མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་གཏན་འབེབས་གནང་། 

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་བདུན་ལ་སྤྱི་མོས་གཏན་འབེབས་བྱུང་། 

པར་འགྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དང་པོའི་ཚོགས་དུས་དང་པོའི་སྐབས།  ༢༠༢༣། ༩། ༡༩ སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་དེབ་ནས་བླངས།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་ཚོགས་དུས་གཉིས་པའི་སྟེང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་བདུན་ལ་སྤྱི་མོས་གཏན་འབེབས་བྱུང་བ་དང་བསྟུན། ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་གཞུང་འབྲེལ་བགྲོ་གླེང་དབུ་འཛུགས་ཞུས་སོང་། 

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བདེ་སྲུང་ལས་ཁུངས་བརྒྱུད་ནས་བཀའ་ཤག་གིས་བོད་ནང་ཛ་དྲག་གི་གནས་སྟངས་ལ་གང་ཤེས་ཤེས་དང་གང་ཐུབ་ཐུབ་ཀྱིས་རྟོགས་ཞིབ་བྱེད་ཀྱི་ཡོད། དེ་དག་སྲིད་ཇུས་ཉམས་ཞིབ་ཁང་གིས་དཔྱད་ཞིབ་དང་། ཕྱི་དྲིལ་ལས་ཁུངས་བརྒྱུད་ནས་འཛམ་གླིང་ལ་ཁྱབ་བསྒྲགས་བྱ་རྒྱུ་དེ་རེད། ལས་འགན་འདི་དག་བཀའ་ཤག་གི་ནུས་པ་གཞིར་བཟུང་གནས་ཚུལ་འཚོལ་སྒྲུབ་དང་། དཔྱད་ཞིབ་བྱ་དགོས་པ་བྱས་ཏེ། སྐབས་ག་དུས་ག་རེ་བྱ་དགོས་མིན་བལྟས་དང་ལྟ་བཞིན་པ་ཡིན། བཀའ་ཤག་གིས་བོད་ནང་གི་གནས་ཚུལ་དེ་དག་འཛམ་གླིང་གི་ལས་ཁུངས་སོ་སོ་དང་། མི་སྣ་སོ་སོར་མཁོ་སྤྲོད་བྱེད་བསྡད་ཡོད། སྤྱི་འཐུས་རྒྱུན་ལས་ཀྱིས་བསྣམས་ཕེབས་པའི་ཡིག་ཆའི་མགོ་ནས་མཇུག་བར་རྒྱ་ནག་གཞུང་གིས་བོད་ནང་དུ་སྲིད་ཇུས་དང་སྲིད་ཇུས་དེ་དག་གི་འོག་ནས། བོད་ཀྱི་སྣོད་བཅུད་གཉིས་ཀ་གཏོར་བཤིག་དང་མེད་པ་བཟོ་ཡི་ཡོད་པ་ཞིག་གསལ་པོ་ཞིག་བཀོད་འདུག་པས། དེ་དག་རེ་རེ་བྱས་ནས་ཞུ་མི་དགོས་པར་བྱོས། ཕྱོགས་ཡོངས་ནས་བཤད་ན། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་དམ་དྲག་དང་གཅིག་གིས་གཅིག་ལ་སོ་ལྟ་བྱ་རུ་བཅུག་ནས། བོད་ནང་གི་བོད་མི་ཚོས་ཆབ་སྲིད་ཀྱི་ལས་འགུལ་གང་ཡང་སྤེལ་ཡ་མེད་པའི་གནས་བབ་ཅིག་གྱུར་ཡོད་པ་འདི། འཛམ་གླིང་གིས་ཤེས་དགོས་པ་འདི་ང་ཚོས་(བཀག་ཤག)འགྲེལ་བཤད་ཞུས་དང་ཞུ་མུས་ཡིན། ཉེ་བའི་ཆར་བོད་ནང་གི་གནས་ཚུལ་གོ་ཡ་མི་འདུག་ཟེར་བའི་དྲི་བ་མང་པོ་ཞིག་བསླེབས་བསྡད་ཡོད་རེད། དེར་བརྟེན་ང་ཚོ་ག་བར་ཕྱིན་ནའང་བོད་ནང་དུ་ཆབ་སྲིད་ཀྱི་ཁོར་ཡུག་མེད་པ། ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་ཡིན་ན། སོ་སོ་ཙམ་དུ་མ་ཡིན་པར་མིང་སྲིང་ཉེ་འབྲེལ་ཚང་མར་དཀའ་ངལ་འཕྲད་ཀྱིན་ཡོད་པ་དེ་དག་ཀྱང་། དེང་གི་བཅོས་པའི་འཕྲུལ་རིག་བེད་སྤྱད་བྱས་ནས་རིགས་རྫས་བརྟག་ཞིབ་དང་། མིག་ལྕིབས་ཀྱི་གཤེར་པར་བླངས་ཏེ་བེད་སྤྱོད་གང་འདྲ་གཏོང་གིན་ཡོད་མེད་དང་། དེ་བཞིན་རིགས་རྫས་ཀྱི་ཐད་ནས་མི་ཞིག་གི་རིགས་རྫས་བླངས་ཚར་བའི་རྗེས་ལ་མི་གཅིག་གིས་ཆབ་སྲིད་ཀྱི་ལས་འགུལ་ཞིག་སྤེལ་བ་ཡིན་ན། དེའི་ཉེ་འབྲེལ་དག་རིགས་རྫས་བརྒྱུད་ནས་ཤེས་ཀྱི་ཡོད་ཙང་། ཁོང་ཅག་གི་ཉེ་ས་རྣམས་ལ་དོགས་གཞི་རིམ་པ་དང་པོར་རྩིས་པའི་ཐོག་ནས། འཛིན་བཟུང་བཙན་ཁྲིད་དང་། གནད་དོན་དེ་དག་ཆེད་རྒྱ་ནག་གཞུང་གིས་བོད་མིའི་རིགས་རྫས་བེད་སྤྱོད་གཏོང་གི་ཡོད་པ་དག་གཅིག་གཅིག་གཉིས་གཉིས་འགྲེལ་བཤད་ཞུ་ཡི་ཡོད། ཅེས་གསུངས་སོང་། 

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དྲ་བརྙན་ཚན་པའི་ཐད་གཏོང་ལས་བླངས། ༢༠༢༣། ༩ ། ༢༠

སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་ཐོག་ནས་བོད་ནང་གི་དགོན་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་གྱི་གྲངས་ཚད་ཉུང་དུ་འགྲོ་མུས་ཡིན་པ་བཤད་མི་དགོས་པའི་ཁར། དགོན་པའི་ལས་དོན་སྟངས་འཛིན། དགོན་སྡེ་ཁག་གི་བསླབ་གཞི་བསྐྱར་བཅོས། དགོན་པ་ནང་སོ་ལྟ་བྱ་ཆེད་འཕྲུལ་རིག་གསར་འཛུགས་དང་། གྲྭ་བཙུན་གྱི་འགྲོ་འོང་ལ་དཀའ་ངལ། དེ་བཞིན་སྤྲུལ་སྐུ་ངོས་འཛིན་སོགས་ཀྱི་སྐོར་རྒྱལ་སྤྱིའི་ནང་ཞུས་མུས་ཡིན། དེ་བཞིན་རྒྱ་ནག་གཞུང་གིས་དེང་གི་ཆར་བོད་ནང་གི་དགོན་སྡེ་ཁག་ལ་ཆེད་དམིགས་བྱས་ནས། བོད་ནང་གི་དགོན་སྡེ་ཁག་ལ་ཆོས་དོན་དང་འབྲེལ་བའི་ཐོག་ནས་སྲོལ་ཡིག་དང་བཅའ་ཡིག་མང་པོ་ཞིག་ལ་འགྱུར་བ་གཏོང་མུས་ཡིན་པ་རེད། ཕྱོོགས་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་ཆོས་དང་འབྲེལ་བ་ཡོད་པ་དང་། སྐད་ཡིག་དང་འབྲེལ་བ། མི་རིགས་ཀྱི་ངོ་བོ་གང་དང་འབྲེལ་བའི་ཁྲིམས་ཡིག་བསྐྱར་བཅོས་དང་། གསར་གསོ་བྱེད་ཀྱི་ཡོད་ནའང་འདྲ། ད་ལྟའི་རྒྱ་ནག་གཞུང་གི་འོག་ལ་གུ་ཡངས་བའི་བསམ་བློ་མེད་པ་དང་། རྒྱ་ནག་ཁྱོན་ཡོངས་དང་ལྷག་པར་བོད་ནང་གི་ས་ཁུལ་ནང་དམ་དྲག་ཆེ་རུ་འགྲོ་ཡི་ཡོད་པ་དང་། ཤེས་ཡོན་གྱི་ཐོག་ནས་བོད་པའི་ཕྲུ་གུ་རྣམས་ཤེས་ཡོན་དགོས་པ་དང་། ཤེས་ཡོན་སློབ་གསོ་ལ་ང་ཚོས་དགག་པ་རྒྱག་གི་མེད་ཅེས་རྒྱལ་སྤྱིར་ཞུ་ཡི་ཡོད་ཀྱང་། ཤེས་ཡོན་སློབ་གསོའི་ནང་དོན་ཆ་ཚང་ཞིག་བོད་མི་རིགས་ཆ་ཚང་རྒྱ་མི་རིགས་ལ་བསྒྱུར་རྒྱུར་དགག་པ་མཐའ་གཅིག་ཏུ་ཡོད་ཅེས་ཞུ་ཡི་ཡོད། དེ་བརྟེན་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་། ཆོས་ཕྱོགས་ཀྱི་གནས་སྟངས། སྤྱི་ཚོགས་ཀྱི་གནས་སྟངས། ཁོར་ཡུག་གི་གནས་བབ་ཐོག་འཛིན་སྐྱོང་གིས་རྒྱལ་སྤྱིར་ཞུ་བསྡད་ཀྱི་ཡོད། ཅེས་གསུངས་སོང་། 

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཁྲོད། བོད་ས་ཤོར་ནས་ད་བར་རྒྱ་ནག་དམར་གཞུང་གི་བཙན་གནོན་དང་སྡུག་སྦྱོང་མནར་གཅོད་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་བཅས། ཚེ་རབས་ཀུན་ཏུ་འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་བའི་སྨོན་འདུན་དང་། ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་(དགེ་འདུན་ཆོས་ཀྱི་ཉི་མ་)མཆོག་དང་ཁོང་གི་ཡབ་ཡུམ། བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་བཅས་གར་ཡོད་ཆ་མེད་དུ་གྱུར་པའི་འདས་སོན་གྱི་གནས་སྟངས་རྒྱ་གཞུང་གིས་གསལ་པོ་བཟོ་དགོས་པ་དང་། དེ་བཞིན་རྒྱ་གཞུང་གི་བཙན་འོག་ཏུ་ཆབ་སྲིད་ཀྱི་ཉེས་མིང་ཐོག་བཙོན་ཁང་ནང་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ་མ་ཟད། ཁོང་རྣམས་ཀྱི་ཚེ་སྲོག་ལ་འགན་ཁུར་ཐོག་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས་པ་དང་། རྒྱ་གཞུང་གིས་བར་ལམ་ནས་སྤེལ་བའི་(ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཁྱབ་སྤེལ་དང་སྲ་བརྟན་གཏོང་རྒྱུ་)ཟེར་བའི་འཆར་གཞིའི་ལག་བསྟར་འོག་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག་སོགས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཟེར་བ་རྣམས་རྒྱ་རིགས་ཀྱི་ངོ་བོར་འཐིམ་འཇུག་རྒྱུའི་མི་སེར་སྤེལ་བའི་སྲིད་བྱུས་རིགས་མཚམས་འཇོག་དགོས་རྒྱུ། དེ་བཞིན་རྒྱ་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག་རྩ་མེད་བཟོ་རྒྱུའི་ངན་ཇུས་འོག་བོད་ཕྲུག་རྣམས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་བཀག་བསྡོམས་ཀྱིས་བོད་སའི་སྒེར་བཙུགས་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པ་མ་ཟད། བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭ་ཟེར་བར་བཙན་བཅུགས་ཀྱིས་རྒྱ་སྒྱུར་སྲིད་ཇུས་རྣམས་ངེས་པར་དུ་མཚམས་འཇོག་དགོས་རྒྱུ་བཅས་ཡིན། 

དེ་བཞིན་བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་བའི་རྒྱ་སྒྱུར་གྱི་སྲིད་ཇུས་(བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས།) ཟེར་བ་དང་། རིགས་རྫས་བསྡུ་ལེན་གཙོ་བོར་གྱུར་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ཁག་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་སྤྲད་དགོས་པ་དང་། བོད་རྒྱ་གཉིས་ནི་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་སོ་སོར་གྲུབ་ཅིང་། བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་དང་། ད་ཆའི་གནས་སྟངས་ལ་གཞིགས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་ཞི་བའི་གྲོས་མོལ་ཐོག་དཀའ་རྙོག་སེལ་ཐབས་མཛད་པ་བཞིན། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་དེ་བཞིན་འབད་བརྩོན་ཞུས་དང་ཞུ་མུས་ལྟར། རྒྱ་གཞུང་ནས་གུ་དོག་པོའི་བྱ་སྤྱོད་ཀྱིས་གཡས་ཁག་གཡོན་དཀྲིས་མེད་པར་བོད་རྒྱ་གྲོས་མོལ་དགོས་པར་ནན་བརྗོད་བྱ་རྒྱུ། རྒྱ་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་གནོན་ཧམ་བཟུང་བྱས་པ་ནས་བཟུང་བོད་ནང་ཛ་དྲག་གི་གནས་སྟངས་མཚམས་ཆད་མྱོང་མེད་ལ། རྒྱ་གཞུང་གི་བཙན་གནོན་འོག་གཞིས་ལུས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའ་བའི་མནར་གཅོད་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བཅས། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱི་ངོས་ནས་ནུས་པ་མཉམ་སྤུངས་ཐོག་བོད་དོན་དྲིལ་བསྒྲགས་ཞུ་བསྐུལ་གྱི་ལས་འགུལ་སོགས་བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་ཐོག་ཆིག་བསྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་བཅས་ཡིན་འདུག 

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན། 

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ། 

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese