རིག་གཞུང་ཉམས་ཆག་འགྲོ་བཞིན་འདུག  གྲོས་ཚོགས་ནི་བཙན་བྱོལ་བོད་མིའི་མིག་དཔེ་ལྟ་བུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གྲོས་ཚོགས་ལ་དོ་སྣང་བྱེད་མཁན་བོད་མི་གཅིག་པོ་མ་རེད། ང་ཚོ་དང་འབྲེལ་བ་ཡོད་མིན་གཉིས་ཀྱིས་དོ་སྣང་བྱས་བསྡད་ཡོད་པ་རེད། ང་ཚོའི་ཞུ་གཏུགས་ལས་འགུལ་སྐབས་སུ་དོ་སྣང་བྱེད་མཁན་མང་པོས་ཚུར་བཤད་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་རེད། ང་ཚོའི་གནས་སྟངས་དོ་སྣང་བྱེད་མཁན་རྣམས་ལ་ཐུགས་སྨོན་སོས་པ་ཞིག་ཞུ་ཐུབ་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ཤོག་ཁག་འཐེན་འཁྱེར་བྱས་བསྡད་པ་ཡིན་ན་ཡག་པོ་ཁྱོན་ནས་མ་རེད། བར་སྐབས་ཤིག་ནས་ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་ཡོང་བསྡད་ཀྱི་འདུག ང་ཚོར་མིའི་ལུང་པར་དཔལ་འབྱོར་དང་། མི་འབོར་གྱི་གནས་བབ་ཅི་ཡང་ཡོད་པ་མ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་དུ་གནས་བསྡད་ཡོད་པ་རེད།༧མགོན་པོ་གང་ཉིད་ཀྱི་དགོངས་གཞི་བསྒྲུབ་པ་ཡིན་ན་བོད་ཆོལ་ཁ་གསུམ་ཤི་ན་མཉམ་ཤི་ཡིན་དགོས་རེད་མ་གཏོགས། དེ་ལ་ཆ་བགོས་བྱས་བསྡད་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད། མཚམས་མཚམས་སུ་སོ་སོའི་འདོད་པ་མ་ཁེངས་པ་ཡོད་སྲིད་ཀྱང་། དེ་ཡང་ཕན་ཚུན་བསམ་ཤེས་བྱེད་ཆོག་པ་ཞིག་རེད།  ང་ཚོའི་རིག་གཞུང་ལ་བསམ་བློ་བཏང་ནས་སྤྱི་ཚོགས་གནས་བབ་གོང་མཐོར་གཏོང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་མང་པོས་སེམས་འཚབ་བྱེད་ཀྱི་འདུག ང་ཚོའི་གནས་བབ་སོར་ཆུད་དང་སྔར་ལས་ལྷག་པ་ཡོང་དགོས་པ་གལ་ཆེན་པོ་རེད། དེ་བཞིན་སྤྱི་ཚོགས་ནང་དུ་གྲོས་ཚོགས་ཀྱི་བརྙན་བཅད་གཏུབ་ཀྱིས་སོ་སོའི་འདོད་པ་བཞིན་དྲ་ཚོམས་སུ་བསྐུར་པ་དང་ཁ་ངན་བཤད་པ་སོགས་བྱུང་གི་ཡོད་པ་རྩ་བ་ཉིད་ནས་མ་གནངས་རོགས་ཞེས་གསུངས་སོང་།

 

གསར་འགོད་པ། བྱམས་པ་ཚེ་རིང་དང་སྐལ་བཟང་སྦྱིན་པ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་ ༦ སྤྱི་མོས་གཏན་འབེབ་གནང་སོང་།

༢༠༢༣/༠༣/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese