མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་གིས་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་དང་སྐད་ཡིག ཆོས་ལུགས། ངོ་བོ་སོགས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་ཆོས་སྲིད་གཉིས་ཀྱི་ཐོག་ནས་བསམ་བློར་བསྒྱུར་བཅོས་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

“Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༣ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐེངས་ ༥༤ དེ་ཇེ་ནི་ཝ་རུ་འཚོག་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༢ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཆེད་མཁས་པ་རྣམས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་སྐད་ཡིག ངོ་བོ་སོགས་རྩ་གཏོར་གཏོང་མུས་ཡིན་པ་མ་ཟད། རྒྱ་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་མི་ལས་ཀ་བ་མང་པོ་ཞིག་རྒྱ་ནག་ཏུ་དབོར་འདྲེན་དང་། ལས་རིགས་ལག་རྩལ་སྦྱོང་བརྡར་ཟེར་བའི་ཁོངས་སུ་འཇུག་གི་ཡོད་པ་སོགས་གླེང་སློང་གནང་ཡོད་འདུག

སྐབས་དེར་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་ཀྱིས། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་མི་མང་པོ་ཞིག་ལས་རིགས་ལག་རྩལ་སྦྱོར་བརྡར་ཟེར་བའི་ངོ་བོའི་ཐོག་ནས་གང་སར་མངགས་གཏོང་བྱས་ཏེ། བོད་ཀྱི་ཆོས་ལུགས་དང་། སྐད་ཡིག རིག་གཞུང་། ངོ་བོ་སོགས་ལས་རྒྱང་བཀྱེད་དུ་བཅུག་སྟེ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་བཞིན་པར་སེམས་འཚབ་ཆེན་པོ་ཡོད། ཕྱི་ལོ་ ༢༠༡༥ ཙམ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་བརྒྱ་སྟོང་མང་པོར་རང་རང་གི་ས་གནས་ནས་བཙན་གྱིས་ཁ་བྲལ་དུ་བཅུག་ནས། ལས་ཀ་མང་ལ་གླ་སྐལ་ཤིན་ཏུ་ཉུང་བའི་ལས་རིགས་བྱེད་དུ་འཇུག་གི་ཡོད་ཅིང་། རྒྱ་ནག་གཞུང་ཕྱོགས་ཀྱིས་ལས་རིགས་དེ་དག་གི་ནང་དུ་ལས་ཀ་བྱེད་མཁན་རྣམས་རང་འགུལ་གྱིས་ཡོང་བ་ཡིན་པ་བཤད་ཀྱི་ཡོད་ཀྱང་། དོན་དངོས་སུ་ཁོང་ཚོ་རྒྱ་གཞུང་གིས་བཙན་གྱིས་བདའ་འདེད་བྱས་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད། སྤྱིར་རྒྱ་ནག་གཞུང་གིས་བོད་མི་ལས་བཟོ་བ་རྣམས་ལ་ལས་རིགས་ལག་རྩལ་སྦྱོང་བརྡར་ལྟེ་གནས་ (vocational training centres) ཁག་གིས་མཐུན་འགྱུར་བསྐྲུན་བཞིན་ཡོད་ལུགས་བསྒྲགས་ཡོད་ཀྱང་། ལས་རིགས་སྦྱོར་བརྡར་ལྟེ་གནས་དེ་དག་གིས་བོད་མི་ལས་བཟོ་བའི་ལག་རྩལ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་མེད་པར། བཙན་ཤེད་ཆེ་བའི་ཁོར་ཡུག་ཅིག་ནས་བོད་མི་རྣམས་ལ་ཆོས་སྲིད་ཀྱི་ཐོག་ནས་བསམ་བློ་བཅོས་བསྒྱུར་གཏོང་ཐབས་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཡང་ཆེད་མཁས་པས། རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་མར་ཕྱུར་དང་། བལ་སོགས་རྒྱུན་ལྡན་གྱི་འཚོ་རྟེན་དང་ཁ་བྲལ་དུ་བཅུག་ནས། ལས་རིགས་ལག་རྩལ་སྦྱོར་བརྡར་ཁང་མང་པོར་བསྐྱལ་ཏེ། བོད་པ་རང་གི་འཚོ་གནས་དང་སྤྱི་ཚོགས་སོགས་ནས་ཁ་བྲལ་དུ་བཅུག་གི་ཡོད་པ་མ་ཟད། ལས་བཟོ་བ་དེ་དག་ལ་གླ་ཆ་ཉུང་ཉུང་ལས་སྟེར་གྱི་མེད་པའི་ཁར། བོད་མི་ཚོས་བོད་སྐད་དང་ངོ་བོ་སོགས་བཤད་ཚེ། རྒྱ་ནག་གཞུང་གི་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་འགོག་རྐྱེན་བཟོ་ཡི་ཡོད་ལུགས་སོགས་བཤད་ཀྱི་ཡོད་པའི་ར་སྤྲོད་བྱུང་ཡོད་སྐོར་དང་། བོད་མི་ལས་ཀ་བ་མང་པོ་ཞིག་དབོར་འདྲེན་བྱས་པ་ཁ་གསལ་དང་།  ལས་རིགས་ལག་རྩལ་སྦྱོང་བརྡར་བྱ་སའི་ས་གནས་གསལ་སྟོན། དེ་བཞིན་བོད་མི་ལས་བཟོ་བ་དག་གི་ཐོབ་ཐང་ལ་སྲུང་སྐྱོབ་དང་། སྐད་ཡིག ཆོས་ལུགས། ངོ་བོ་སོགས་ལ་གུས་བརྩི་བྱེད་དགོས་པའི་རེ་སྐུལ་གནང་འདུག

འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡༩ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཀྲོ་མོ་ཡ་ (Tomoya  Obakaata) ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཀར་ཛཱག་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་བཙུགས་ཏེ། གྲངས་ཉུང་མི་རིགས་རྣམས་ལ་བྲན་གཡོག་བཞིན་ངལ་རྩོལ་བཙན་གྱིས་བྱེད་དུ་འཇུག་གི་ཡོད་པའི་ཤོག་ངོས་ ༢༠ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་ཀྱི་རོང་འབྲོག་མང་ཚོགས་རྣམས་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་སྟེ། ལག་རྩལ་སོགས་ཞན་པའི་རོང་འབྲོག་མང་ཚོགས་ལ་གླ་ཆ་ཉུང་ཉུང་རེ་སྤྲད་དེ། ངལ་རྩོལ་ཁང་དུ་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་པོ་བྱས་ཏེ་བྲན་གཡོག་བཞིན་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་མ་ཟད། རྒྱ་ནག་གཞུང་གིས་བཙན་གྱིས་གྲངས་ཉུང་མི་རིགས་རྣམས་དང་། ཐ་ན་བྱིས་པ་ཚོ་ལའང་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་མ་ཟད། བྱིས་པ་དང་ན་གཞོན་ཚོ་བཙན་གྱིས་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་འོག་ནས་གཉེན་སྒྲིག་བྱེད་དུ་འཇུག་པ་མ་ཟད།  ངལ་རྩོལ་བ་ཚོར་བརྙན་མིག་སོགས་ནས་ལྟ་ཞིབ་ནན་པོ་དང་། དྲ་ལམ་བཀོལ་སྤྱོད་བྱེད་པར་དམ་དྲག བཙན་གཡེམ་རྩུབ་སྤྱོད་སོགས་ཚུད་པའི་མི་ཆོས་ལས་འདས་པའི་བཙན་གནོན་དང་།  ལྷག་པར་དུ་ཡུ་གུར་གྱི་ངལ་རྩོལ་བ་རྣམས་ལ་ཚད་ལས་འདས་པའི་བཙན་གནོན་བྱས་ཏེ། ཉེས་མེད་འཛིན་བཟུང་བྱས་ཏེ་ངལ་རྩོལ་དུ་བཀོལ་བ་དང་མི་ཚོང་རྒྱག་པ་སོགས་ཡོང་གི་ཡོད་སྐོར་གསལ་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Uyghur protesters and supporters rally in front of the UN Headquarters in Geneva during the Universal Periodic Review of China's human rights record, Nov. 6, 2018.
Mobile App

འཛམ་གླིང་རྒྱལ་ཁབ་ ༥༡ གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས།

༢༠༢༣/༡༠/༢༡
UN Human Right
Mobile App

བོད་མི་སྟོང་ཕྲག་མང་པོར་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་པའི་བློ་འཚབ་བསྟན།

༢༠༢༣/༠༤/༢༨
Mumbai, one of India's biggest cities, grew by about eight million people in the past 30 years -- equivalent to the entirety of New York City's population - Copyright AFP Punit PARANJPE
Mobile App

རྒྱ་གར་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་གྱུར་འདུག

༢༠༢༣/༠༤/༢༠
 Room XX of the UN Human Rights Council
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༢ སྟེང་བོད་དོན་གླེང་སློང་གནང་།

༢༠༢༣/༠༣/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese