མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྐྱིད་ཁག་བདུན་ནས་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས་ཏེ་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།

གསར་འགོད་པས་སྤྱི་འཐུས་སྒེར་པ་ཞིག་གི་གནད་དོན་དང་འབྲེལ་བའི་ཐོག་ནས་ད་ལན་གྲོས་ཚོགས་ཀྱི་ལས་རིམ་རྣམས་འགྲོ་མ་ཐུབ་པ་དེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་ལ་དོ་ཕོག་ཅི་ཙམ་འགྲོ་ཡི་ཡོད་མེད་དྲིས་པར་ཁོང་མོས། ལས་དོན་ལ་དོ་ཕོག་དེ་ཉིན་གསུམ་ནས་ད་ལྟ་བར་དུ་ལྷན་ཁང་གཅིག་མ་གཏོགས་འགྲོ་མ་ཐུབ་པ་དེ་འགོག་རྐྱེན་འདྲ་བོ་ཞིག་རེད། འོན་ཀྱང་། རང་ས་ལ་མི་བཞག མི་ས་ལ་རང་བཞག་ནས་ལབ་སྟེ། སོ་སོའི་སྒང་ལ་དེ་འདྲའི་གནས་ཚུལ་ཞིག་བྱུང་བ་ཡིན་ན། ག་རེ་ཡོང་གི་རེད། དེ་ཡང་ང་ཚོས་བསམ་བློ་གཏང་དགོས་རྒྱུ་ཞིག་རེད། ཅེས་གསུངས་སོང་།

ད་ལན་གྱི་གནད་དོན་དེའི་ཐད་བདེ་སྲུང་བཀའ་བློན་མཆོག་དང་བཀའ་མོལ་གནང་ཡོད་མེད་དྲིས་པར་ཁོང་མོས། ཁྱོན་ནས་བྱུང་ཡོད་མ་རེད། ང་ཚོ་ཚོགས་གཙོ་སྦྲེལ་པོས་བདེ་སྲུང་ལ་གནད་དོན་འདིའི་ཐོག་ལ་གསལ་ཆ་བྱུང་བ་དང་། ང་ཚོར་ཉིན་མཚན་སྔ་ཕྱི་ག་དུས་ཡིན་རུང་འབྲེལ་བ་གནང་རོགས་གནང་། ང་ཚོས་གྲོས་ཚོགས་ཀྱི་ལས་དོན་བྱ་རྒྱུའི་ཐོག་ལ་གྲ་སྒྲིག་ཞུ་དགོས་ཀྱི་ཡོད་ཟེར་ནས་ཞུས་ཡོད་རེད། ངེད་གཉིས་ཕོ་རོག་ནང་བཞིན་སྒུག་བསྡད་ཡོད་རེད། གནས་ཚུལ་བཟང་ཕྱོགས་ཀྱི་རྣམ་པ་དང་། ཡང་གནས་ཚུལ་ག་རེ་ཡོད་རུང་བསླེབས་རྒྱུའི་ཐོག་ལ་སྒུག་བསྡད་ཡོད་རེད། དེ་མིན་ད་ལྟ་ངས་ཞུས་སོང་ང་། ཁྱེད་རང་ཚོ་ཕེབས་དུས་བཅར་འདྲི་དང་ལེན་མི་བྱེད་པ་དེ་གསར་པ་གང་ཡང་ཞུ་རྒྱུ་མེད་པས་རེད། ཞུ་རྒྱུ་མེད་དུས་ཡང་ཡང་དེ་ག་རང་བསྐྱར་ཟློས་བྱས་ནས་ཕན་ཐོགས་མེད་པ་ཞིག་རེད། དེར་བརྟེན་ད་ལྟ་ངས་སྐད་ཆ་བཤད་པའི་བར་དུ་གནས་ཚུལ་ཁྱོན་ནས་མེད། འོན་ཀྱང་། ང་ཚོས་འདྲི་བརྩད་གནང་གི་ཡོད་རེད། ག་པར་བསླེབས་སོང་ཟེར་གྱི་ཡོད་རེད། ས་གནས་ནས་སིམ་ལ་དང་། སིམ་ལ་ནས་དབུས་བར་རྒྱལ་ཁབ་ཅིག་གི་བདེ་འཇགས་དང་འབྲེལ་བ་ཡོད་དུས། བརྒྱུད་ལམ་མང་པོ་ཞིག་ལ་འགྲོ་དགོས་ཀྱི་ཡོད་རེད། དེར་བརྟེན་བཀའ་འདྲི་ཞུ་ཡི་ཡོད་རེད། འོན་ཀྱང་གསལ་ཆ་གང་ཡང་མེད་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

གྲོས་ཚོགས་ཀྱི་ལས་ཡུན་ཉིན་གཉིས་མ་གཏོགས་ལྷག་མེད་དུས་དེའི་རིང་འཚོག་ཐུབ་རྒྱུའི་རེ་བ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་མོས། རེ་བ་ག་དུས་ཡིན་རུང་བརྒྱག་དགོས་རེད། ཚོགས་གཙོ་གཞོན་གཉིས་ཀྱིས་ཆུ་ཚོད་ ༩ པ་ནས་ ༥ པ་བར་དུ་ལས་ཁུངས་ནང་དུ་འཛུལ་ནས་རེ་བ་བརྒྱབ་ནས་ཅིག་བྱེད་བཞིན་ཡོད་པ་རེད། འོན་ཀྱང་། རེ་བ་ག་དུས་འགྲུབ་ཀྱི་ཡོད་མེད་དང་གཟིགས་པ་ལྔ་ལྡན་གྱི་ནང་ནས་དུས་ཚོད་འདི་ག་དུས་འཁེལ་གྱི་ཡོད་མེད་དེ་ངེད་གཉིས་ཀྱིས་ཞུ་ཚོད་ཐིག་གི་ཡོད་པ་མ་རེད། རེ་བ་ཏན་ཏན་བརྒྱག་དགོས་རེད། རྒྱུ་མཚན་ནི་ད་ལྟ་བར་དུ་དམངས་གཙོ་དབུ་བརྙེས་ནས་ལོ་ ༦༤ ཕྱིན་ཡོད་རེད། འདིའི་ནང་ལ་གྲོས་ཚོགས་མཇུག་བསྡུ་མི་ཐུབ་པའི་གནས་བབ་དེ་འདྲ་ཁྱོན་ནས་བྱུང་ཡོད་མ་རེད། དེར་བརྟེན་གང་ཟག་སྒེར་གཅིག་གི་ཐོག་ལ་གནས་ཚུལ་བྱུང་དུས། ང་ཚོས་གྲོས་ཚོགས་འཚོགས་མི་ཐུབ་པ་དེ་སྟབས་མ་ལེགས་པ་ཞིག་རེད། འོན་ཀྱང་། མཇུག་བསྡུ་ཐུབ་པ་ཞིག་གནང་དགོས་པ་དེའང་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་ལས་འགན་རེད་བསམ་ནས། ད་ལྟ་བར་དུ་ཆུ་ཚོད་ ༩ པ་ནས་ ༥ པ་བར་དུ་སྡོད་པ་གནས་སྟངས་དེ་ག་རང་རེད། ཅེས་གསུངས་བྱུང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཞི་རིམ་མི་མང་གི་ལས་འགུལ་བར་གསུང་བཤད་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།

ད་ལན་གྲོས་ཚོགས་འཚོགས་མ་ཐུབ་པའི་འཐུས་ཤོར་ག་རེ་ཕྱིན་ཡོད་མེད་སྐོར་ལ་ཁོང་མོས། གྲོས་ཚོགས་འཚོགས་མི་ཐུབ་པ་དེ་མིའི་རྣམ་དཔྱོད་དང་རིག་པ་བཀྲ་རུ་བཀྲ་རུ་འགྲོ་དུས། ད་ལྟ་བར་དུ་ང་ཚོ་དེ་འདྲ་ཡོང་མྱོང་ཡོད་མ་རེད། དེར་བརྟེན་ཁྲིམས་སྒྲིག་ནང་ལ་དེ་འདྲ་བྱུང་བའི་གནས་སྐབས་ལ་བྱེད་སྟངས་བྱེད་ལུགས་དེ་འདྲ་གང་ཡང་གསལ་གྱི་ཡོད་མ་རེད། ང་ཚོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་ལོགས་ལ་གཟིགས་རྒྱུ་མང་པོ་ལ་དཔེ་ལེན་ས་ཡོད་རེད། ཡག་ས་ལ་དཔེ་ལེན་གྱི་རེད་དམ། ཡང་ན་སྡུག་ས་ལ་དཔེ་ལེན་གྱི་རེད། འདི་ང་ཚོས་བལྟ་རྒྱུ་ཞིག་རེད། དེ་འདྲ་ཞིག་བྱུང་བ་ཡིན་ན། མ་འོངས་པར་ལྡོག་ཕྱོགས་ནས་ང་ཚོའི་གནས་སྟངས་དེ་འདྲ་ཆགས་པ་ཡིན་ན། གྲོས་ཚོགས་ག་ཚོད་ང་ཚོས་སྟོང་པ་བཞག་ཆོག་གི་རེད། དེ་དག་ཁྲིམས་སྒྲིག་གི་ཐོག་ནས་དགོངས་པ་བཞེས་རྒྱུའི་དུས་ཚོད་བསླེབས་ཡོད་རེད་བསམ་གྱི་འདུག གྲོས་ཚོགས་ནས་ཕྱི་ལ་ཐོན་རྒྱུ་དེ་ཐེངས་དང་པོ་མ་རེད། ཐེངས་གང་འཚམ་བྱུང་ཡོད་རེད། ང་ཚོ་བོད་མི་མང་ཁྲིམས་བཟོ་ལྷན་ཚོགས་ཡིན་ཟེར་གྱི་ཡོད་རེད། ང་རང་ཚོའི་བྱེད་ལུགས་བྱེད་སྟངས་ཐད་བཀུར་འོས་སྤྱི་འཐུས་ཚོ་ལ་ཐོབ་ཐང་ཡོད་རེད་དེ། ཐོབ་ཐང་མཉམ་དུ་འགན་འཁུར་དེ་ཡང་སྤྲད་དགོས་རྒྱུའི་དུས་ཚོད་ཅིག་བསླེབས་ཀྱི་རེད་བསམ་གྱི་འདུག ཅེས་གསུངས་སོང་།

གནས་ཚུལ་གཙང་སེལ་མ་ཆགས་ན་མ་འོངས་པར་མུ་མཐུད་དཀའ་ངལ་འདི་འདྲ་ཡོང་གི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་མོས། འདི་ངས་ཞུ་སྟངས་ཤེས་ཀྱི་མ་རེད། རྒྱུ་མཚན་ནི་ཡོང་ཁུངས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་དུས། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཤིག་གིས་བཀའ་གཏོང་ས་ཁྱོན་ནས་ཡོད་མ་རེད། དེར་བརྟེན་གནས་བབ་ག་པར་བསླེབས་ཀྱི་ཡོད་མེད་ངས་ཞུ་ཚོད་ཁྱོན་ནས་ཐིག་གི་མེད། ངས་བཤད་ཤེས་ས་མ་རེད། ཅེས་གསུངས།

དེ་རིང་དབུས་གཙང་དང་མདོ་སྟོད། མདོ་སྨད་བཅས་ཀྱི་རྒྱུན་ལས་གསུམ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཚོགས་པ་བཅས་གཞི་རིམ་མི་མང་ལས་འགུལ་ཚོགས་པའི་ལས་འགུལ་སྤེལ་ཡུལ་དུ་བསླེབས་ཏེ། ཞུ་འབོད་ལས་འགུལ་མཚམས་འཇོག་གནང་གལ་ཆེ་བའི་སྐོར་གཏམ་བཤད་གནང་ཡོད་པ་མ་ཟད། ཐུན་མོང་ཐོག་འབོད་སྐུལ་ཞིག་གནང་བའི་ནང་། གཞི་རིམ་མི་མང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ནས་གཙོ་བོ་བོད་ཀྱི་རྩ་དོན་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་ལྗིད་སྙོམ་སྟངས་འཛིན་དང་སྲ་བརྟན་ཡོང་སླད། ས་ཕྱོགས་གང་ས་ནས་བཞུགས་སྒར་དུ་ཕེབས་ཏེ་ཞུ་འབོད་ལས་འགུལ་སྤེལ་མུས་ཡིན་རུང་། ད་ལྟའི་ཆར་མི་མང་གི་མངོན་འདོད་བཅའ་ཁྲིམས་བསྐྱར་བཅོས་དེ་བཞིན་ཡོང་ཐབས་མེད་པ་ཁ་གསལ་དུ་འགྱུར་བཞིན་འདུག་པ་ལགས་ན། རྣམ་པ་ལྷན་རྒྱས་ནས་དེ་དོན་གཤམ་གསལ་དོན་ཚན་ཁག་ལ་བསམ་གཞིག་དང་ཐུགས་དགོངས་ཆེ་བཞེས་ཀྱིས་ལས་འགུལ་དེ་བཞིན་འཇོག་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། ༡༽ སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་དང་གཞི་རིམ་མི་མང་གི་སྐུ་ཚབ་བར་མཇལ་འཕྲད་སྐབས་བཀའ་མོལ་གང་བྱུང་བའི་གནད་དོན་དང་། ༢༽ མང་གཙོའི་དུས་ཆེན་ཐེངས་ ༦༣ སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་གཏམ་བཤད་ནང་གསལ་ལྟར། ༣༽ སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་སྐབས་ཚོགས་གཙོའི་དབུ་འབྱེད་གསུང་བཤད་ནང་གསལ། ༤༽ ལྷག་པར་དུ་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་བབ་སོགས་ཕྱོགས་ཡོངས་ནས་ལྟ་སྐབས་དོན་འབྲས་སུ་ཡོང་བཟོ་མེད་པར་སོང་། གོང་གི་རྒྱུ་མཚན་ཁག་ལ་བརྟེན་ནས་འབོད་སྐུལ་གསོལ་འདེབས་ཞུ་བཞིན་ཡོད། ཅེས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦
Mobile App

དབུ་དགེ་དམ་པའི་དམིགས་ཡུལ་ནང་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱས་པའི་དོན་དག་འགྲུབ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།

༢༠༢༣/༡༠/༢༦
Deputy Speaker Dolma Tsering Teykhang Attends IPAC Prague Summit 2023
Mobile App

སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་སུ་བོད་དོན་གསུང་བཤད་གནང་།  

༢༠༢༣/༠༩/༠༨
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
Mobile App

གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་སོང་།

༢༠༢༣/༠༣/༢༥
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས།
Mobile App

ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་ཐོབ་མ་སོང་།

༢༠༢༣/༠༣/༢༣
བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་དྲ་ངོས་ནས་འདྲ་བཤུས་བྱས།
Mobile App

རྩིས་ལོའི་ནང་སྔོན་རྩིས་འཆར་འབུལ་ཧིན་སྒོར་ས་ཡ་ ༣༠༣༤།༠༡ བཀའ་འཁྲོལ་ཞུས་འདུག

༢༠༢༣/༠༣/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese